logo

མགོ་ལོག་ཁུལ་གྱི་སྐར་རིམ་བཞིའི་སྐུ་མགྲོན་ཁང་འཛུགས་སྐྲུན་ལས་འགོ་བརྩམས་པ།

རྩོམ་པ་པོ།:ཚེ་དབང་ཐར། ཡོང་ཁུངས།:མགོ་ལོག་མི་དམངས་སྲིད་གཞུང་དྲ་བ། དུས་ཚོད།:2011-05-03 ཀློག་གྲངས།:
           ཉེ་ལམ། མགོ་ལོག་ཝེ་སི་ཐུ་མགྲོན་བྲང་ཆེན་མོ་ལས་འགོ་རྩོམ་པའི་མཛད་སྒོ་རྟ་བོར་ནས་བསྡུས། ཝེ་སི་ཐུ་མགྲོན་བྲང་ཆེན་མོའི་འཛུགས་སྐྲུན་ལས་འགོ་བརྩམས་པ་དེས། མགོ་ལོག་ཁུལ་གྱི་སྐར་རིམ་བཞིའི་ཚད་ཐོན་སྐུ་མགྲོན་ཁང་མེད་པའི་ལོ་རྒྱུས་མཇུག་རྫོགས་པ་མ་ཟད། མགོ་ལོག་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཚད་རིམ་མཐོར་འདེགས་གཏོང་བ་དང་། ཡུལ་སྐོར་ལས་རིགས་ཀྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།
           ཝེ་སི་ཐུ་མགྲོན་བྲང་ཆེན་མོ་ལ“འཆར་འགོད་སྔོན་བརྒལ་ཅན་དང་འཛུགས་སྐྲུན་སྒྱུ་རྩལ་ཅན། རྒྱུ་སྤུས་ཚད་ལྡན་ཅན། རྒྱུ་ཆ་ཁོར་སྲུང་ཅན། སྡེབ་སྒྲིག་འཐུས་ཚང་ཅན། ཞབས་ཞུ་མགྲོན་བྲང་ཅན། ཁོར་ཡུག་སྐྱེད་ཚལ་ཅན”ཀྱི་འདུ་ཤེས་ཇུས་འགོད་བྱས་ཤིང་། སྡོད་ཁང་དང་བཟའ་བཏུང་། གྲོས་ཚོགས། འཆམ་གསེང་། རྩེད་འཇོ་སོགས་ངོ་བོ་གཅིག་འདུས་ཀྱི་ཕྱོགས་བསྡུས་བྱེད་ནུས་ལྡན་པའི་སྐར་རིམ་བཞིའི་མགྲོན་བྲང་ཅིག་ཡིན། ལས་ཁག་སྤྱིའི་གཏོང་དངུལ་ཁྲི་སྒོར5000དང་། འཛུགས་སྐྲུན་རྒྱ་ཁྱོན་རྨིད་གྲུ་བཞི12206.2ཡིན་ལ།  འཛུགས་སྐྲུན་གྱི་བརྩེགས་རིམ7ཡིན། ལས་ཁག་འདི་ཧྥུའུ་ཅན་ཞིང་ཆེན་འཛུགས་སྐྲུན་བཟོ་བཀོད་སྤྱི་གཉེར་གསུམ་པས་འཛུགས་སྐྲུན་འགན་ལེན་བྱས་པ་དང་། མཚོ་སྔོན་ཏུང་ཡ་བཟོ་བཀོད་འཛུགས་སྐྲུན་དོ་དམ་འདྲི་རྩད་ཚད་ཡོད་སྤྱི་གཉེར་གྱིས་ལྟ་ཞིབ་དོ་དམ་བྱེད་རྒྱུ། བཟོ་སྐྲུན་འཆར་འགོད་ནི2012ལོའི་ཟླ5པར་གཙོ་ཕུང་སྒྲིག་ཁོག་ལེགས་འགྲུབ་བྱེད་རྒྱུ་དང་། 2012ལོའི་ལོ་མཇུག་ལ་ཚོང་གཉེར་འཁོར་སྐྱོད་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།