བོད་ལྗོངས་ཀྱི་སྒེར་གཉེར་དངུལ་ཁང་ཐོག་མས་ལས་གཉེར་བྱེད་འགོ་བརྩམས་པ།
བོད་ལྗོངས་ཀྱི་སྒེར་གཉེར་དངུལ་ཁང་ཐོག་མ་སྟེ་ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་གི་ལྷ་སའི་སྒེར་གཉེར་དངུལ་ཁང་། ཚེས19ཉིན་ལྷ་ས་ནས་དབུ་ཚུགས་པས། བོད་ལྗོངས་སུ་སྒེར་གཉེར་དངུལ་ཁང་མེད་པའི་སྟོང་ཆ་བསྐངས་པ་མ་ཟད། འཛུགས་སྐྲུན་དངུལ་ཁང་གིས་རྒྱལ་ཡོངས་སྒེར་གཉེར་དངུལ་ཁང38ལ་ཡོངས་སུ་ཁེབས་ཐུབ་ཡོད་པ་མཚོན་པ་རེད།
ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་ཁོངས་གཏོགས་ཀྱི་བོད་ལྗོངས་ཡན་ལག་དངུལ་ཁང་གི་གཙོ་འཛིན་ཧན་ཝུན་ཀྲེན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། འཛུགས་སྐྲུན་དངུལ་ཁང་གི་ལྷ་སའི་སྒེར་གཉེར་དངུལ་ཁང་ནི་ཆེད་དུ་མཐོ་རིམ་མི་སྣར་སྤུས་ཚད་མཐོ་བའི་ཞབས་ཞུ་སྒྲུབ་པ་དང་། རིམ་པ་མཐོ་བ་རྣམས་དང་རང་སྒེར་ཅན་གྱི་དགོས་མཁོ་སྐོང་བའི་ཞུབས་ཞུའི་སྡེ་ཁག་ཅིག་རེད།
བཅོས་བསྒྱུར་སྒོ་འབྱེད་བྱས་པའི་རྗེས་དང་། ལྷག་པར་དུ་རྒྱལ་ཁབ་ཀྱིས་ནུབ་ཕྱོགས་སྒོ་འབྱེད་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། བོད་ལྗོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་། དངུལ་རྩའི་ལས་རིགས་ཀྱང་དེ་དང་བསྟུན་ནས་ལོ་རྒྱུས་སྟེང་ཆེས་འཕེལ་རྒྱས་ལེགས་པའི་དུས་རིམ་དུ་སླེབས།
བོད་ལྗོངས་ཀྱི་དངུལ་ཁང་ལྟ་སྐུལ་ཅུས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོའི་ཟླ6པའི་ཟླ་མཇུག་བར་དུ། བོད་ལྗོངས་ཀྱི་དངུལ་རྩ་སྡེ་ཁག་གི་རྒྱལ་ཕྱི་ནང་གི་དངུལ་ལོར་གསོག་ཉར་རྣམ་གྲངས་སོ་སོའི་ལྷག་གྲངས་སྒོར་དུང་ཕྱུར 1434.01ཡིན་པས། ལོ་འདིའི་ལོ་འགོ་དང་བསྡུར་ན་སྒོར་དུང་ཕྱུར4.4འཕར་ཡོད་པ་རེད། དེའི་ཁྲོད་དུ་མི་སྒེར་གྱི་བཅོལ་དངུལ་ལྷག་གྲངས་ཀྱིས་སྒོར་དུང་ཕྱུར271.73 ཟིན་ཡོད་པས། ད་ལོའི་ལོ་འགོ་དང་བསྡུར་ན་སྒོར་དུང་ཕྱུར4.13འཕར་ཡོད། སྐྱི་དངུལ་གཏན་འཇགས་ངང་འཕེལ་བཞིན་ཡོད་པས། ད་ལོའི་ཟླ6པའི་ཟླ་མཇུག་བར་དུ། བོད་ལྗོངས་ཀྱི་དངུལ་རྩ་སྡེ་ཁག་གི་རྒྱལ་ཕྱི་ནང་གི་དངུལ་ལོར་སྐྱི་གཡར་རྣམ་གྲངས་སོ་སོའི་ལྷག་གྲངས་སྒོར་དུང་ཕྱུར335ཡིན་པ་དང་། ལོ་འདིའི་ལོ་འགོ་དང་བསྡུར་ན་སྒོར་དུང་ཕྱུར33.17 འཕར་ཡོད་པ་རེད།
བོད་ལྗོངས་དངུལ་རྩའི་མ་དངུལ་ཐོན་སྐྱེད་ཀྱི་གཞི་རྒྱ་རིམ་བཞིན་ཇེ་ཆེར་འགྱུར་བཞིན་ཡོད་པས། ཁེ་འབབ་ཚད་ཀྱང་ཇེ་རྒྱས་རེད། ད་ལོའི་ཟླ6པའི་ཟླ་མཇུག་བར་དུ། བོད་ལྗོངས་དངུལ་རྩ་སྡེ་ཁག་གི་མ་དངུལ་ཐོན་སྐྱེད་ཀྱིས་བསྡོམས་པས་སྒོར་དུང་ཕྱུར13.1.73 ཟིན་པ་དང་། སྔོན་མ་དང་བསྡུར་ན་སྒོར་དུང་ཕྱུར272.12འཕར་འདུག སྤྱིའི་བུ་ལོན་ལེན་ཚད་སྒོ་དུང་ཕྱུར1293.51 ཡིན་པས། སྔོན་མ་དང་བསྡུར་ན་སྒོར་དུང་ཕྱུར 271.18འཕར་འདུག བུན་སྐྱེད་དང་དམིགས་བསལ་གྱི་སྐྱིན་ཚབ་སོགས་རྩིས་རྒྱག་བྱས་མཐར། ལོ་ཕྱེད་སྔོན་མའི་རིང་དུ་བོད་ལྗོངས་དངུལ་རྩ་སྡེ་ཁག་གི་ཁེ་སྤོགས་ཀྱི་ཚད་སྔོན་དང་བསྡུར་ན་སྒོར་དུང་ཕྱུར3.81འཕར་ཡོད་པ་རེད།
འཛུགས་སྐྲུན་དངུལ་ཁང་གི་ལྷ་སའི་སྒེར་གཉེར་དངུལ་ཁང་ལྟེ་གནས་ཀྱིས་ཚོགས་མི་ལ་རྒྱུ་ནོར་བྱང་བུ་དང་སྒེར་གཉེར་དངུལ་ཁང་གི་བྱང་བུ་བཅས་ཚོགས་མིའི་བྱང་བུ་རིགས་གཉིས་སྟེར་རྒྱུ་ཡིན་པ་དང་། བྱང་བུ་དེ་ཐོབ་མཁན་གྱིས་རྒྱལ་ཡོངས་དངུལ་ཁང་སོ་སོ་ནས་ཐོག་དང་པོར་ཞུབས་ཞུ་རག་ཐུབ་པ་རེད།