ཟི་ཁྲོན་རྔ་བ་རྫོང་གི་ཞིང་བས་ལོ་ཏོག་བསྡུ་འགོ་བརྩམས་པ།
རྩོམ་པ་པོ།:བསོད་ནམས་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2007-12-20
ཀློག་གྲངས།:
འབྲས་ལྡན་སྟོན་གྱི་དུས་འདིར། ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གི་ས་གནས་སོ་སོར་སྟོན་བསྡུ་བའི་དགའ་སྤྲོའི་རྣམ་པས་ཁེངས་ཡོད། རོང་འབྲོག་པ་མང་ཚོགས་ཀྱིས་ཞིང་ཁ་ནས་བྲེལ་འཚུབ་ངང་ལོ་ཏོག་འབྲེག་བསྡུ་བྱེད་བཞིན་ཡོད་པ་དང་། དེའི་ཞོར་ལ་རྔ་བ་རྫོང་གི་སྲན་རིལ་དང་སྲན་ལྗང་བཏོག་པའི་དུས་ཚིགས་ལའང་བསླེབས་པས། ད་ལྟ་རོང་འབྲོག་པ་མང་ཚོགས་རྣམས་སྤྲོ་སྣང་གིས་ཁེངས་ཏེ་ལོ་ཏོག་བསྡུ་བར་བྲེལ་བའི་སྒང་རེད།
འབྲེལ་ཡོད་འོས་སྦྱོར།