logo

མང་ར་རྫོང་ཁ་རྒྱ་ཆུ་མཛོད་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་དེས་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ་པ།

རྩོམ་པ་པོ།:བདེ་སྐྱིད་འཚོ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2011-09-03 ཀློག་གྲངས།:

            ཉེ་ལམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་ར་རྫོང་ཁ་རྒྱ་ཆུ་མཛོད་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། བཟོ་སྐྲུན་དེ་ལེགས་འགྲུབ་བྱུང་རྗེས་མི28000ལྷག་གི་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ་པ་དང་། ས་དེའི་ཆུ་ལོག་སྔོན་འགོག་བྱེད་དཀའ་བའི་གནད་དོན་ཐག་གཅོད་ཐུབ་པར་མ་ཟད་ཁྱབ་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྔར་ལས་ཡར་སྐུལ་བྱེད་ཐུབ།
            གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མང་ར་རྫོང་ཁ་རྒྱ་ཆུ་མཛོད་ནི་དམངས་ཀྱི་འཚོ་བ་ཐག་གཅོད་་པའི་བཟོ་སྐྲུན་ཞིག་ཡིན་པ་དང་། ལས་གཞི་དེར་སྤྱིའི་མ་དངུལ་སྒོར54180000གཏོང་རྒྱུ་ཡིན་པ་དང་། འཛུགས་སྐྲུན་གྱི་དུས་ཡུན་ལོ3རེད། ཆུ་མཛོད་དེའི་རིང་ཚད་ལ་མུས360ཡོད་པ་དང་། ཆུ་རགས་ཀྱི་མཐོ་ཚད་ལ་མུས23ཡོད། བཟོ་སྐྲུན་དེ་ལེགས་འགྲུབ་བྱུང་རྗེས། མང་ར་རྫོང་མཁར་གྱི་མང་ཆུ་དང་མང་ར། སུམ་མདོ་བཅས་ཞང་གྲོང་གསུམ་གྱི་མི28000ལྷག་དང་ཕྱུགས་ཟོག18000ལྷག་གི་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ་པར་མ་ཟད། ཆུ་མཛོད་སྨད་རྒྱུད་ཀྱི་ས་ཞིང་དང་ནགས་མུའུ33000ལྷག་ལ་ཆུ་གཏོང་བའི་གནད་དོན་ཐག་གཅོད་པ་དང་ཇེ་བཟང་དུ་གཏོང་བར་ཁག་ཐེག་བྱེད་པ་དང་། མང་རའི་བཞུར་རྒྱུན་གྱི་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ཆ་རྐྱེན་སྔར་ལས་ཇེ་བཟང་དུ་བཏང་ནས། མང་ར་རྫོང་མཁར་དང་དེ་མིན་མང་རའི་བཞུར་རྒྱུན་གྱི་ཆུ་ལོག་སྔོན་འགོག་ཚད་གཞི་ཇེ་མཐོར་གཏོང་ཐུབ་པ་དང་། ཆུ་ལོག་གི་གནོད་འཚེ་ཇེ་ཉུང་དུ་གཏོང་ཐུབ་ལ། ཆུ་མཛོད་སྟོད་རྒྱུད་ཀྱི་ས་ཆུ་ཤོར་བར་སྔོན་འགོག་བྱེད་པར་གོ་ཆོད་པ་དང་རྟ་བརྒྱངས་ཆུ་བོའི་བཞུར་རྒྱུན་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་གཏོང་ཐུབ་པ་དང་། ཆུ་མཛོད་དུ་ཉྭ་གསོ་བ་དང་ཆུ་མཛོད་ཀྱི་གནས་སྐོར་ལས་གཞི་གསར་སྤེལ་བྱེད་པ་སོགས་བེད་སྤྱད་དེ་ཁྱབ་ཁོངས་ཀྱི་དཔལ་འབྱོར་སྔར་ལས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་ཐུབ་ཀྱི་ཡོད།


འབྲེལ་ཡོད་འོས་སྦྱོར།