logo

མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་བོད་ལུགས་ཀྱི་སྒྲ་སྡུད་འཕྲུལ་ཆས་ཚོང་རར་འགྲེམ་འགོ་བརྩམས་པ།

རྩོམ་པ་པོ།:ཕྱུག་ལོ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། དུས་ཚོད།:2011-01-13 ཀློག་གྲངས།:


ཚངས་དབྱངས་རྟགས་ཅན་གྱི་སྒྲ་སྡུད་འཕྲུལ་ཆས།

  2011ལོའི་ཟླ1ཚེས11ཉིན་གྱི་ཕྱི་དྲོའི་དུས་ཚོད3གྱི་སྟེང་།  ཟི་ལིང་ནས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་བོད་ལུགས་ཀྱི་སྒྲ་སྡུད་འཕྲུལ་ཆས་ཚོང་རར་འགྲེམ་པའི་མཛད་སྒོ་གཟབ་རྒྱས་ངང་བསྡུས་པ་དང་། དེས་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གིས་ཇུས་འགོད་བྱས་ཤིང་། ཏི་ཧྲིན་སྒྲ་སྡུད་འཕྲུལ་ཆས་བཟོ་གྲྭར་མཉམ་ལས་བྱས་ཏེ་གསར་དུ་བཟོས་པའི་བོད་ལུགས་ཀྱི་སྒྲ་སྡུད་འཕྲུལ་ཆས་ཐོག་མ་ཚངས་དབྱངས་ཞེས་པ་དེ་དངོས་སུ་ཚོང་རར་བཀྲམས་པ་མཚོན།


ཚོགས་ར་དངོས།

  མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་འགོ་གཙོ་གཞོན་པ་རྡོ་རྗེ་རིན་ཆེན་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་པ་ཆོས་ཕྱུག་རྒྱལ། སྤྱི་ཁྱབ་ལྟ་སྐུལ་པ་གཞོན་པ་ལྷ་བརྟན་དང་དབྱངས་ཅན། ཏི་ཧྲིན་ཀུང་ཟིའི་ནུབ་བྱང་ས་ཁུལ་གྱི་ཚབ་འཚོང་པ་ཀྲིག་ལེང་། ཏི་ཧྲིན་ཀུང་ཟིའི་སྤྱིའི་བཟོ་སྐྲུན་པ་ཀྲིག་ལེན།མ ཚོ་སྔོན་རླུང་འཕྲིན་ཚོང་རའི་མདོ་དབུས་ཁམས་གསུམ་གྱི་ཡན་ལག་ཚོང་ཁང་སོ་སོའི་སྦྱིན་བདག་ཁ་ཤས་སོགས་མཛད་སྒོར་ཞུགས།


ཚངས་དབྱངས་རྟགས་ཅན་གྱི་སྒྲ་སྡུད་འཕྲུལ་ཆས།

  ཚངས་དབྱངས་རྟགས་ཅན་གྱི་བོད་ལུགས་ཀྱི་སྒྲ་སྡུད་འཕྲུལ་ཆས་ནི་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གིས་ཇུས་འགོད་བྱས་ཤིང་ཏི་ཧྲིན་སྒྲ་སྡུད་འཕྲུལ་ཆས་བཟོ་གྲྭར་མཉམ་ལས་བྱས་ཏེ་ལོ་གསུམ་གྱི་དུས་ཚོད་བེད་སྤྱད་ནས་གསར་དུ་བཟོས་པའི་སྒྲ་སྡུད་གཏོང་གི་འཕྲུལ་ཆས་ཤིག་ཡིན་ལ།ཕྱི་དབྱིབས་གའུ་ལྟར་དུ་ལས་པར་གཡུ་དང་མུ་ཏིག་གིས་མཛེས་པར་སྤུད་ཅིང་།གའུ་ཡི་ཐོག་ཏུ་འཁོར་ལོས་བརྒྱན་ཡོད་ལ།གའུ་ཡི་ནང་དུ་ཆུ་ཤེལ་ལས་གྲུབ་པའི་མ་ཎི་འཁོར་ལོ་ཞིག་ཡོད་པར་བོད་ཀྱི་དད་མོས་ལྟར་དུ་གཟུངས་འཇུག་ཀྱང་དབུལ་ཆོག་པ་སོགས་བོད་ཀྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུགའཕྲུལ་ཆས་དེར་འདར་སྙོམ་དང་རླབས་འབྲིང་།རླབས་ཐུང་།སློབ་རའི་རླུང་འཕྲིན་བཅས་ཀྱི་འཕྲིན་ལམ་བརྒྱུད་དེ་རླུང་འཕྲིན་ལ་ཉན་པའི་ནུས་པ་ཡོད་པ་ལས་གཞན།ད་དུངMP3དང་གསོག་སྡེར།གསོག་བྱང་སོགས་ལ་བརྟེན་ནས་སྒྲ་གཏོང་བའི་ནུས་པ་ཕུན་སུམ་ཚོགས་པ་ལྡན།
  མཛད་སྒོའི་སྟེང་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཐེ་ཀྲང་གཞོན་པ་རྡོ་རྗེ་རིན་ཆེན་གྱིས་བཤད་རྒྱུར། ཚངས་དབྱངས་རྟགས་ཅན་གྱི་བོད་ལུགས་ཀྱི་སྒྲ་སྡུད་གཏོང་འཕྲུལ་ཆས་ལ་ཕྱི་དབྱིབས་དང་བྱེད་ནུས་གཉིས་ཀྱི་ཆ་ནས་བོད་ཀྱི་ཁྱད་ཆོས་མངོན་གསལ་ལྡན་ཞིང་། དེ་ཚོང་རར་བཀྲམས་པ་ལས་བོད་མི་རིགས་ཀྱི་རིག་གནས་ཡར་རྒྱས་གོང་འཕེལ་དུ་སོང་བ་མཚོན་ལ། དེས་བོད་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ནུས་པ་མི་དམན་པ་ཐོན་ཐུབ་ཟེར།


འབྲེལ་ཡོད་འོས་སྦྱོར།