བོད་ལྗོངས་མེ་ཏོག་ཡུལ་ལྗོངས་ས་ཁུལ་གྱིས་སང་ལོ་ནས་བཟུང་དངོས་སུ་ཡུལ་སྐོར་མགྲོན་པོ་སྣེ་ལེན་བྱ་རྩིས་ཡོད་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:བོད་ལྗོངས་ཆ་འཕྲིན་ལྟེ་གནས།
དུས་ཚོད།:2011-07-11
ཀློག་གྲངས།:
ཉེ་སྔོན། བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་ཡུལ་སྐོར་ཅུས་ཅུས་ཀྲང་ཝང་ཁྲང་ཅུན་གྱིས་གནས་ཚུལ་གསུངས་པ་ལྟར་ན། ཉིང་ཁྲིས་ད་ལྟ་མེ་ཏོག་ཡུལ་ལྗོངས་ས་ཁུལ་ཞིབ་འཇུག་གསར་སྤེལ་བྱེད་བཞིན་པའི་སྒང་ཡིན་ཞིང་། སང་ལོ་ནས་བཟུང་དངོས་སུ་ཡུལ་སྐོར་མགྲོན་པོ་སྣེ་ལེན་བྱ་རྒྱུ་ཡིན་པ་རེད།
མི་དམངས་དྲ་བས་ཝང་ཅུན་གྱི་གསུང་དྲངས་ཏེ“མེ་ཏོག་རྫོང་ནི་རྒྱལ་ཡོངས་ཀྱི་གཞུང་ལམ་མེད་པའི་རྫོང་གཅིག་པུ་ཡིན་ཞིང་། ད་ལོ་ནས་བཟུང་རླངས་འཁོར་ཤར་གཏོང་བྱ་རྒྱུ་ཡིན་ལ་དེའང་ཡུལ་སྐོར་གྱི་གོ་སྐབས་བཟང་བོ་ཞིག་ཡིན”ཟེར།
གནས་ཚུལ་གསལ་བསྒྲགས་བྱས་པ་ལྟར་ན། མེ་ཏོག་རྫོང་ནི་བོད་ལྗོངས་ཀྱི་ལྷོ་ཤར་ཁུལ་དང་ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་ཡོད་ཅིང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི3.4ཡོད་པ་དང་། མཚོ་ངོས་ལས་ཆ་སྙོམས་མཐོ་ཚད་ལ་སྨི1200ཡོད་ལ། བོད་ལྗོངས་ཀྱི་མཚོ་ངོས་ལས་མཐོ་ཚད་ཆེས་དམའ་ཞིང་ཁོར་ཡུག་ཆེས་ལེགས་པ་དང་། སྐྱེ་ཁམས་སྲུང་ཉར་བྱས་པ་ཆེས་བཟང་པའི་ས་ཁུལ་ཞིག་ཡིན། གནས་དེར་རྩི་ཤིང་རིགས་སྣ་ཚོགས་ཡོད་ཅིང་། བར་ཐག་སྨི4000ཡི་ངོས་སྙོམས་ནང་རོལ་དུ་མཐོ་སྒང་གྲང་ཁུལ་གྱི་རྩི་ཤིང་ནས་ཚ་ཁུལ་རྩི་ཤིང་ཡོད་ཚད་ཕལ་ཆེར་སྐྱེ་ཐུབ་པ་དང་། མོན་པ་དང་ལྷོ་པ་སོགས་གྲངས་ཉུང་མི་རིགས་རྣམས་ཀྱིས་ད་ལྟ་ད་དུང་ཡང་རྩི་ཤིང་རྣམས་མེར་བསྲེགས་པའི་ཤུལ་དུ་རྨོ་འདེབས་བྱེད་པའི་གདོད་མའི་འཚོ་བ་རོལ་སྟངས་རྒྱུད་འཛིན་བྱས་ཡོད།
སྤྱི་ལེ100ལྷག་ཏུ་རྦབ་ཆུ100ལྷག་ཡོད་ཅིང་། ཚ་ཁུལ་གྱི་སྐྱེ་དངོས་རྩི་ཤིང་མང་པོ་སྐྱེས་ཡོད་ལ། རི་བོའི་རྩེ་མོར་གངས་ཀྱིས་གཡོགས་ནས་ཡོད་ཀྱང་རི་ཞོལ་ནི་ཚ་ཁུལ་གྱི་ནམ་ཟླ་ཡིན་ལ་སྐྱེ་དངོས་རྩི་ཤིང་མང་པོ་ཡོད་པ་དང་། རིག་དངོས་གནའ་ཤུལ་མང་ཞིང་རིན་ཆེན་སྤུངས་དགོན་པ་དང་མོན་པའི་ཀ་སྟེང་ཁང་བ་སོགས་ཡོད་པ་རེད།
འོན་ཀྱང་མིག་སྔར་མེ་ཏོག་གི་ཡུལ་སྐོར་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་རྗེས་ལུས་ཡིན་ཞིང་། མགྲོན་ཁང་གཅིག་ནས་མགྲོན་ཁང་གཞན་ཞིག་གི་བར་གྱི་བར་ཐག་ཆེས་ཉེ་ཤོས་ནི་སྤྱི་ལེ29ཡིན་ལ། མེ་ཏོག་ཏུ་ཡུལ་སྐོར་ལ་ཕེབས་པའི་ཡུལ་སྐོར་བ་ཞིག་གིས་ཉིན་རེར་ཆེས་ཉུང་ནའང་སྤྱི་ལེ21བགྲོད་དགོས་པ་རེད། དེ་མིན་མགྲོན་ཁང་དུ་གྲལ་ཉལ་བྱེད་དགོས་ཤིང་། སྒོ་ནས་མེ་གསོས་ཏེ་ལྭ་བ་སྐེམ་དགོས་ལ། དེ་ལྟར་བྱས་ན་ད་གཟོད་ཉིན་ཕྱི་མར་མུ་མཐུད་དུ་བགྲོད་ཐུབ་པར་ཁག་ཐེག་བྱ་ཐུབ་པ་རེད། ཡིན་ནའང་ཁྲུས་ཀྱི་གནད་དོན་ནི་རྦབ་ཆུར་བརྟེན་ནས་ཐག་གཅོད་བྱ་དགོས་པ་རེད།
གནས་ཚུལ་གསལ་བསྒྲགས་བྱས་པ་ལྟར་ན། མིག་སྔར་ཉིང་ཁྲིའི་ཡུལ་སྐོར་ལྗོངས་རྒྱུ་ཅུས་ཀྱིས་མེ་ཏོག་ཡུལ་ལྗོངས་ས་ཁུལ་གསར་སྤེལ་ལག་བསྟར་བགྱི་བའི་ཇུས་གཞི་བཟོས་ནས་གཏན་འཁེལ་བྱས་ཡོད་ཅིང་། 2012ལོར་དངོས་སུ་ཡུལ་སྐོར་བ་སྣེ་ལེན་བྱ་རྒྱུ་ཡིན་པ་དང་། ལོ་ཧྲིལ་བོར་མི8000ལས་སྣེ་ལེན་མི་བྱེད་པར་ཚོད་འཛིན་བྱས་ཡོད་པ་ལ། ཕྱིས་སུ་ལོ་རེ་བཞིན་རིམ་གྱིས་ཇེ་མང་དུ་གཏོང་བ་དང་། 2015ལོར་སླེབས་དུས་ཡུལ་སྐོར་བ30000སྣེ་ལེན་བྱ་རྒྱུ་ཡིན་པ་རེད།

འབྲེལ་ཡོད་འོས་སྦྱོར།