logo

བྲག་དཀར་རྫོང་གངས་ལྗོངས་སྐྱེ་ཁམས་ཕྱུགས་རིགས་ཆེད་ལས་མཉམ་སྒྲུབ་ཁང་གིས་བསྙལ་བའི་འབྲི་ཞོ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-08 ཀློག་གྲངས།:


བྲག་དཀར་རྫོང་གངས་ལྗོངས་སྐྱེ་ཁམས་ཕྱུགས་རིགས་ཆེད་ལས་མཉམ་སྒྲུབ་ཁང་གིས་བསྙལ་བའི་འབྲི་ཞོ། 

            བྲག་དཀར་རྫོང་གངས་ལྗོངས་སྐྱེ་ཁམས་ཕྱུགས་རིགས་ཆེད་ལས་མཉམ་སྒྲུབ་ཁང་གིས་བསྙལ་བའི་འབྲི་ཞོ་འདི་ནི་འོ་མ་གསར་བའི་ཉིང་ཁུག་ལས་ཚད་དང་ལྡན་པའི་སྒོ་ནས་བསྐྱུར་བསྙལ་བརྒྱབ་ནས་ཐོན་པའི་འོ་བཟོས་བཟའ་ཆས་ཤིག་ཡིན་ལ།  འདིས་ཞིམ་མངར་འོ་མའི་ཉིང་ཁུ་བཅུད་དུ་བཟུང་ཡོད་པ་མ་ཟད།  བསྐྱུར་བསྙལ་བྱེད་པའི་གོ་རིམ་ཁྲོད་མིའི་ཚེ་སྲོག་དང་ལུས་ཕུང་བདེ་ཐང་ལ་ངེས་པར་དུ་ཕན་ཆེ་བའི་འཚོ་བཅུད་དེ།  འཚོ་བཅུདB1དང་།B2དང་།  B6དང་། B12སོགས་འདུས་ཡོད་པ་རེད། 


དཀར་ཡོལ་དུ་བླུག་པའི་འབྲི་ཞོ། 

            ད་ལྟ་མཚོ་ལྷོ་ཁུལ་བྲག་དཀར་རྫོང་གངས་ལྗོངས་སྐྱེ་ཁམས་ཕྱུགས་རིགས་ཆེད་ལས་མཉམ་སྒྲུབ་ཁང་གིས་བསྙལ་བའི་འབྲི་ཞོ་འདི་དངོས་སུ་ཚོང་རར་བཀྲམ་ཡོད་ཅིང་།  ཐོན་རྫས་འདི་གཙོ་ཆེར་བོད་རིགས་དམངས་ཁྲོད་སྲོལ་རྒྱུན་ལག་རྩལ་ལས་གོ་རིམ་ལྡན་པར་ཚད་ལྡན་སྒོས་བཟོ་སྐྲུན་བྱས་པ་རེད།  འཐུང་ན་ཞིམ་མངར་གྱི་དྲོ་བ་ལྡན་ལ་ལུས་ཕུང་ལ་མཁོ་བའི་འཚོ་བཅུད་རྒྱུ་ཆ་འདུས་ཤིང་།     ཟས་ཞུ་བ་དང་དུག་སེལ་པ།  ཞལ་མདངས་གསོ་བ་དང་ནད་ཡམས་འགོག་པ་སོགས་ཀྱི་ནུས་པ་ཆེ་ཆེར་ལྡན་ཡོད། 


འབྲེལ་ཡོད་འོས་སྦྱོར།