logo

ཆབ་ཁའི་བོད་གྲིས་རྡོ་ལོར་བདེ་སྐྱིད་ཀྱི་འཚོ་བ་སྦྱིན་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ནས། དུས་ཚོད།:2008-02-27 ཀློག་གྲངས།:

བོད་གྲི་བཟོ་སྣོན་སིལ་འཚོང་གི་ཆེད་ལས་མཉམ་འབྲེལ་ས་ཚུགས་གྱི་སྒོ་བྱང་དངོས་སུ་འགེལ་རྒྱུ་རེད།

བཟོ་རྩལ་ཞིབ་ཚགས་ཡིན་པའི་དངུལ་ཤུབས་ཅན་གྱི་ཆབ་ཁའི་བོད་གྲི།

རྡོ་ལོ་དང་ཁོའིཁྲི་སྡེ་སྟོང་ཤང་གི་ལས་གཞིའིཚོང་ཁང་ཆུང་བ།

ལག་བཟོ་རྣལ་མའི་ཆབ་ཁའི་བོད་གྲི་བཟོ་ས།

    རྡོ་ལོ་ནི་གཞིས་ཀ་རྩེ་བཞད་མཐོང་སྨོན་ཆབ་ཁ་སྡེ་བའི་གྲི་མགར་ཡིན་ཞིང་།   སྲོལ་རྒྱུན་གྱི་བོད་གྲིའི་བཟོ་རྩལ་ལ་བསྟེན་ནས་སྡེ་བའི་ཕྱུག་པོའི་རྩེ་གྲས་སུ་སོན་ཡོད།   ཁོས་བཟོས་པའི་ཆབ་ཁའི་བོད་གྲི་ནི་བོད་གྲི་གཞན་ལས་མིང་གྲགས་ལྡན་པ་ཞིག་ཡིན་ཏེ། བཟོ་རྩལ་གྱི་ལས་སྣོན་ཞིབ་ཚགས་ཡིན་པ་མ་ཟད། དབྱིབས་ལེགས་ལ་གྲི་ཁར་ཆག་སྐྱོན་འབྱུང་དཀའ་བ་ཞིག་རེད།   ཆབ་ཁའི་བོད་གྲི་འདི་ནི་ཐོག་མར་འབྲུག་ཡུལ་ནས་བྱུང་ཤིང་།   མཐའ་འཁོབ་ཚོང་འབྲེལ་གྱི་དབང་གིས་བོད་ལྗོངས་སུ་ནང་འདྲེན་བྱས་ཏེ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱས།   དེའི་རྗེས་སུ་མི་འགའ་རེས་འབྲུག་ཡུལ་དུ་ཕྱིན་ནས་ལྐོག་ཏུ་བཟོ་ལས་སྒྱུ་རྩལ་སྦྱངས་པ་མ་ཟད་དཔུང་བའི་སྟེང་ཟིན་བྲིས་སུ་བཏབ་ནས་བོད་ལྗོངས་ལ་ཁྱེར་ཡོང་རྗེས། མི་རིགས་རང་གི་བཟོ་ལས་ལག་རྩལ་གྱི་རྨང་གཞིའི་སྟེང་ཆབ་ཁའི་བོད་གྲི་འདི་བྱོན། དེང་སྐབས།   ལག་རྩལ་འདིར་བརྟེན་ནས་རྡོ་ལོ་མི་སྒེར་གྱི་ལོ་རེའི་ཡོང་སྒོ་མ་དངུལ་རྐྱང་པ་སྒོར་ཁྲི༧ལ་སོན་ཡོད།   ནང་ལོག་ཏུ་སློབ་གཉེར་བྱེད་ཀྱིན་པའི་བུ་ཆུང་བ་མ་གཏོགས།   གཞན་པའི་བུ་ཕྲུག་གཉིས་ཀྱིས་ཁོ་དང་མཉམ་དུ་བོད་གྲི་བཟོ་གིན་ཡོད་ལ།   མི་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི༥དང་ཁྲི༣ཡིན།

    རྡོ་ལོ་ད་ལོར་དགུང་ལོ༤༣ཡིན་ཞིང་། བཟོ་རྩལ་སྦྱངས་ནས་ལོ་ངོ༡༣ཟིན།   ༡༩༧༨ལོའི་བཅོས་སྒྱུར་སྒོ་འབྱེད་འགོ་རྩོམ་དུས་ནས་ལོ་ངོ་༣༠་རིང་རྡོ་ལོར་གནམ་ས་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་། ༡༩༩༦ལོར།   བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཁོངས་སུ་མི་རིགས་ལག་ཤེས་བཟོ་རྩལ་གྱི་འགྲན་བསྡུར་བྱ་འགུལ་སྤེལ་དུས། རྡོ་ལོས་རང་གི་ཤེས་རིག་དང་རྔུལ་ཁྲག་ལས་བྱུང་པའི་བོད་གྲི་ཁྱེར་ནས་འགྲན་བསྡུར་ལ་ཞུགས་པས་ལྗོངས་ཡོངས་ཀྱི་ཨང་དང་པོ་ཐོབ། དེ་ནས་བཟུང་བཞད་མཐོང་སྨོན་གྱི་བོད་གྲིར་མི་རྣམས་ཀྱིས་ཁས་ལེན་བྱས་ནས་རིམ་བཞིན་མིང་དུ་གྲགས། ༡༩༩༨ལོར། བོད་རང་སྐྱོང་ལྗོངས་ཀྱི་དམངས་ཆེན་ཀྲུའུ་རིན་ལེགས་མཆོག་ཆེད་དུ་བཞད་མཐོང་སྨོན་ལ་སླེབས་ནས་རྡོ་ལོར་འཕྲད་པ་མ་ཟད་། ཁོའི་བོད་གྲིར་མ་དངུལ་གཏོང་བར་ཁས་ལེན་བྱས། དེ་ནས་བཟུང་ལོ་ངོ་བཅུའི་འཕེལ་རྒྱས་བརྒྱུད་ནས་དེང་སྐབས་མི་འགྱངས་བར་སྒོ་བྱང་འགེལ་པའིབོད་གྲི་བཟོ་སྣོན་སིལ་འཚོང་གི་ཆེད་ལས་མཉམ་འབྲེལ་ཁངབྱུང་། བཅོས་སྒྱུར་སྒོ་འབྱེད་ཀྱི་སྔོན་ལ་རྡོ་ལོའི་ལོ་རེའི་ཡོང་འབབ་ཕལ་ཆེར་སྒོར༣༠༠༠ཡིན་ལ། དེང་སྐབས་དང་བསྡུར་ན་ལྡབ༢༤ཡི་ཁྱད་པར་ཡོད། ཁོས་བཤད་རྒྱུར།   དེང་སྐབས་ཀྱི་འཚོ་བ་ནི་རྨི་ལམ་ཇི་བཞིན་ལོ་ངོ་༣༠ཅུའི་སྔོན་ལ་བསྡུར་ཐབས་མེད་པ་རེད་ཟེར།

    མིག་སྔར།  བཞད་མཐོང་སྨོན་རྫོང་ན་ཆབ་ཁའི་བོད་གྲི་བཟོ་བའི་ཁྱིམ་ཚང༢༨ཡོད་ལ། དེའི་ནང་ལག་རྩལ་བྱང་ཆུབ་པའི་ཁྱིམ་ཚང༡༠དང་། ལས་གཉེར་མི་སྣ་༥༢ཡོད། ཆ་སྙོམས་ལོ་ཚད༢༧ཡིན་ལ། ཁྱིམ་རེའི་ཡོང་སྒོ་སྒོར་ཁྲི་༡༠ཡན་ཡི


འབྲེལ་ཡོད་འོས་སྦྱོར།