logo

ཧུང་ཡོན་རྟགས་ཅན་གྱི་འོ་རྩམ་རྒྱལ་ཡོངས་ཀྱི་ཁྲོམ་རར་ཁྱབ་གདལ་གཏོང་རྒྱུ་ཡིན་པ།

རྩོམ་པ་པོ།:བདེ་ལྷ་མོ། ཡོང་ཁུངས།:མི་དམངས་དྲ་བ། དུས་ཚོད།:2010-11-12 ཀློག་གྲངས།:

        ཉེ་ལམ། སི་ཁྲོན་རྔ་བ་ཁུལ་མི་དམངས་སྲིད་གཞུང་གིས་པེ་ཅིང་དུ་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་མཚོ་བོད་མཐོ་སྒང་གི་རང་བྱུང་ལྷད་མེད་ཀྱི་ཧུང་ཡོན་རྟགས་ཅན་གྱི་འབྲིའི་འོ་རྩམ་རྒྱལ་ཡོངས་ཀྱི་ཁྲོམ་རའི་ཐོག་ཁྱབ་གདལ་གཏོང་རྒྱུའི་སྐོར་ཁྱབ་བསྒྲགས་བྱས་པ་རེད།
        ཀྲུང་གོ་དབུལ་སྐྱོར་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རེན་ཕེང་ཆང་གིས་ངོ་སྤྲོད་བྱས་པར། འབྲི་གཡག་ནི་ནུབ་རྒྱུད་བོད་རིགས་ས་ཁུལ་གྱི་ཁྱད་ལྡན་ཐོན་ཁུངས་ཤིག་ཡིན་མོད། འོན་ཀྱང་སྲོལ་རྒྱུན་གྱི་གསོ་ཚགས་དང་དམའ་རིམ་ལས་སྣོན་གྱིས་འབྲི་གཡག་གི་རྩ་ཆེའི་རིན་ཐང་གང་ལེགས་མངོན་མི་ཐུབ་པ་མ་ཟད། གྲོང་ཁྱེར་གྱི་འཛད་སྤྱོད་མཐོ་བའི་ཚོགས་སྤྱིའི་དགོས་མཁོ་དེ་བས་སྐོང་ཐུབ་ཀྱི་མེད་ལ། འབྲི་གཡག་ཐོན་ལས་གསར་སྤེལ་གཏིང་ཟབ་བྱ་རྒྱུ་དེ་གངས་ལྗོངས་ས་མཐོར་འཚོ་བ་སྐྱེལ་མཁན་ཞིང་འབྲོག་མང་ཚོགས་ཁྲི་བཅུའི་ལས་ཞུགས་དང་ཡོང་འབབ་འཕར་སྣོན་ཡོང་རྒྱུ་དང་འབྲེལ་བ་ཆེན་པོ་ཡོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།