རྨ་ཆུ་ས་ཁུལ་གྱི་འབྲོག་པའི་གཏན་སྡོད་གཞིས་གསར་།
རྨ་ཆུ་ས་ཁུལ་གྱི་འབྲོག་པའི་གཞིས་གསར།
འབྲོག་པ་གཏན་སྡོད་ལས་གཞི་ནི་སྲོལ་རྒྱུན་ཕྱུགས་ལས་ནས་དེང་རབས་ཕྱུགས་ལས་སུ་འཕོ་བསྒྱུར་བྱེད་པའི་ཐབས་ལམ་ཞིག་དང་། འབྲོག་དམངས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་ཐབས་ལམ་ཞིག་ཀྱང་ཡིན་པ་རེད།
རྨ་ཆུ་ས་ཁུལ་གྱི་འབྲོག་པའི་གཞིས་གསར།
ཉེ་བའི་ལོ་འགའི་རིང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་འོག དམངས་འཚོའི་ལས་གཞི་འདི་ཐོད་བརྒལ་རང་བཞིན་གྱིས་འཕེལ་རྒྱས་བྱུང་ཞིང་། རྨ་ཆུ་ས་ཁུལ་ལ་མཚོན་ནའང་འབྲོག་ཁྱིམ་སྟོང་བདུན་ལྷག་ལས་མང་ཆེ་བ་གཏན་སྡོད་དང་ཁ་ཤས་ཤིག་ད་དུང་གཏན་སྡོད་བྱས་མེད་པ་རེད། འབྲོག་དམངས་འགའ་ཤས་ཤིག་གིས་རྫོང་དང་གྲོང་རྡལ་སོགས་སུ་སོ་ཕག་གི་སྡོད་ཁང་ལས་ཡོད་པ་རེད།
རྨ་ཆུ་ས་ཁུལ་གྱི་འབྲོག་པའི་གཞིས་གསར།
འདི་ནི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཞིག་ཏུ་ངེས་ཤིང་། འབྲོག་པའི་འཚོ་བ་ཇེ་ལེགས་སུ་གཏོང་བར་དགེ་མཚན་ཆེན་པོ་ལྡན་གྱི་ཡོད། ཏག་ཏག་གཏན་སྡོད་བྱས་ཚེ་ད་གཟོད་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་དང་། ཆུ་དང་གློག དེ་མིན་སློབ་གསོ་དང་འཕྲོད་བསྟེན་སོགས་ཀྱི་ལས་དོན་འཕེལ་ཐུབ་པ་དང་། འབྲོག་དམངས་རྣམས་ཐོན་ལས་གཉིས་པ་དང་གསུམ་པར་འཕོ་བསྒྱུར་བྱེད་པའི་ཐད་ལའང་ཕན་ཁེ་ཆེན་པོ་ལྡན།
རྨ་ཆུ་ས་ཁུལ་གྱི་འབྲོག་པའི་གཞིས་གསར།
རྨ་ཆུ་ས་ཁུལ་གྱི་འབྲོག་པའི་གཞིས་གསར།
འོན་ཏེ་མཚོ་བོད་མཐོ་སྒང་གི་ཐུན་མིན་གྱི་རང་བྱུང་ཁོར་ཡུག་གིས་དབང་གིས་འབྲོག་དམངས་ཐམས་ཅད་ད་དུང་གཏན་སྡོད་བྱེད་ཐུབ་ཀྱི་མེད་ཅིང་འབྲོག་དམངས་སྐོར་ཞིག་ད་དུང་འདུས་སྡོད་དང་ཕྱུགས་རིགས་ཁ་ཐོར་སྒོས་འཚོ་སྐྱོང་བྱེད་པའི་ཐབས་ཤེས་ཟུང་འབྲེལ་སྤྱོད་ཀྱི་ཡོད། འདི་ནི་དོན་དངོས་དང་ས་གནས་ལ་སྐབས་བསྟུན་བྱས་པ་ཞིག་ཡིན་ལ། མིས་བཟོས་རྩྭ་ས་དང་ཕྱུགས་ཆས་ལས་རིགས་དེ་འཕེལ་རྒྱས་ཀྱི་ཆུ་ཚད་ངེས་ཅན་ཞིག་ལ་ཐོན་རྗེས་ད་གཟོད་འབྲོག་དམངས་ཡོངས་སུ་གཏན་སྡོད་བྱེད་ཐུབ་པར་ངེས།
རྨ་ཆུ་ས་ཁུལ་གྱི་འབྲོག་པའི་གཞིས་གསར།
ཡིན་ཡང་འདི་ལྟ་བུའི་སྡོད་ཁང་ལ་འབྲོག་དམངས་ཡོངས་ཀྱིས་དགའ་བསུ་ཞུ་མིན་ཐད་ལ་ད་དུང་དཔྱོད་དགོས་ཤིང་། འབྲོག་པའི་གཏན་སྡོད་ཁང་བའི་ར་བ་ཆེ་ཆུང་དང་ཕྱུགས་རིགས་དྲོད་ཁང་སོགས་སྐབས་བབ་ཀྱི་ཆ་རྐྱེན་དང་མཐུན་པའི་དགོས་མཁོ་དག་སྐོང་འོས་པ་ཞིག་ཏུ་སྣང་ལ། དེ་མིན་མི་ཕྱུགས་གཉིས་ཁོར་ཡུག་དབྱེ་སྡོད་བྱས་ན་འཕྲོད་བསྟེན་དང་གཙང་སྦྲ་སོགས་ལེགས་བཅོས་བྱེད་པར་ཕན་པ་རེད།