མཚོ་ལྷོ་ཁུལ་གྱི་ལས་གཞི་དངུལ་གཏོང་མཚམས་སྦྱོར་བཞུགས་མོལ་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།
ཚོགས་འདུའི་ཡུལ་དངོས།
ཟླ1པོའི་ཚེས10ཉིན། མཚོ་ལྷོ་ཁུལ་གྱི2012ལོའི་ལས་གཞི་དངུལ་གཏོང་བཞུགས་མོལ་གྲོས་ཚོགས་དེ་མཚོ་སྔོན་ཞིང་ཆེན་ཧྲིན་ལེ་མགྲོན་ཁང་དུ་བསྡུས་ཤིང་། ཚོང་གཉེར་པུའི་དངུལ་གཏོང་ཡར་སྐུལ་ཅུའི་འགོ་གཙོའམ་ཡ་ཞི་མཉམ་འབྲེལ་ཐེབས་རྩ་ཚོགས་པའི་འགོ་གཙོ་ཀོའོ་ཆིན་ལགས་ཀྱིས་སྣེ་ཁྲིད་དེ། ཀྲུང་ཞིན་རྒྱལ་ཁབ་འཕྲིན་གཏོང་དངུལ་གཏོང་དོ་དམ་ཚད་ཡོད་ཀུན་ཟི་སོགས་ཞིང་ཆེན་ཕྱི་ནང་གི་ཁེ་ལས་ཆེན་པོའི་སྤྱི་ཁྱབ་འགན་འཛིན་པ་དང་ལས་འཛིན་པ་རྣམས་ཐེངས་འདིའི་བཞུགས་མོལ་གྲོས་ཚོགས་ལ་ཞུགས་ཡོད་པ་དང་། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝིན་ཁོས་ཀྱིས་མཚོ་ལྷོའི་འབྲེལ་ཡོད་སྡེ་ཁག་གི་འགན་འཛིན་པའི་སྣེ་ཁྲིད་ནས་ཚོགས་འདུར་ཞུགས་ལ། མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཙོ་ཡུ་ལིན་གྱིས་ཚོགས་འདུར་མདོ་འཛིན་མཛད་པ་རེད།
ཚོང་གཉེར་པུའུ་དངུལ་གཏོང་ཡར་སྐུལ་ཅུའི་འགོ་གཙོའམ་ཡ་ཞི་མཉམ་འབྲེལ་ཐེབས་རྩ་
ཚོགས་པའི་འགོ་གཙོ་ཀོའོ་ཆིན་ལགས་ཀྱིས་མཉམ་འབྲེལ་གཏམ་བཤད་སྤེལ་པ།
མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཉིན་ཁི་ཕིན་གྱིས་མཐུན་རྐྱེན་ལེགས་པོའི་གནས་བབ་དང་སྐྱེ་ཁམས་གནས་བབ། ཁྱད་ལྡན་ཐོན་ཁུངས། འཐབ་ཇུས་གནས་བབ་སོགས་མཚོ་ལྷོའི་དངོས་ཡོད་ལ་གཞིག་སྟེ་མ་དངུལ་གཏོང་བའི་ཁོར་ཡུག་གི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཀོའོ་ཆིན་གྱིས་བཞུགས་མོལ་སྐབས་སུ་གསུང་རྒྱུར། ལས་གཞི་འདི་དག་མཚོ་ལྷོར་རྐང་འཛུགས་རྒྱུ་ནི་དངོས་གནས་གལ་འགངས་ཆེ་ཞིང་། འཆར་ཇུས་གྲོས་མཐུན་ཡི་གེ་བཀོད་རྗེས་སྔར་ལས་ལྷག་པར་ཕན་ཚུན་འབྲེལ་འདྲིས་དང་རྒྱུས་ལོན་བྱེད་དགོས་པ་དང་། མཚོ་སྔོན་གྱི་ས་ཁོངས་ཆེ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་ལ་སྔ་ནས་བཟུང་རང་ཉིད་ནུབ་རྒྱུད་ས་ཁུལ་ལ་བརྩེ་སེམས་ཆེན་པོ་ལྡན་ལ། ལྷན་གྱིས་ས་ཁུལ་དཔལ་འབྱོར་ཡར་སྐུལ་དང་ཕྱི་རྒྱལ་ཚོང་རར་འགྲེམ་སྤེལ་བྱས་ནས་ཁྱད་སྙན་མཚན་བྱང་སྐྲུན་དགོས་ཤིང་། ནུས་སྟོབས་ཅུང་ཆེ་བའི་ཁེ་ལས་འདི་རིགས་ཀྱིས་རྗེས་མའི་ལོ་ལྔའི་འཆར་འགོད་ནང་མཚོ་སྔོན་ལ་མཛད་རྗེས་འཇོག་ངེས་པ་རེད་ཟེར།
མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་ཀྲང་ཝིན་ཁོས་ཀྱིས་གཏམ་བཤད་གལ་ཆེན་གནང་བཞིན་པ།
གཏིང་ཟབ་པའི་འབྲེལ་འདྲིས་གྲོས་མོལ་བརྒྱུད་དེ། བདེ་ཐང་དང་ཐོན་ཁུངས་གསར་བ། ཡུལ་སྐོར་བཅས་སྒྲིག་གཞིའི་དངུལ་གཏོང་ཁྱབ་ཁོངས་གཏན་འཁེལ་བྱས་པ་དང་གྲོས་མཐུན་ཡི་གེ་བཀོད་པ་རེད།
ཚོགས་འདུ་མཇུག་རྫོགས་ལ་ཉེ་དུས། མཚོ་ལྷོའི་ཁུལ་དཔོན་ཀྲང་ཝིན་ཁོས་ཀྱིས་གཏམ་བཤད་གལ་ཆེན་གནང་བ་སྟེ། གཅིག ད་ལྟ་རྒྱལ་སྤྱི་དང་རྒྱལ་ནང་གནས་བབ་ལ་གཞིག་ན། འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ལས་གཙང་གསུམ་འབྱུང་ཡུལ་གྱི་མགྱོགས་མྱུར་འཕེལ་རྒྱས་ལ་གོ་སྐབས་སྩལ་ཞིང་། ང་ཚོས་གོ་སྐབས་འདི་དམ་འཛིན་སྒོས་དོན་ཆེན་སྒྲུབ་འོས་པ་དང་། དེང་རབས་ལག་རྩལ་དང་དེང་རབས་ཁེ་ལས་པའི་རྒྱབ་སྐྱོར་ལ་བརྟེན་ནས་ཕྱི་རུ་སྐྱོད་དགོས། འདི་ལྟར་བྱས་ཚེ་ད་གཟོད་དོན་དངོས་ཐོག་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད་ཐུབ། གཉིས། ཕན་ཚུན་མཉམ་རྒྱལ་དང་། མཉམ་དུ་འཕེལ་རྒྱས་བྱེད་ཅིང་དེ་ལས་ཀྱང་མཚོ་ལྷོ་འཕེལ་རྒྱས་བྱེད་དགོས་ཏེ། བོད་ཁུལ་གྱི་འཕེལ་རྒྱས་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་གཞི་རྩའི་གྲས་ཤིག་ཡིན་པས་རེད། ཀྲུང་ཞིན་སོགས་ཁེ་ལས་ཆེན་པོ་འདི་རིགས་ཀྱིས་མཚོ་ལྷོ་འཕེལ་རྒྱས་ལ་སྐུལ་འདེད་དང་མཚན་སྙན་རྒྱས་སུ་འཇུག་ཐུབ་པར་ཡིད་ཆེས་ཆེན་པོ་ཡོད་པ་དང་མཉམ་འབྲེལ་གྲོས་མཐུན་བདེ་བླག་ཡོང་བའི་སྨོན་འདུན་ཞུས་པ་རེད།