༄༅།། བོད་ལྗོངས་ཀྱི་རོང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་སྒོ་བརྒྱ་ཆའི་བཅོ་ལྔ་ལྷག་འཕར་བ།
རྩོམ་པ་པོ།:ཚེ་རིང་སྒྲོལ་མ།
ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།
དུས་ཚོད།:2008-04-07
ཀློག་གྲངས།:
ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་བོད་ལྗོངས་ཆབ་མདོ་རྫོང་གི་སྡེ་མི་ཞིག་གིས་ཁྱིམ་དུ་འོ་ཇ་བསྐོལ་བཞིན་པའི་ཚུལ།
བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་ཁྱབ་སྒྲོག་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་དུས་སྐབས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་རྩ་གནད་ལག་བསྟར་གྱི་དུས་རིམ་འབྲིང་བའི་དཔྱད་འཇོག་སྙན་ཞུའི་ནང་ཤེས་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་འཆར་འགོད་ལག་བསྟར་སྔོན་གྱི་ལོ་གསུམ་ནང་། བོད་ལྗོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་མངོན་གསལ་སྒོས་ཇེ་མཐོར་སོང་སྟེ། མི་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་རྐྱང་རྐྱང་བརྒྱ་ཆའི་བཅོ་ལྔ་ལྷག་འཕར་བ་དང་། དེ་དུས་སྐབས་སྔོན་མ་ལས་བརྒྱ་ཆའི་གཉིས་ལྷག་འཕར།
འབྲེལ་ཡོད་འོས་སྦྱོར།