བོད་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དཔལ་འབྱོར་མི་སྣ་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ།
དུས་ཚོད།:2011-06-12
ཀློག་གྲངས།:
ཉེ་དུས་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ60འཁོར་བར་རྟེན་འབྲེལ་ཞུས་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ང་ཕོད་ངག་དབང་འཇིགས་མེད་གྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ལྗོངས་ཡོངས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མེད་པ་ནས་ཡོད་པའི་བར་དང༌། ཆུང་བ་ནས་ཆེ་བའི་བར་གོང་འཕེལ་ཆེན་པོ་བྱུང་ཡོད་པ་དང་། ལོ་རྒྱུས་ཀྱི་འགག་སྒྲོལ་བྱུང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད་པ་དང༌། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འདི་ཉིད་ལྗོངས་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་གྱི་གལ་ཆེའི་གྲུབ་ཆ་ཞིག་དང༌། སྤྱི་ཚོགས་ལས་ཞུགས་ཀྱི་ཐབས་ལམ་གཙོ་བོ། ས་གནས་ནོར་སྲིད་ཡོང་འབབ་ཀྱི་འབྱུང་ཁུངས་གཙོ་བོ། ཚོང་འགུག་མ་འདྲེན་གྱི་ཁྱབ་ཁོངསགཙོ་བོ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲོམ་རའི་གཙོ་ཁྲིད་སྟོབས་ཤུགས། ཕྱི་ཕྱོགས་ཉོ་ཚོང་གི་རྐང་འཛིན་སྟོབས་ཤུགས། བསྒྱུར་བཅོས་སྒོ་དབྱེའི་སྐུལ་འདེད་སྟོབས་ཤུགས། གོང་འཕེལ་གཏོང་ཐབས་བསྒྱུར་བའི་རྐང་འཛིན་སྟོབས་ཤུགས་བཅས་སུ་གྱུར་ཡོད། ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དང་མཐོང་ཆེན་འོག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་འདི་ཉིད་ཏང་དང་སྲིད་གཞུང་གིས་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་མི་སྣའི་འབྲེལ་ཟམ་ཞིག་དང༌། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣའི་ཁྱིམ་གཞིས་ཞིག་ལ་གྱུར་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

འབྲེལ་ཡོད་འོས་སྦྱོར།