སྡོད་ཁང་གི་སྒེའུ་ཁུང་ལས་བོད་ལྗོངས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་ལ་བལྟ་བ།
ཟླ་བའི་བུ་ཆུང་གིས་སྡོད་ཁང་གསར་པའི་སྒེའུ་ཁུང་ནས་ཕྱི་རོལ་ལ་བལྟ་བ།
ཟླ་བའི་ཁྱིམ་གསར་པའི་སྒེའུ་ཁུང་ཕྱི་གསལ་ནང་གསལ་ཡིན་པ།
གཞིས་ཀ་རྩེ་ས་ཁུལ་རིན་སྤུངས་རྫོང་བདེ་སྐྱིད་གླིང་སྡེ་བའི་ཟླ་བ་ཚང་གིས་༢༠༠༥ལོར་ཁང་པ་གསར་བ་བརྒྱབ་ཡོད་ལ། ཁྱིམ་མི་སྡོད་སའི་ཐོག་ཁང་གཉིས་པའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ༤༠༠ཡོད་ཅིང་། ཁང་བར་དཀར་ཆ་དོད་ཅིང་ཕྱི་གསལ་ནང་གསལ་ཡིན། རྣོ་གསེར་འདྲེས་མའི་སྒེའུ་ཁུང་གྲལ་དག་ཅིང་རྒྱ་ཆེ་ལ། དགུན་དུས་སུ་འོད་འཚེར་པའི་དྲོད་འཇམ་གྱི་ཉི་འོད་སྒེའུ་ཁུང་བརྟོལ་ནས་མགྲོན་ཤག་ཏུ་འཕྲོས་པས། མགྲོན་ཤག་ཏུ་དྲོ་སྐྱིད་ཀྱི་སྣང་བས་ཁྱབ་འདུག
ཟླ་བས་རང་ཉིད་ཀྱི་ཁང་པ་གསར་པ་རྒྱག་དུས། ཁང་བ་རྙིང་པ་བསམ་བཞིན་དུ་མ་བཤིགས་པར་བཞག་ཡོད། གསར་འགོད་པས་སྔོན་ཆད་ཀྱི་ཁང་པ་རྙིང་པའི་སྒེའུ་ཁུང་དེ་འདྲའི་གུ་དོག་པའི་རྒྱུ་མཚན་འདྲི་དུས། ཟླ་བ་གད་མོ་བགད་བྱུང་། ཁོས་འདི་སྐད། “སྒེའུ་ཁུང་གུ་དོག་པའི་རྒྱུ་མཚན་ནི་སྐབས་དེར་རྒྱུ་ཆ་མ་འདང་བས་རེད། དེ་དུས་བོད་ལྗོངས་ལ་དེང་སྐབས་བཞིན་ཤེལ་སྒོ་འདི་འདྲའི་མང་པོ་མེད་ལ། ཤིང་དང་རྣོ་གསེར་འདྲེས་མ་སོགས་ཀྱང་མེད། ཁང་བ་ཆེན་པོ་ཞིག་རྒྱག་འདོད་ཀྱང་རྒྱག་ཐབས་མེད་པ་མ་ཟད། སྔོན་ཆད་རླུང་ལྡང་པ་ཤུགས་ཆེ་པས། སྒེའུ་ཁུང་ཆེ་ན་དྲོད་བསྐྱིལ་མི་ཐུབ། གཞན་ད་དུང་ཇག་རྐུན་འགོག་ཆེད་ཡིན་ཞིང་། སྒེའུ་ཁུང་ཆུང་ན་རྐུན་མ་ནང་དུ་འཛུལ་མི་ཐུབ་པ་ཡིན། དེང་སྐབས་སྤྱི་ཚོགས་བདེ་འཇགས་ཡིན་པས། སྔོན་ཆད་ལྟར་སེམས་ཁུར་དེ་འདྲ་བྱེད་མི་དགོས་ཕྱིར། སྒེའུ་ཁུང་ཆེན་པོ་བཟོས་ཆོག”ཅེས་བཤད་པ་རེད། སྒེའུ་ཁུང་ཆེ་ཆུང་གི་འགྱུར་ལྡོག་ལས། ཁོ་ཚང་གི་སྡོད་ཁང་ལ་བོད་ལྗོངས་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་རྗེས་དང་། ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་ཀྱི་རྗེས་སུ་འགྱུར་ལྡོག་བྱུང་ཡོད་པ་མཚོན་ཐུབ་པ་རེད།
སྡོད་ཁང་རྙིང་བ།
ཟླ་བའི་སྡོད་ཁྱིམ་དུ་ཉིས་ཐོག་གི་སྐར་ཁུང་ནས་ཉི་འོད་འཕྲོས་འདུག
སྒེའུ་ཁུང་ཆུང་ཆུང་གི་འགྱུར་ལྡོག་ལས། རིམ་བཞིན་འབྱོར་ཕྱུག་གི་ལམ་དུ་བསྐྱོད་བཞིན་པའི་བོད་ལྗོངས་ཀྱི་ཞིང་སྡེ་གསར་པ་དང་། ཉིན་རེ་ནས་ཉིན་རེར་བདེ་ཞིང་སྐྱིད་པའི་བོད་ལྗོངས་ཀྱི་ཞིང་སྡེ་གསར་པ། སྡོད་ཁང་བདེ་འཇགས་དང་སྤྲོ་སྐྱིད་ལྡན་པ། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ནས་ཉིན་རེར་བདེ་སྐྱིད་ལྡན་པ་བཅས་ཀྱི་བོད་ལྗོངས་ཀྱི་ཞིང་སྡེ་གསར་པ་མཚོན་ཐུབ་མ་ཟད། ཞོགས་པའི་སྦྲང་ཆར་བསིལ་མ་ལ་ཉི་ཟེར་གྱིས་རེག་པ་བཞིན་བོད་ལྗོངས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་པའི་འཛུགས་སྐྲུན་གྱི་ལོ་རྒྱུས་ཀྱང་མཚོན་པར་བྱས་ཡོད།
འབྲེལ་ཡོད་ཡིག་ཚགས་ལས་ཤེས་གསལ་ལྟར་ན། ༡༩༧༨ལོའི་སྒོར་༡༧༥་ནས་༢