logo

ལྷ་ས་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་གསར་དུ་བསྐྲུན་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ།

རྩོམ་པ་པོ།:ཀུན་གསལ་གྱིས་བསྒྱུར། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2010-12-08 ཀློག་གྲངས།:
   ས་བབ་མཐོ་ཞིང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་ཡུལ་སྐོར་རང་བཞིན་གྱི་གྲོང་ཁྱེར་ཆེན་མོ་ཞིག་གསར་དུ་བསྐྲུན་རྒྱུ་དེ་ནི། ལྷ་ས་གྲོང་ཁྱེར་གྱི་“གྲོང་དྲུག་མཉམ་བསྐྲུན”གྱི་ནང་དོན་གཙོ་བོ་ཞིག་ཡིན། ལྷ་ས་གྲོང་ཁྱེར་གྱིས་ལྷ་སའི་ཡུལ་སྐོར་ལས་རིགས་དེ་ཉིད་དམངས་ཕྱུག་གྲོང་རྒྱས་དང་། ཁྱོན་ཡོངས་ལ་ཞབས་ཞུ་བྱེད་པ། མི་རིགས་མཐུན་སྒྲིལ་དང་ སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་དུ་གཏོང་བ་བཅས་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ལས་གཙོ་བོ་ཞིག་ཏུ་འགྱུར་བ་བྱས་ཏེ། ཞབས་ཞུའི་ལས་དོན་གཙོ་གནད་དུ་བཟུང་ནས་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་གསར་དུ་བསྐྲུན་པའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
  “ཡིད་སྨོན་འཆོར་བའི་བོད་ལྗོངས་དང་། དཔལ་ཡོན་ལྡན་པའི་ལྷ་ས”ཞེས་པའི་དཔལ་ཡོན་གཉིས་ལྡན་གྱི་ལས་རིགས་བྱེད་སྒོ་སྤེལ་བར་བརྟེན་ནས། རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔེ་མཚོན་གྲོང་ཁྱེར་དུ་གསར་འཛུགས་བྱེད་པའི་འབྲེལ་ཡོད་དགོངས་དོན་ཤུགས་ཆེན་པོས་དྲིལ་བསྒྲགས་བྱེད་པ་དང་།“དཔལ་ཡོན་གསར་སྐྲུན་བྱེད་པར་སྐུལ་འདེད་དང་ལས་རིགས་ཀྱི་མཁའ་དབུགས་གསར་པ་དར་ཁྱབ་གཏོང་བའི”བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་ཡིན་ལ། གཞོན་ནུའི་དཔལ་ཡོན་རྟགས་ཅན་གྱི་གསར་འཛུགས་ལས་དོན་དང་དཔྱད་འདེམས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། དཔལ་ཡོན་གསར་འཛུགས་བྱེད་པའི་བྱེད་སྒོའི་ཁྱབ་ཚད་བརྒྱ་ཆའི95ཡན་ལ་སླེབས་སུ་བཅུག་ནས། ཞབས་ཞུའི་ཆུ་ཚད་དང་ཞབས་ཞུའི་རྒྱུ་སྤུས་མཐོར་འདེགས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། །


འབྲེལ་ཡོད་འོས་སྦྱོར།