logo

གུང་ཧོ་རྫོང་གིས་ད་ལོའི་ཚུན་དུ་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར8ལྷག་བཏང་བ།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2010-11-03 ཀློག་གྲངས།:
 ད་ལོའི་ཚུན་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧི་རྫོང་གིས་ཀྲུང་དབྱང་གི་ནང་མཁོ་རྒྱ་བསྐྱེད་པ་དང་མཚོ་སྔོན་སོགས་བོད་ཁུལ་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་བཟང་པོ་བེད་སྤྱད་དེ། གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་གཏོང་ཚད་ལོ་རྒྱུས་ཀྱི་ཆེས་མཐོ་བསྐྲུན་པ་དང་། རྫོང་ཡོངས་ཀྱི་དཔལ་འབྱོར་འཕར་ཚད་ལ་གསོན་ཤུགས་གསར་བ་བསྣན། མིག་སྔའི་བར་དུ། གུང་ཧི་རྫོང་གིས་ལས་གཞི87འཆར་འགོད་བྱས་ཏེ། མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར8.3ལེགས་འགྲུབ་བྱས་ཤིང་། དུས་མཉམ་ལས39.78%གོང་དུ་འཕེལ་ལ། རྫོང་ཡོངས་ཀྱིས་ནན་ཏན་སྒོས་གྲོང་རྡལ་འཛུགས་སྐྲུན་དང་ནུས་ཁུངས་གསར་སྤེལ། སྤྱི་ཚོགས་འགན་སྲུང་། སྐྱེ་ཁམས་སྲུང་སྐྱོང་དང་ལེགས་བཅོས། ཞིང་ཕྱུགས་ནགས་ཆུ། གཞུང་ལམ་འགྲིམ་འགྲུལ། སློབ་གསོ་འཕྲོད་བསྟེན། རིག་གནས་ལུས་རྩལ། འབྲོག་དམངས་གཏན་སྡོད། འདུས་སྡོད་ཁུལ་ལེགས་བཅོས། གླ་བདེའི་སྡོད་ཁང་འཛུགས་སྐྲུན་སོགས་ཁྱབ་ཁོངས་མང་པོ་ཁྱབ་པའི་ལས་གཞི་འཆར་འགོད་བྱས་ནས་ཤུགས་ཆེན་པོས་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ལེགས་ཤིང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས། །


འབྲེལ་ཡོད་འོས་སྦྱོར།