མཚོ་སྔོན་ཟི་ལིང་དུ་སྲོང་བཙན་མི་རིགས་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་བཙུགས་པ།
སྲོང་བཙན་མི་རིགས་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟིའི་ལས་འཛིན་སྤྲིན་གྱི་མེ་ཏོག
མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གི་ཐིན་ཀྲང་གཞོན་པ་ཞེ་ཁོན་ཐར་དང་། མཚོ་སྔོན་ཞིང་ཆེན་ཙོང་ཁ་དམངས་ཁྲོད་མདའ་འཕེན་གླུ་གར་ཚོགས་པའི་ཚོགས་གཙོ་ལྷ་མོ་ཚེ་བརྟན། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ། ཞིབ་འཇུག་པ། རབ་འབྱམས་པའི་ཁྲིད་སྟོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཁ་གསབ་རོགས་དངུལ་ལོངས་སུ་སྤྱོད་པའི་ཆེད་མཁས་པ་གཅོད་པ་དོན་གྲུབ་ལགས་བཅས་ཀྱིས་ཀུང་ཟི་དངོས་སུ་ཚུགས་པ་མཚོན་པའི་དར་ཚོན་གཅོད་བཞིན་པ།
ཉེ་ལམ། སྲོང་བཙན་མི་རིགས་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་འཛུགས་པའི་མཛད་སྒོ་མཚོ་སྔོན་ཟི་ལིང་ནས་འཚོགས་ཤིང་ཀུང་སི་དེ་དངོས་སུ་དབུ་བརྙེས་པ་ཁྱབ་བསྒྲགས་བྱས་པ་རེད།
སྲོང་བཙན་མི་རིགས་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་ནི་མི་རིགས་རིག་གནས་དར་སྤེལ་དང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན། དེང་རབས་རིག་གནས་ནང་འདྲེན། བཟོ་ལས་ལག་རྩལ་དར་སྤེལ། མི་རིགས་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ལས་དོན་སྤེལ་བའི་ཀུང་ཟི་ཞིག་ཡིན་ཞིང་། ཀུང་ཟི་འདིའི་ནང་དུ་སྲོང་བཙན་མི་རིགས་རིག་གནས་དཔལ་འབྱོར་འཕྲིན་གསར་ཞབས་ཞུ་ལྟེ་གནས་དང་། སྲོང་བཙན་མི་རིགས་རིག་གནས་དཔེ་སྐྲུན་ཇུས་འགོད་ཞབས་ཞུ་ལྟེ་གནས། སྲོང་བཙན་མི་རིགས་ཡིག་བསྒྱུར་ཞབས་ཞུ་ལྟེ་གནས། སྲོང་བཙན་མི་རིགས་གཞུང་བརྒྱའི་བགྲོ་གླེང་རྩོམ་སྒྲིག་ཁང་། སྲོང་བཙན་མི་རིགས་གྱོན་ཆས་བཟོ་གྲྭ་བཅས་ཚན་ཁག་དྲུག་ཚུད་ཡོད་ལ། ཀུང་ཟི་དེས་གནའ་དེང་གི་མཁས་པ་མང་བོའི་གསུང་འབུམ་དང་དུས་དེབ་སྣ་ཚོགས་དག་སྒྲིག་དང་པར་སྐྲུན། གཞུང་ལས་ཐོན་རྫས་དང་ཐང་ག གྱོན་ཆས་སྣ་ཚོགས། གློག་བརྙན་དང་འོད་སྡེར། དངོས་རྫས་སྣ་ཚོགས་སོགས་ཇུས་འགོད་བཟོ་སྐྲུན་དང་ཕྱིར་འཚོང་། རྒྱ་བོད་དབྱིན་གསུམ་སོགས་ཀྱི་ཡིག་སྒྱུར་སོགས་ཀྱི་ལས་གཉེར་བཞིན་ཡོད་པ་དང་། དེ་ནི་དེང་རབས་དང་སྤྱི་ཚོགས་ལ་མཁོ་བའི་ཞབས་ཞུའི་རང་བཞིན་ལྡན་པའི་སྤྱི་གཉེར་ཁང་ཞིག་ཡིན།
མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གྱི་ཐིང་ཀྲང་གཞོན་པ་ཞེ་ཁོན་ཐར་དང་། མཚོ་སྔོན་ཞིང་ཆེན་བྱ་ཁྱུང་དགོན་པའི་དགེ་བཤེས་རིན་པོ་ཆེ། མཚོ་སྔོན་ཞིང་ཆེན་ཙོང་ཁ་དམངས་ཁྲོད་མདའ་འཕེན་གླུ་གར་ཚོགས་པའི་ཚོགས་གཙོ་ལྷ་མོ་ཚེ་བརྟན། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ། ཞིབ་འཇུག་པ། རབ་འབྱམས་པའི་ཁྲིད་སྟོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཁ་གསབ་རོགས་དངུལ་ལོངས་སུ་སྤྱོད་པའི་ཆེད་མཁས་པ་གཅོད་པ་དོན་གྲུབ། མཚོ་སྔོན་ཞིང་ཆེན་མི་རིགས་སློབ་ཆེན་མི་རིགས་སློབ་གླིང་གི་གླིང་གཙོ་གཞོན་པ་ཟླ་བ། མཚོ་སྔོན་ཞིང་ཆེན་མི་རིགས་གླུ་གར་ཚོགས་པའི་ཚོགས་གཙོ་གོང་མ། ཀྲུང་གོའི་ཟློས་གར་མཐུན་ཚོགས་ཀྱི་ལས་འཛིན། མཚོ་སྔོན་ཞིང་ཆེན་བྲོ་གར་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྒྲིག་ཁྲིད་པ་འཕགས་པ་སྐྱབས། མཚོ་སྔོན་བརྙན་འཕྲིན་ཁང་དང་། མཚོ་སྔོན་རྒྱང་སྒྲོག་ཁང་། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་གངས་རྩེན་རིག་གནས་ཁྱབ་སྤེལ་ཚད་ཡོད་འགན་འཁྲིའི་ཀུང་ཟི་སོགས་ལས་ཁུངས་དང་སྤྱི་ཚོགས་ལས་རིགས་སོ་སོའི་འཐུས་མི་མཛད་སྒོ་དེར་ཕེབས་ཡོད་པ་རེད།