logo

སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་གིས་ཐོན་ལས་ཅན་གྱི་བདག་གཉེར་བྱེད་ཐབས་ཀྱིས་མི་མང་ལ་ཕན་ཁེ་བསྐྲུན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2007-12-19 ཀློག་གྲངས།:

    ཉེ་བའི་ལོ་འགའི་རིང་ལ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་གིས་བྱེད་ཐབས་ནུས་ལྡན་སྤྱད་ནས་ཞིང་ལས་ཐོན་ལས་ཅན་གྱི་བདག་གཉེར་ལ་ཡར་སྐུལ་བྱས་པས་དགའ་འོས་པའི་གྲུབ་འབྲས་བླངས།

    མཛོད་དགེ་རྫོང་གིས་སྔ་གཞུག་ཏུ་རྫོང་ཡོངས་སུ་ཕན་འབྲས་མཐོ་བའི་ཞིང་ལས་ཐོན་སྐྱེད་ཀྱི་རྟེན་གཞི་དྲུག་བཙུགས།ཆོས་རྗེ་སྡེ་བར་ཆོས་རྗེ་རྒྱང་བསྐྱོད་སྔོ་ཚལ་ཚད་ཡོད་ཀུང་ཟི་འཛུགས་རོགས་བྱས་ཏེ། ལོ་རེའི་ཡོང་འབབ་སྒོར་མོ་ཁྲི་བཅུ་གཉིས་ལྷག་མངོན་འགྱུར་བྱུང་བ་དང༌།ཚོང་རུ་སྡེ་བར་ཚོང་རུ་སྔོ་ཚལ་ཀུང་ཟི་བཙུགས་ཏེ། ལོ་རེའི་ཡོང་འབབ་སྒོར་མོ་ཁྲི་བཅུ་ལྷག་མངོན་འགྱུར་བྱུང༌། ད་ལྟ་དེའི་ནང་ཞུགས་པའི་མི་གྲངས་སྟོང་བཞི་དང་ལྔ་བརྒྱ་ང་གཅིག་ལ་སླེབས།


འབྲེལ་ཡོད་འོས་སྦྱོར།