སེམས་ཀྱི་ཉི་ཟླ་རྫོང་ཅིན་ཅང་གྲོང་རྡལ་གྱིས་ནུས་ཡོད་སྒོས་རྒུན་འབྲུམ་འདེབས་འཛུགས་བྱས་པ།
རྩོམ་པ་པོ།:ཚེ་རིང་སྒྲོལ་མ།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2011-07-24
ཀློག་གྲངས།:
ཟླ7པའི་ཚེས20ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་
ཟླ་རྫོང་ཅིན་ཅང་གྲོང་རྡལ་གྱི་ཞིང་བས་རྒུན་འབྲུམ་ལ་ཞིང་སྨན་རྒྱག་བཞིན་པ།
2007ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་འབྲུ་ཆུའི་འགྲམ་རྒྱུད་དུ་རྒུན་འབྲུམ་འདེབས་འཛུགས་བྱས་པས་ས་དེའི་ཞིང་བའི་ཡོང་སྒོ་འཕར་སྣོན་བྱུང་། ཞིང་བ་མུའུ་ཁྲོན་ཧྲུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོར་ཁོ་ཚང་གིས་ཞིང་ས་མུའུ་བཞི་ལ་རྒུན་འབྲུམ་འདེབས་འཛུགས་བྱས་པ་དང་། སྔོན་རྩིས་བྱས་ན་ཡོང་སྒོ་ཁྲི་བརྒྱད་ལ་བསླེབ་ངེས་རེད་ཟེར།
འབྲེལ་ཡོད་འོས་སྦྱོར།