logo

ཐུན་ཏེ་རྫོང་གིས་གནོད་འགོག་ཕྱུགས་སྐྱོབ་བྱ་བར་དངོས་གནས་ཤུགས་བསྣན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-11-25 ཀློག་གྲངས།:

  ཕྱུགས་ལས་ཀྱི་རང་བྱུང་གནོད་འཚེ་སྔོན་འགོག་བྱེད་པའི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་དང་འབྲོག་ཁུལ་གྱི་ཕྱུགས་ཟོག་བདེ་འཇགས་ངང་དགུན་དཔྱིད་ལས་བརྒལ་བར་ཁག་ཐེག  རང་བྱུང་གནོད་འཚེ་ལས་བྱུང་བའི་དཔལ་འབྱོར་གྱོང་གུན་ཉུང་འཕྲི་སོགས་བྱ་ཆེད།  ད་ལོའི་ཚུན་ལ་ཐུན་ཏེ་རྫོང་གིསསྔོན་འགོག་གཙོ་བོ་དང་གནོད་འཚེ་ཡོད་ན་གནོད་འགོག  གནོད་འཚེ་མེད་ན་གཟན་ཆས་ཁ་སྣོན་བྱེད་པའིབྱ་བའི་བྱེད་ཕྱོགས་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ།  བྱེད་ཐབས་ནུས་ལྡན་སྤྱད་ནས་གནོད་འགོག་ཕྱུགས་སྐྱོང་བྱ་བ་ནན་གྱིས་བཟུང་།  གཅིག་ནི་རྩ་འཛུགས་ལས་ཁུངས་ལ་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་བ་དང་འགན་འཁྲི་གསལ་བོ་བྱས།  རྫོང་རིམ་པའི་གནོད་འགོག་ཕྱུགས་སྐྱོང་མགོ་ཁྲིད་ཚན་ཆུང་སྔར་བས་འཐུས་ཚང་དུ་བཏང་ནས་ཞང་གྲོང་སོ་སོར་གནོད་འགོག་ཕྱུགས་སྐྱོང་གི་འགན་ལེན་ཡི་གེ་བཀོད་པ་དང་།  མགོ་ཁྲིད་པས་ཁག་བགོས་ནས་འགན་གཙང་ལེན་དང་ལས་བྱེད་པས་སྡེ་བ་གཙང་ལེན་བྱེད་པའི་ལམ་ལུགས་ལག་བསྟར་བྱས་པས།  ལས་འགན་སོ་སོ་དངོས་སུ་དོན་འཁྱོལ་བྱས།  གཉིས་ནི་ཧུར་བརྩོན་གྱིས་འབྲོག་པ་རྩ་འཛུགས་བྱས་ནས་གནོད་འགོག་ཕྱུགས་སྐྱོང་གི་དངོས་བོ་དང་གཟན་ཆས་གཟན་རྩྭ་སྣ་ཚོགས་གསོག་འཇོག་བྱེད་པ་དང་ལྕགས་དྲ་བསྐོར་བའི་རྩྭ་ས་འོས་མཐུན་གྱིས་བཀོད་སྒྲིག་བྱས། མིག་སྔའི་བར་དུ་རྫོང་ཡོངས་ཀྱིས་བསྡོམས་པས་གཟན་རྩྭ་སྤྱི་རྒྱ་ཁྲི༣༨༩༦དང་གཟན་ཆས་སྤྱི་རྒྱ་ཁྲི༣༡༦.༡གསོག་འཇོག་བྱས་པས།  ཆ་སྙོམས་ཀྱིས་ཕྱུགས་རེར་གཟན་རྩྭ་སྤྱི་རྒྱ༤༦རེ་དང་གཟན་ཆས་སྤྱི་རྒྱ༣.༨རེ་ཡོད་ཅིང་།  ཆ་སྙོམས་ཀྱིས་ཁྱིམ་རེར་གནོད་འགོག་ཕྱུགས་སྐྱོང་རྩྭ་ས་མུའུ༡༠༠རེ་བཞག་ཡོད།  གསུམ་ནི་རོང་འབྲོག་མང་ཚོགས་ལ་དྲིལ་བསྒྲགས་སློབ་གསོ་བཏང་ནས་འབྲོག་པ་མང་ཚོགས་ཀྱིས་ཕྱུགས་ཟོག་མི་བཙོང་བའི་བསམ་བློ་བསྒྱུར་བ་དང་།  ཧུར་བརྩོན་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཕྱུགས་ཟོག་བཤས་ཁོངས་སུ་གཏོང་བའི་ཤུགས་ཚད་ཇེ་ཆེ་དང་རྩྭ་སའི་གནོན་ཤུགས་ཇེ་ཡང་དུ་བཏང་བས།  དགུན་དཔྱིད་ཀྱི་རྩྭ་ཕྱུགས་འགལ་བ་ནུས་ལྡན་གྱིས་ལྷོད་པོར་བཏང་།  བཞི་ནི་ཕྱུགས་ཟོག་གི་དྲོད་ཁང་སོགས་གནོད་འགོག་ཕྱུགས་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་བེད་སྤྱོད་གང་ལེགས་བྱེད་པ་དང་ཧུར་བརྩོན་གྱིས་རོང་འབྲོག་པ་མང་ཚོགས་ཀྱི་སྣེ་ཁྲིད་ནས་སྔོན་འགོག་འདུ་ཤེས་ཇེ་མཐོར་བཏང་སྟེ།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དངོས་གནས་བཀོལ་སྤྱོད་བྱས་ཏེ་གནོད་འགོག་ཕྱུགས་སྐྱོང་བྱ་བར་སྲ་བརྟན་གྱི་སྒྲིག་བཀོད་ཁག་ཐེག་བྱས།


འབྲེལ་ཡོད་འོས་སྦྱོར།