རིན་སྤུངས་རྫོང་གིས་ངལ་ནུས་ལྷག་མའི་ཁ་ཕྱོགས་བསྒྱུར་བས་རོང་འབྲོག་མི་སེར་གྱི་ཡོང་འབབ་ཇེ་མང་དུ་སོང་བ།
རིན་སྤུངས་རྫོང་གི་བདེ་སྐྱིད་གླིང་གྲོང་གསེབ་ཀྱི་སྡོད་མི་ཕུར་བུ་ཡིས་ཁང་བ་རྩེག་བྱེད་ཀྱི་རྡོར་ལས་སྣོན་བྱེད་ཀྱིན་ཡོད།
རིན་སྤུངས་རྫོང་གི་བདེ་སྐྱིད་གླིང་གྲོང་གསེབ་ཀྱི་ཟླ་བའི་ཆུང་མས་སྣམ་བུ་འཐག་བཞིན་ཡོད།
རིན་སྤུངས་རྫོང་གི་བདེ་སྐྱིད་གླིང་གྲོང་གསེབ་ཀྱི་གྲོང་མི་ཟླ་བ།
ད་ལོར་ཡོང་འབབ་ཕལ་ཆེར་སྒོར་ཁྲི༢༠ལྷག་རག་ཡོད་ཅིང་། དེ་ནི་ལོ་སྔོན་མ་ལས་ཀྱང་བཟང་བ་རེད། ཅེས་ཁོད་ཡངས་པའི་མགྲོན་ཁང་གི་ནང་དུ་གཞིས་རྩེའི་རིན་སྤུངས་རྫོང་བདེ་སྐྱིད་གླིང་གྲོང་གསེབ་ཀྱི་གྲོང་མི་ཟླ་བས་དགོད་ཞོར་དུ་ད་ལོའི་ཡོང་འབབ་ཀྱི་གནས་ཚུལ་གསར་འགོད་པར་ངོ་སྤྲོད་བྱས་པ་རེད།
རིན་སྤུངས་རྫོང་གི་བདེ་སྐྱིད་གླིང་གྲོང་གསེབ་ཀྱི་གྲོང་མི་ཟླ་བས་ངལ་ནུས་ལྷག་མའི་ཁ་ཕྱོགས་བསྒྱུར་བའི་ཚུལ་ནི་ལོ་འདི་འགའི་རིང་རིན་སྤུངས་རྫོང་གི་གྲོང་གསེབ་ཀྱི་ངལ་ནུས་ལྷག་མའི་ཁ་ཕྱོགས་བསྒྱུར་བའི་མཚོན་གཟུགས་ཤིག་ཡིན། རྒྱུས་ལོན་བྱུང་བ་ལྟར་ན། ༢༠༠༨ལོར་རིན་སྤུངས་རྫོང་གིས་རོང་འབྲོག་མང་ཚོགས་ལ་ཚན་རིག་ལག་རྩལ་སྐོར་གྱི་གསོ་སྐྱོང་སྦྱོང་བརྡར་ཐེངས༦གཉེར་ཞིང་། གསོ་སྐྱོང་སྦྱོང་བརྡར་དུ་ཞུགས་པའི་མི་གྲངས༤༡༡༣ལ་བསླེབས་པ་དང་། རོང་འབྲོག་མི་སེར༦༩༠ལ་ལག་རྩལ་སྐོར་གྱི་གསོ་སྐྱོང་སྦྱོང་བརྡར་བྱས་པ་རེད། ༢༠༠༨ལོའི་ཟླ༡༠བའི་ཟླ་མཇུག་ཏུ། ཕྱིར་ཞོར་ལས་སུ་འགྲོ་བའི་མི་གྲངས༡༥༠༠༥ལ་བསླེབས་པ་དང་། ཡོང་འབབ་སྒོར་ཁྲི༣༢༣༩.༤༣ལ་བསླེབས་པས། མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་༢༡༥༨.༩ལ་བསླེབས་པ་རེད།
རིན་སྤུངས་རྫོང་བྲག་པ་ཤང་གི་ཁང་པ་བཟོ་བཀོད་རུ་ཁག་གི་རུ་གཙོ་ཉི་མའི་ཁྱིམ་གྱི་མགྲོན་ཁང་གི་ཟུར་ཞིག
རིན་སྤུངས་རྫོང་བྲག་པ་ཤང་གི་བཟོ་བཀོད་རུ་ཁག་གི་རུ་གཙོ་ཉི་མ།
རིན་སྤུངས་རྫོང་བྲག་པ་ཤང་གི་ཁང་པ་བཟོ་བཀོད་རུ་ཁག་གི་རུ་གཙོ་ཉི་མ་ནི་ཅུང་སྔ་མོ་ནས་ངལ་རྩོལ་གྱི་ཁ་ཕྱོགས་བསྒྱུར་རྗེས་ཕྱུག་པོར་ཆགས་མཁན་ནང་གི་གཅིག་ཡིན་ཞིང་། ཁོ༡༩༩༢ལོ་ནས་བཟུང་ཕྱི་རོལ་དུ་ཞོར་ལས་བྱེད་དུ་སོང་བ་དང་། ཞོར་ལས་ཀྱི་སྐབས་སུ་ཁང་པ་བཟོ་བཀོད་རུ་ཁག་གི་ནང་དུ་ཞུགས་ནས་ཁང་པ་བཟོ་བཀོད་སྐོར་གྱི་ལག་རྩལ་སྦྱོང་བའི་གོ་སྐབས་བྱུང་། ཕྱིས་སུ་ཕྱིར་ཕ་ཡུལ་དུ་ལོག་རྗེས། བསགས་དངུལ་སྒོར༢༠༠༠དང་། དེ་ཁར་མ་དངུལ་སྒོར༡༠༠༠༠བསྐྱིས་ཏེ་རང་ཉིད་ཀྱི་ནུས་པར་བརྟེན་ནས་ཨར་བཟོ་རུ་ཁག་ཅིག་སྒྲིག་འཛུགས་བྱས་ཏེ་ཕྱི་ཕྱོགས་སུ་བསྐྱོད་མགོ་བརྩམས། ཁང་པ་བཟོ་བཀོད་ཀྱི་རྒྱུ་སྤུས་ལ་མཐོང་ཆེན་དང་ལས་བཟོ་བར་ལྟ་རྟོག་གང་ལེགས་བྱས་པས། རིན་སྤུངས་རྫོང་གི་ཁང་པ་བཟོ་བཀོད་ལས་རིགས་ཀྱི་ནང་ནས་ཡང་རྩེར་གྱུར་པ་དང་། ཚོང་གཉེར་གྱི་ཁྱབ་ཁོངས་རིམ་གྱིས་ཇེ་ཆེར་གྱུར་པ་རེད། ད་ལྟ་ཨར་ལས་བཟོ་ཁག་ཏུ་གཏན་འཇགས་ཀྱི་ལས་བཟོ་བ༣༠ལྷག་ཡོད་པ་མ་ཟད། རང་ལ་དབང་པའི་ས་རྐོ་འཕྲུལ་ཆས་དང་། འདྲུད་འཐེན་འཁོར་ལོ་ཆེན་པོ། སྐྱེལ་འདྲེན་རླངས་འཁོར་སོགས་ཉོས་ཡོད་པ་རེད།
ཤེས་གསལ་ལྟར་ན། ལོ་ལྔ་ཚན་བཅུ་གཅིག་པའི་སྐབས་སུ། བོད་རང་སྐྱོང་ལྗོངས་ཀྱི་འཆར་གཞི་ལྟར་ན་ལོ་རེར་རོང་འབྲོག་མི་སེ