logo

བོད་ལྗོངས་ཀྱིས་དཔལ་འབྱོར་ཁུལ་ཆེན་པོ་གསུམ་གྱི་འཆར་གཞི་འགོད་རྒྱུ་ཡིན་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-01-26 ཀློག་གྲངས།:


ནག་ཆུའི་དངོས་ཟོག་འཁོར་རྒྱུག་ལྟེ་གནས་ཀྱི་ཟུར་ཞིག

            བོད་ལྗོངས་ཀྱིས་ལོ་ལྔ་ཚན་བཅུ་གཉིས་པའི་སྐབས་སུ། མངའ་ཁོངས་ཀྱི་རྒྱལ་དབང་ས་ཞིང་གསར་སྤེལ་བཀོད་སྒྲིག་ལེགས་པོ་བྱས་པའི་ནང་དུ་ལྗོངས་ཡོངས་དབུས་རྒྱུད་དང་། ཤར་རྒྱུད།  ནུབ་རྒྱུད་བཅས་ཀྱི་དཔལ་འབྱོར་ཁུལ་གསུམ་དུ་དབྱེ་རྒྱུ་མ་ཟད། ད་དུང་མངའ་ཁོངས་བར་གྱི་མཉམ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བར་ཤུགས་སྣོན་བརྒྱབ་ཏེ་ལྗོངས་ཡོངས་ཀྱི་དགེ་མཚན་ཁྱད་པར་ཅན་གྱི་ཐོན་ལས་ཕན་ཚུན་ལ་ཕན་འདེགས་ཐུབ་པ་དང་མཉམ་བརྗེ་མཉམ་འབྲེལ་བྱེད་ཐུབ་ཏུ་འཇུག་རྒྱུའི་སྐོར་ནན་བཤད་བྱས།


གནམ་གྲུ་ཞིག་མངའ་རིས་གནམ་གྲུ་ཐང་དུ་འབབ་བཞིན་པ།


ལྟད་མོ་བས་ཆབ་མདོ་ས་ཁུལ་རི་ཐོག་བོད་སྨན་བཟོ་གྲྭར་བོད་ཀྱི་སྨན་རྩྭ་ལ་ལྟ་བ།

            ཤེས་གསལ་ལྟར་ན། དབུས་རྒྱུད་དཔལ་འབྱོར་ཁུལ་ནི་ལྷ་ས་དང་། གཞིས་ཀ་རྩེ། ལྷོ་ཁ། ཉིང་ཁྲི་བཅས་གཙོ་བྱས་པའི་བོད་ལྗོངས་དབུས་ལྷོ་ས་ཁུལ་དང་མཚོ་བོད་ལྕགས་ལམ་རྒྱུད་ཀྱི་ནག་ཆུ་ས་ཁུལ་གྱི་དབུས་རྒྱུད་དང་ཤར་རྒྱུད་བཅས་ཡིན།   ཤར་རྒྱུད་དཔལ་འབྱོར་ཁུལ་ནི་ཆབ་མདོ་ས་ཁུལ་གཙོ་བྱས་ཡོད་པ་དང་། ནུབ་རྒྱུད་དཔལ་འབྱོར་ཁུལ་ནི་མངའ་རིས་ས་ཁུལ་དང་། གཞིས་ཀ་རྩེའི་ནུབ་རྒྱུད་ས་ཁུལ་དང་ནག་ཆུའི་ནུབ་རྒྱུད་ས་ཁུལ་བཅས་གཙོ་བྱས་ཡོད།


འབྲེལ་ཡོད་འོས་སྦྱོར།