རྡོ་གཡའ་མ་བརྐོས་ནས་ཕྱུག་འགྱུར་གྱི་ལམ་དུ་འདོང་བ།
བྲག་འུག་སྡེ་བའི་མང་ཚོགས་ཀྱིས་རྡོ་གཡའ་མའི་ཐོན་ཁུངས་རྐོ་འདོན་བྱེད་བཞིན་པ།
བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་ལྷ་རྩེ་རྫོང་བྲག་འུག་ཡུལ་ཚོའི་བྲག་འུག་སྡེ་བར་རྡོ་གཡའ་མའི་ཐོན་ཁུངས་འདོན་སྤེལ་བྱེད་པའི་ལོ་རྒྱུས་རིང་མོ་ལྡན་ཞིང་། ཡུལ་དེའི་བོད་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྡོད་ཁང་གི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། རྡོ་གཡའ་མའི་སྤྱོད་ཁོངས་ཀྱང་རྒྱ་ཇེ་ཆེར་སོང་བ་སྟེ། མང་ཚོགས་ཀྱི་སྡོད་ཁང་བཟོ་བའི་ཐད་ལ་སྤྱོད་པར་མ་ཟད། ཁྱིམ་ཆས་སྣ་ཚོགས་ཀྱི་རྒྱན་སྤྲས་དང་གནས་སྐོར་གྱི་ཐོན་རྫས་སུ་སྤྱོད་བཞིན་ཡོད། 2006ལོར་བྲག་འུག་སྡེ་བས་རྡ་གཡའ་མ་རྐོ་བའི་སྡེ་དམངས་དཔལ་འབྱོར་མཉམ་ལས་ཁང་བཙུགས་པ་ནས་བཟུང་། སྡེ་དམངས151ལྷག་ཚོ་ཆུང་བརྒྱད་དུ་བགར་ཏེ་མཉམ་ལས་ཁང་གིས་གཅིག་གྱུར་གྱིས་རྐོ་འདོན་དང་སྐྱེལ་འདྲེན་བྱེད་པ་ཡིན་ཞིང་ལོ་རེ་བཞིན་དཔལ་འབྱོར་ཁེ་སྤོགས་ཀྱང་ཇེ་མང་དུ་འཕར་བ་རེད། དེང་སྐབས་རྡོ་གཡའ་མ་རྐོ་འདོན་བྱེད་པ་དེ་ཡུལ་དེ་གའི་རོང་འབྲོག་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་འདོང་བའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད།
བྲག་འུག་སྡེ་བའི་མང་ཚོགས་ཀྱིས་རྡོ་གཡའ་མའི་ཐོན་ཁུངས་རྐོ་འདོན་བྱེད་བཞིན་པ།
རྡོ་གཡའ་མ་ལས་སྣོན་བྱེད་བཞིན་པ།
རྡོ་གཡའ་མ་ལ་དྲོད་འཛིན་ཞིང་ཆུ་སོགས་སིམ་མི་ཐུབ་པ། དེ་མིན་བཀོལ་སྤྱོད་ཀྱི་དུས་ཡུན་རིང་བ་སོགས་ཀྱི་དགེ་མཚན་དོད་པོ་ལྡན་པས། བོད་ལྗོངས་ཀྱི་ས་གནས་ཀུན་ཏུ་སྤྱོད་ཆེ་ལ། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གི་ངོས་དང་། མཐིལ། རྒྱན་སྤྲས་སོགས་སུ་སྤྱོད་པའི་རྒྱུ་ཆ་མེད་དུ་མི་རུང་བ་ཞིག་ཡིན་ནོ། །