logo

མཚོ་ལྷོ་ཁུལ་གྱི་ད་ལོའི་གནས་སྐོར་ཕྱོགས་བསྡུས་ཡོང་སྒོ་དེ་སྒོར་མོ་དུང་ཕྱུར་གཅིག་ལྷག་ལས་བརྒལ་བ།

རྩོམ་པ་པོ།:གཡང་འབུམ་རྒྱལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ཚིགས། དུས་ཚོད།:2011-08-10 ཀློག་གྲངས།:

  རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གནས་སྐོར་ཕྱོགས་བསྡུས་ཡོང་སྒོ་དེ་སྒོར་མོ་དུང་ཕྱུར་གཅིག་ལས་བརྒལ་བ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་ལས་རིགས་ཀྱི་ཕྱོགས་བསྡུས་ཡོང་སྒོ་སྒོར་མོ་དུང་ཕྱུར་གཅིག་ལས་བརྒལ་བའི་ས་ཁུལ་དྲུག་ལ་བུད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གནས་སྐོར་ཅུའུ་ཡི་འབྲེལ་ཡོད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། དྲིལ་སྒྲོག་རྒྱ་ཆེར་བྱས་པར་བརྟེན། མཛེས་སྡུག་གི་མཚོ་སྔོན་གྱི་སྙན་གྲགས་དེ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྲི་ཀ་དང་ཚྭ་རྔ་འགག  འབྲོག་པའི་སྤྲོ་ཁྱིམ་ཁང་དང་རོང་བའི་སྤྲོ་ཁྱིམ་ཁང་སོགས་ལ་བརྟེན་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དེ་རིམ་བཞིན་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡིད་དུ་འོང་བའི་མཛེས་ལྗོངས་ཤིག་ཏུ་འཛུགས་སྐྲུན་བྱེད་བཞིན་ཡོད། ད་ལོའི་ཟླ་དང་པོ་ནས་ཟླ་བདུན་པའི་བར་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྡོམ་པས་གནས་སྐོར་བ་འབུམ་བརྒྱད་དང་ཁྲི་ལྔ་སྟོང་དགུ་ལྷག་སྣེ་ལེན་བྱས།
  ད་ལྟ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་ས་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་ས་ཁུལ་དྲུག་གི་གནས་སྐོར་ཡོང་སྒོ་དེ་སྒོར་མོ་དུང་ཕྱུར་ལས་བརྒལ། དེའི་ནང་ཟླ་དང་པོ་ནས་བདུན་པའི་བར་ཟི་ལིང་གྲོང་ཁྱེར་གྱི་གནས་སྐོར་ཡོང་སྒོ་དེ་སྒོར་མོ་དུང་ཕྱུར་སུམ་ཅུ་ལས་བརྒལ་བ་དང་། ཟླ་དང་པོ་ནས་དྲུག་པའི་བར་མཚོ་ཤར་ས་ཁུལ་གྱི་གནས་སྐོར་ཡོང་སྒོ་སྒོར་མོ་དུང་ཕྱུར་བཞི་དང་བྱེ་བ་གཉིས་ལ་བུད་པ་དང་། ཟླ་དང་པོ་ནས་ཟླ་བདུན་པའི་བར་དུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གནས་སྐོར་ཡོང་སྒོ་དེ་སྒོར་མོ་དུང་ཕྱུར་ལྔ་ལས་བརྒལ་བ་རེད།


འབྲེལ་ཡོད་འོས་སྦྱོར།