logo

མཚོ་སྔོན་གནས་སྐོར་གྱིས་ཞང་ཀང་དང་ཨོ་མིན་གྱི་གནས་སྐོར་བ་མང་པོ་བཀུག་པ།

རྩོམ་པ་པོ།:ཞའོ་ཡན། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། དུས་ཚོད།:2011-04-09 ཀློག་གྲངས།:

            རྒྱལ་ཁབ་གནས་སྐོར་ཅུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་སོགས་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅུ་དགུའི་གནས་སྐོར་ཅུའུ་དང་། ཨེ་ཤ་ཡའི་གནས་སྐོར་བརྗེ་རེས་ལྟེ་གནས་བཅས་ཀྱིས་རོགས་སྒྲུབ་བྱས་པའི2011ལོའི་ཀྲུང་ཧྭ་རིག་གནས་ཞང་ཀང་དང་ཨོ་མིན་ས་ཁུལ་དུ་སྤེལ་བའི་བརྗོད་བྱ་གཙོ་བོའི་སྒྲོག་སྤེལ་བྱ་འགུལ་རབ་དང་རིམ་པ་ཟླ་བཞི་བའི་ཚེས་གསུམ་ཉིན་མཇུག་རྫོགས། བྱ་འགུལ་སྤེལ་སྐབས། མཚོ་སྔོན་ཞིང་ཆེན་གྱིས་སྔ་གཞུག་ཏུ་བརྗོད་བྱ་གཙོ་བོའི་དྲིལ་སྒྲོག་ངོ་སྤྲོད་ཚོགས་འདུ་ཐེངས་ལྔ་བསྡུས་པ་དང་། ཕུན་སུམ་ཚོགས་པའི་མཚོ་སྔོན་གྱི་གནས་སྐོར་ཐོན་ཁུངས་ལ་ས་དེའི་སྡོད་དམངས་དང་གསར་འགྱུར་ལས་ཁུངས་ཀྱིས་ཡོངས་ཁྱབ་ཏུ་མཐོང་ཆེན་བྱས།
            ཐེངས་འདིར་མཚོ་སྔོན་འགྲེམ་སྟོན་ཁང་ནས་བསྡོམས་པས་མི་སྟོང་ལྔ་ལྷག་ལ་སྣ་ལེན་བྱས་པ་དང་། མཚོ་སྔོན་གནས་སྐོར་གྱི་ས་ཁྲ་དང་དྲིལ་སྒྲོག་པར་རིས། གནས་སྐོར་དྲན་གསོའི་དངོས་པོ་སོགས་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ཁྲི་གཉིས་ལྷག་བཀྲམས་པར་མ་ཟད། ཨོ་མིན་ཉིན་རེའི་ཚགས་པར་དང་ཧྥུན་ཧོང་འཁོར་སྐར་བརྙན་འཕྲིན་ཁང་སོགས་ཞང་ཀང་དང་ཨོ་མིན་གྱི་གསར་འགྱུར་ལས་ཁུངས་ཉི་ཤུ་ལྷག་གི་བཅར་འདྲི་དང་ལེན་བྱས། ཨེ་ཤ་ཡའི་གནས་སྐོར་བརྗེ་རེས་ལྟེ་གནས་ཀྱི་འགན་འཁུར་བས་བཤད་པ་ལྟར་ན། ད་ལོའི་ལོ་སྟོད་དུ། ཞང་ཀང་དང་ཨོ་མིན། ནང་ལོག་བཅས་ཀྱི་གནས་སྐོར་སྣེ་ལེན་ཁང་ཉི་ཤུ་ལྷག་རྩ་འཛུགས་བྱས་ཏེ་མཚོ་སྔོན་ལ་རྟོག་ཞིབ་བྱེད་རྒྱུ་དང་། མཚོ་སྔོན་བར་གྱི་གནས་སྐོར་མཉམ་ལས་ཀྱི་ཤུགས་ཚད་ཇེ་ཆེར་བཏང་སྟེ། སྔར་ལས་མང་པོའི་ཞང་ཀང་དང་ཨོ་མིན་གྱི་གནས་སྐོར་བ་མཚོ་སྔོན་དུ་གནས་སྐོར་བྱེད་དུ་འཇུག་རྒྱུ་ཡིན།


འབྲེལ་ཡོད་འོས་སྦྱོར།