logo

བོད་ལྗོངས་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་སི་ནས་གསར་དུ་ཐོན་པའི་ཉི་འོད་གློག་གསོག་ཐོན་རྫས།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-28 ཀློག་གྲངས།:


བོད་ལྗོངས་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་སི་ནས་གསར་དུ་ཐོན་པའི་ཉི་འོད་གློག་གསོག


བོད་ལྗོངས་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་སི་ནས་གསར་དུ་ཐོན་པའི་ཉི་འོད་གློག་གསོག

            བོད་ལྗོངས་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་སི་ནས་གསར་དུ་ཐོན་པའི་ཉི་འོད་གློག་གསོག་འདི་ནི།  ལག་རྩལ་གསར་བའི་བྱེད་ཐབས་སྤྱད་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་ཕན་འབྲས་ཅུང་ཐོགས་ན་སྙམ་པའི་ཀུན་སློང་དང་རྒྱ་ཆེ་བའི་འཛད་སྤྱོད་པར་སྟབས་བདེ་གང་ལེགས་བསྐྲུན་ཆེད་ཐོན་རྫས་འདི་བཟོས་པ་ཡིན། གནས་གང་རུང་ནས་ཉིད་ཀྱི་ལག་འཁྱེར་ཁ་པར་དང་། སྒྲ་སྡུད་འཕྲུལ་ཆས། གྲངས་འཛིན་པར་ཆས། luozang རྟགས་ཅན་གྱི་ཚིག་མཛོད་དང་། སློབ་སྦྱོང་འཕྲུལ་ཆས། སྒྲ་ཕབ་སྨྱུག་སྡེར། Mp3/Mp4/PSPསོགས་གྲངས་འཛིན་ཐོན་རྫས་ལ་དུས་ཐོག་ཏུ་གློག་གསོག་ཐུབ་པའི་ཉི་འོད་ནུས་པའི་གློག་གསོག་འཕྲུལ་ཆས་ཤིག་སྟེ། ཉི་འོད་ཀྱིས་གློག་གསོག་པ་དང་ཁྱིམ་སྤྱོད་གློག་ཀྱང་གསོག་ཐུབ་པའི་གློག་རྫས་ཆེན་མོ་ཞིག་ཡིན། བཟོ་བཀོད་ལེགས་ལ་དབྱིབས་ཆུང་ཞིང་སྤུས་དག་པ། ཁྱེར་ན་སྟབས་བདེ་བ། སྤྱད་ན་བློ་བདེ་བ། ཤོང་ཚད་ཆེ་བ་དང་གློག་གསོག་མྱུར་བ། རིགས་མི་གཅིག་པའི་སྒྲིག་ཆས་ལ་གློག་གསོག་ཐུབ་པའི་ཁྱད་ཆོས་ལྡན་པ་ཡིན། 

ཐོན་རྫས་གསལ་བཤད།
            ཐོན་རྫས་འདི་ནི་དུས་ཐོག་ཏུ་གློག་གསོག་ཐུབ་པའི་ཉི་འོད་ནུས་པའི་གློག་གསོག་ཆས་ཤིག་ཡིན། ཤོང་ཚད་མཐོ་བའི་གློག་གསོག་ནང་སྒྲིག་ལིའི་གློག་རྫས། གནས་གང་རུང་ནས་ཉིད་ཀྱི་ལག་འཁྱེར་ཁ་པར་iphone/ipod/དང་གྲངས་འཛིན་པར་ཆས/luzangརྟགས་ཅན་གྱི་ཐོན་རྫས/Mp3/Mp4/PSPསོགས་གྲངས་འཛིན་ཐོན་རྫས་ལ་གློག་གསོག་ཐུབ། བཟོ་བཀོད་ལེགས་ལ་དབྱིབས་ཆུང་ཞིང་སྤུས་དག་པ། ཁྱེར་ན་སྟབས་བདེ་བ། སྤྱད་ན་བློ་བདེ་བ།
ཐོན་རྫས་ཀྱི་ཁྱད་ཆོས།
གཅིག
ཤོང་ཚད་ཆེ་བ་དང་གློག་གསོག་མྱུར་བ། རིགས་མི་གཅིག་པའི་སྒྲིག་ཆས་ལ་གློག་གསོག་ཐུབ་པ། སྤྱིར་བཏང་དུས་ཚོད་༢-༣བར་གློག་གསོག་ཐུབ།
གཉིས། ཐོན་རྫས་རང་ཉིད་ལ་གློག་གསོག་པ་ལས་གཞན་luzangརྟགས་ཅན་གྱི་གློག་རྡུལ་ཚིག་མཛོད་དང་སློབ་སྦྱོང་འཕྲུལ་ཆས། སྒྲ་ཕབ་འཕྲུལ་ཆས་སོགས་གྲངས་འཛིན་ཐོན་རྫས་ལ་གློག་གསོག་ཐུབ།
གསུམ། བདེ་འཇགས་བློ་བདེ། འཁོར་བརྗེ་ཕྱོད་མཐོ་བ། ཐོན་རྫས་འདིར་གློག་གསོག་སྲུང་སྐྱོབ་དང་གློག་གཏོང་སྲུང་སྐྱོབ། སྐུད་ལམ་ཉེ་བར་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ནུས་པ་ལྡན། འཛད་སྤྱོད་པའི་བློ་བདེ་བཀོལ་སྤྱོད་བྱས་ཆོག་པ་མ་ཟད། གློག་ནུས་འཁོར་བརྗེ་ཕྱོད་80%ཡན་སླེབས་ཐུབ་པ།
བཞི། དབྱིབས་ཆུང་ལ་ཕྱིའི་བཟོ་བཀོད་ལེགས་པ། ཁྱེར་ན་སྟབས་བདེ་བ།
ལྔ། བསྐྱར་བཀོད་ཚད་རིང་བ། བསྐྱར་བཀོད་ཚད་ཐེངས་500ལས་མང་བ་སྤྱོད་ཐུབ་པ། རྒྱུན་ལྡན་བཀོལ་སྤྱོད་འོག་ལོ་གཉིས་ཡན་བཀོལ་ཐུབ།
ཟུར་ཆས་གསལ་བཤད།
ནང་འཇུག་ཕྱིར་འདྲེན་གྱི་སྐུད་པ་གཅིག   གློག་གསོག་ཆས་གཅིག  བརྗེ་སྒྱུར་མཐུད་ཁ་ལྔ། བེད་སྤྱོད་ལག་དེབ།
བེད་སྤྱོད་བྱ་ཐབས།
གཅིག
བེད་སྤྱོད་མ་བྱས་པའི་སྔོན་ཉི་འོད་གློག་གསོག་ལ་གློག་གསོག་དགོས། གློག་གསོག་ཐབས་གཤམ་གསལ་ལྟར།
   ཉི་འོད་ཀྱིས་གློག་གསོག་པ། ཉི་ཟེར་གྱི་འོག་བཞག་ནས་སྣེ་སྟོན་གློག་དམར་པོ་འཆར་དུས་ཐོན་རྫས་འདིར་གློག་གསོག་པ་མཚོན། ཆུ་ཚོད10-15རྗེས་གློག་ཁ་ཁེངས་ཐུབ།
    གློག་ཀླད་ཀྱིUSBམཐུད་ཁ་བརྒྱུད་ནས་གློག་གསོག་པ།ཐོག་མར་ཟུར་ཆས་ལས་བརྗེ་སྒྱུར་མཐུད་ཁ་དེ(MIN/USB)སྦྲེལ་མཐུད་སྐུད་མགོར་བཅུག་རྗེས་ཡང་ཉི་འོད་གློག་གསོག་གི་མཐུད་ཁར་འཇུག་དགོས།དེ་ནས་སྦྲེལ་མཐུད་སྐུད་སྣེ་གཞན་དེ་གློག་ཀླད་ཀྱིUSBམཐུད་ཁ་དང་སྦྲེལ་ན་ཉི་འོད་གློག་གསོག་ནང་ཐད་ཀར་གློག་གསོག་ཐུབ། གློག་གསོག་སྐབསLEDགློག་དམར་པོ་འཆར། གློག་གསོག་ཁ་ཁེངས་དུསLEDགློག་ལྗང་ཁུ་འཆར། ཆུ་ཚོད3-4རྗེས་གློག་ཁ་ཁེངས་ཐུབ།ཀཚད་ལྡན་གློག་གསོག་ཆས་སྤྱད་ནས་གློག་གསོག་པ། ཐོག་མར་ཟུར་ཆས་ལས་བརྗེ་སྒྱུར་མཐུད་ཁ་དེ(MIN/USB)སྦྲེལ་མཐུད་སྐུད་མགོར་བཅུག་རྗེས་ཡང་ཉི་འོད་གློག་གསོག་གི་མཐུད་ཁར་འཇུག་དགོས།དེ་ནས་སྦྲེལ་མཐུད་སྐུད་སྣེ་གཞན་དེ་གློག་གསོག་ཆས་ཀྱིUSBམཐུད་ཁ་དང་སྦྲེལ་རྗེས་གློག་གསོག་ཆས་དེ་གློག་སྐུད་བསྒར་སྣེ་རུ་བཅུག་ན་ཉི་འོད་གློག་གསོག་ནང་ཐད་ཀར་གློག་གསོག་ཐུབ། གློག་གསོག་སྐབསLEDགློག་དམར་པོ་འཆར། གློག་གསོག་ཁ་ཁེངས་དུསLEDགློག་ལྗང་ཁུ་འཆར། ཆུ་ཚོད2-3རྗེས་གློག་ཁ་ཁེངས་ཐུབ།
 གློག་ཁོངས་ནས་ཕྱིར་འདྲེན་པ། ཐོག་མར་ཟུར་ཆས་ལས་འབྲེལ་ཡོད་སྒྲིག་ཆས་ཀྱི་བརྗེ་སྒྱུར་མཐུད་ཁ་གདམ་རྗེས། གདམ་ཟིན་པའི་མཐུད་ཁ་དེ་སྦྲེལ་མཐུད་སྐུད་མགོར་བཅུག་ནས་འབྲེལ་ཡོད་སྒྲིག་ཆས་དང་སྦྲེལ་དགོས། དེ་ནས་སྐུད་སྣེ་གཞན་དེ་ཉི་འོད་གློག་གསོག་གི་གློག་ཕྱིར་གཏོང་བའི་མཐུད་ཁར་བཅུག་ཚེ་སྒྲིག་ཆས་དེར་གློག་གསོག་ཐུབ། སྐབས་དེརLEDགློག་མུ་མཐུད་གློག་འོད་ཆེམ་ཆེམ་བྱེད་ན་གློག་ཁོངས་ཐོན་རྫས་འདིར་གློག་ཤུགས་མི་འདེང་བ་མཚོན་པས་དུས་ཐོག་གློག་གསོག་དགོས།
 
ནང་འཇུག     གློག་གནོན།DC5Vགློག་རྒྱུན།500mA
ཕྱིར་འདོན།     གློག་གནོན།DC5Vགློག་རྒྱུན།1A
རྒྱུ་སྤུས་ཚད།ABS
ཆེ་ཆུང་།       43mm*110mm*12mm
ལྗིད་ཚད། 55g
བསྐྱར་བཀོལ་ཐེངས།ཐེངས་500ཡན།
ཤོང་ཚད། 1200mAh
ཡིད་འཇོག་དོན་ཚན།
གཅིག  མེ་འོད་ཆེ་སའི་ཉེ་འཁོར་བཞག་ན་གློག་ཁོངས་གློག་རྫས་འདིའི་ནུས་པ་ཤོར་ནས་སྤྱོད་ཐེངས་ཚད་ཉུང་དུ་འགྲོ་སྲིད།
གཉིས།  ཐོན་རྫས་འདི་དུས་རྒྱུན་སྐམ་ས་དང་བསིལ་སའི་དྲོད་ཚད20℃~50℃ཁྱབ་ཁོངས་སུ་ཉར་དགོས།གློག་རྫས་ཀྱི་བཅད་ཐིག་ཤོང་ཚད་50%རྒྱུན་འཁྱོངས་དགོས་ཚེ། ཟླ3ནང་ངེས་པར་དུ་གློག་ཐེངས་གཅིག་གསོག་དགོས།


འབྲེལ་ཡོད་འོས་སྦྱོར།