logo

བོད་ལྗོངས་ཀྱི་ཁེ་ལས་འགར་ཀྲུང་གོའི་ཚོང་རྟགས་གྲགས་ཅན་དང་བོད་ལྗོངས་ཀྱི་ཚོང་རྟགས་གྲགས་ཅན་གྱི་བྱ་དགའ་ཐོབ།

རྩོམ་པ་པོ།:ཚེ་རིང་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས། དུས་ཚོད།:2011-11-06 ཀློག་གྲངས།:


ཀྲུང་གོའི་ཚོང་རྟགས་གྲགས་ཅན་གྱི་མཚན་སྙན་ཐོབ་པའི“ཕོ་བྲང་པོ་ཏ་ལ” དང“མ་སྐྱེས་ཨ་མ”གཉིས་ཀྱི་
འཐུས་ཚབ་པས“ཀྲུང་གོའི་ཚོང་རྟགས་གྲགས་ཅན”གྱི་གཟེངས་བསྟོད་རྟགས་མ་ལེན་བཞིན་པ།

              ཟླ11པའི་ཚེས2ཉིན། བོད་ལྗོངས་ལྷ་ས་ནས་ཚོགས་ཆེན་བསྡུས་ཏེ། ཀྲུང་གོའི་ཚོང་རྟགས་གྲགས་ཅན་དང་བོད་ལྗོངས་ཀྱི་ཚོང་རྟགས་གྲགས་ཅན་ཀྱི་མཚན་སྙན་ཐོབ་པའི་ཁེ་ལས་ཁག་ལ་བྱ་དགའ་ཆེན་པོ་གནང་། རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ད་ལྟའི་བར་དུ་བོད་རང་སྐྱོང་ལྗོངས་སུ་ཐོ་འགོད་བྱས་པའི་ཚོང་རྟགས་སྟོང་གཅིག་དང་དྲུག་བརྒྱ་དང་ལྔའི་ནང་། ཀྲུང་གོའི་ཚོང་རྟགས་གྲགས་ཅན་བརྒྱད་དང་། རང་སྐྱོང་ལྗོངས་ཀྱི་ཚོང་རྟགས་གྲགས་ཅན་ང་གསུམ། ས་གནས་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་ཚོང་རྟགས་བཞི་བཅས་ཡོད།


གཡང་སྨན་བོད་སྤོས་སོགས་ཚོང་རྟགས་བརྒྱད་ལ་བོད་རང་སྐྱོང་ལྗོངས་ཀྱི་ཚོང་རྟགས་གྲགས་ཅན་གྱི་མཚན་སྙན་
ཐོབ་པ་དང་། བྱ་དགའ་ཐོབ་མཁན་གྱི་ལས་ཁུངས་རེ་རེ་ལ་སྒོར་མོ་ཁྲི་གསུམ་གྱི་བྱ་དགའ་ཐོབ།


འབྲེལ་ཡོད་འོས་སྦྱོར།