གུང་ཧོ་ནས་ཡུལ་ཤུལ་གཞུང་ལམ་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་ཉམས་མྱོང་བརྗེ་རེས་སྐོར་གྱི་ཚོགས་འདུ།
རྩོམ་པ་པོ།:བདེ་སྐྱིད་འཚོ།
ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲ་བ།
དུས་ཚོད།:2011-11-12
ཀློག་གྲངས།:
ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གུང་ཧོ་ནས་ཡུལ་ཤུལ་བར་གྱི་གཞུང་ལམ་འཛུགས་སྐྲུན་བཀོད་འདོམས་པུའུ་ཡིས་སྔོན་ཐོན་བསྐྲུན་པ་དང་ཕུལ་བྱུང་བརྩོན་པའི་ཉམས་མྱོང་བརྗེ་རེས་དང་གཟེངས་བསྟོད་ཚོགས་ཆེན་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཐིན་གྱི་འགོ་གཙོ་ཧུའུ་པེན་དང་། འགྲིམ་འགྲུལ་ཐིན་གྱི་སྐོར་ཞིབ་པ་གཞོན་པ། འགྲིམ་འགྲུལ་ཐིན་གྱི་ཐད་གཏོགས་ལས་ཁུངས་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཁྲིན་ནེ་ཅོན་སོགས་དང་། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་འཐུས་མི་དང་བཀོད་འདོམས་པུའུ་ཡི་སྡེ་ཁག་སོ་སོ། ལས་གཞི་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣ། འཛུགས་སྐྲུན་དུ་ཞུགས་པའི་ལས་ཁུངས་སོ་སོའི་འགོ་ཁྲིད་པ་དང་། འགན་འཁུར་བ་གཙོ་བོ་བཅས་མི150གྲོས་ཚོགས་སུ་ཞུགས་པ་རེད།
གྲོས་ཚོགས་སྟེང་འཛུགས་སྐྲུན་དོ་དམ་བྱ་བ་དང་སྔོན་ཐོན་བསྐྲུན་པ་དང་ཕུལ་བྱུང་བརྩོན་པའི་བྱ་འགུལ་ཁྲོད་དུ་བྱས་རྗེས་འབུར་ཐོན་བཞག་པའི་རྒྱུ་སྤུས་དོ་དམ་དང་། འཕེལ་རིམ་དོ་དམ། ཁོར་ཡུག་སྲུང་སྐྱོབ། བདེ་འཇགས་ཐོན་སྐྱེད། ཚད་གཞི་ཅན་གྱི་ཨར་ལས་བཟོ་སྐྲུན་དང་། ལྟ་ཞིབ་དོ་དམ་ཞབས་ཕྱིའི་ཕུལ་བྱུང་ལས་ཁུངས་བཅས་ལ་གཟེངས་བསྟོད་བྱས།

འབྲེལ་ཡོད་འོས་སྦྱོར།