logo

ཤམ་བྷ་ལ་བོད་སྨན་ཚོགས་ཁག་དང་ཀྲེད་ཅིང་གི་ཁེ་ལས་མཉམ་འབྲེལ་སྒོས“བོད་སྨན”གསར་སྤེལ་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-05-03 ཀློག་གྲངས།:

  ཉེ་སྔོན།  ཀྲེད་ཅིང་ཉིན་པཱོ་གྲོང་ཁྱེར་དུ་སྤེལ་བའི་ཀྲུང་གོའི་སྐབས་དང་པོའི་ཡུལ་སྐོར་མ་དངུལ་ངོ་འཕྲད་གྲོས་མོལ་སྟེང་།  ཤམ་བྷ་ལ་བོད་སྨན་ཚོགས་པ་དང་ཀྲེད་ཅིང་ཅཱེ་ཀྲོང་ཚོགས་པ་གཉིས་ཀས་སྒོར་ཁྲི་ཚོ༥༠༠༠ཡི་དམིགས་ཡུལ་རང་བཞིན་གྱི་མ་དངུལ་གྲོས་མཐུན་བཞག་སྟེ།  ལག་གདངས་མཉམ་སྦྲེལ་གྱིས་བོད་སྨན་དང་བོད་སྨན་རིགས་ཀྱི་ཡུལ་སྐོར་ཚོང་རྫས་གསར་སྤེལ་བྱེད་རྒྱུ་རེད།

  ཅཱེ་ཀྲུང་ཚོགས་པར་མ་དངུལ་ཡོད་ཚད་གཏོང་བ་དང་།  མ་རྐང་ཚོད་འཛིན་བྱེད་པ།  མ་རྐང་དུ་ཞུགས་པའི་ཁེ་ལས་བཅུ་ལྷག་ཡོད་ལ།  གྲོས་མཐུན་ལ་དམིགས་ནས།  ཅཱེ་ཀྲུང་ཚོགས་པ་དང་ཤམ་བྷ་ལ་བོད་སྨན་ཚོགས་པ་གཉིས་ཀྱིས་ལག་གདངས་མཉམ་དུ་སྦྲེལ་ནས་བོད་སྨན་དང་བོད་སྨན་རིགས་ཀྱི་ཡུལ་སྐོར་ཚོང་རྫས་གསར་སྤེལ་བྱེད་རྒྱུ་ཡིན་པ་དང་།  མ་དངུལ་གྲངས་ཀ་སྒོ་ཁྲི་ཚོ༥༠༠༠ལས་མི་དམའ་བར་བྱས་ཡོད། འདི་ནི་ཡུན་ནན་འཐུས་ཚབ་ཚོགས་པས་མིག་སྔར་བཞག་པའི་མ་དངུལ་གྱི་གྲངས་ཀ་ཆེས་མཐོ་པའི་གྲོས་མཐུན་ཞིག་རེད།


འབྲེལ་ཡོད་འོས་སྦྱོར།