logo

༄༅།།མཚོ་ལྷོ་ཁུལ་སྤོ་སྒུལ་གྱིས“5G+འོད་དྲ”ཀྲོའོ་སྟོང་ཟུང་ཁྱབ་བསྒྲགས་ཚོགས་འདུ་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-05-15 ཀློག་གྲངས།: 24436
སྤྱི་ཟླ5བའི་ཚེས15ཉིན་གྱི་སྔ་དྲོར། མཚོ་ལྷོ་སྤོ་སྒུལ་ཀུང་ཟིས“5G+འོད་དྲ”ཀྲོའོ་སྟོང་ཟུང་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཤིང་། འདིས་མཚོ་ལྷོ་ཁུལ་གྱི་ཆ་འཕྲིན་ཅན་ལག་རྩལ་སྔར་ལས་མཐོ་བའི་སྟེགས་བུ་ཞིག་ཏུ་འགོས་པ་དང་། རིག་ལྡན་གྱི་མ་འོངས་པའི་དུས་རབས་གསར་བར་སྙེག་པ་མཚོན། འདིར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཏུའུ་ཅིན་ཕིང་དང་། ཀྲུང་གོའི་སྤོ་སྒུལ་མཚོ་སྔོན་ཀུང་ཟིའི་ཏང་ཨུ་ཨུ་ཡོན་དང་སྤྱི་ཁྱབ་འགན་འཛིན་གཞོན་པ་ལི་ཝེ་མེན། ཁུལ་བཟོ་ལས་ཚོང་གཉེར་དང་ཆ་འཕྲིན་ཅན་ཅུའི་ཅུའུ་ཀྲང་ཚུའེ་ཡུང་། མཚོ་ལྷོའི་ཡན་ལག་འགོ་ཁྲིད་དང་། གཙོ་གནད་ཐུན་ཚོགས་སྡེ་ཁག་གི་འགོ་ཁྲིད། 5Gདང་ཀྲོའོ་སྟོང་ཟུང་དཔེ་སྟོན་སྡོད་ཆུང་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་གཞིས་ལས་འཐུས་ཚབ་སོགས་ཚོགས་འདུར་ཞུགས།
“5G+འོད་དྲ”ཀྲོའོ་སྟོང་ཟུང་ཁྱབ་བསྒྲགས་བྱས་པ་འདིས། མཚོ་ལྷོ་ཁུལ་གཞི་གྲངས་ཐོན་ལས་ཀྱི་ཞིབ་ཕྲའི་བྱེད་ཐབས་ལ་སྐུལ་སྤེལ་བཏང་བ་མ་ཟད། “དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་དང་། གྲངས་འཛིན་ཀྲུང་གོ  རིག་ལྡན་སྤྱི་ཚོགས”ཀྱི་འཐབ་ཇུས་བཀོད་འདོམས་ལ་བསྟུན་པ་དང་། ལྷག་ཏུ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་གྲངས་འཛིན་ཅན་ཚུལ་བསྒྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཏུའུ་ཅིན་ཕིང་དང་། ཁུལ་བཟོ་ལས་ཚོང་གཉེར་དང་ཆ་འཕྲིན་ཅན་ཅུའི་ཅུའུ་ཀྲང་ཚུའེ་ཡུང་། ཀྲུང་གོའི་སྤོ་སྒུལ་མཚོ་སྔོན་ཀུང་ཟིའི་ཏང་ཨུ་ཨུ་ཡོན་དང་སྤྱི་ཁྱབ་འགན་འཛིན་གཞོན་པ་ལི་ཝེ་མེན། ཀྲུང་གོའི་སྤོ་སྒུལ་འཕྲིན་གཏོང་ཐུན་ཚོགས་མཚོ་སྔོན་ཚད་ཡོད་ཀུང་ཟི་མཚོ་ལྷོའི་ཡན་ལག་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི་དང་སྤྱི་ཁྱབ་འགན་འཛིན་པའེ་ཧི་བཅས་ཀྱིས་མཚོ་ལྷོ་ཁུལ་ཞིང་ཆེན་ཡོངས་ཀྱི་ཀྲོའོ་སྟོང་ཟུང་དཔེ་སྟོན་རྟེན་གཞི་ཐོག་མར་སྒོ་བྱང་བཀལ།
ཀྲུང་གོའི་སྤོ་སྒུལ་འཕྲིན་གཏོང་ཐུན་ཚོགས་མཚོ་སྔོན་ཚད་ཡོད་ཀུང་ཟི་མཚོ་ལྷོའི་ཡན་ལག་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི་དང་སྤྱི་ཁྱབ་འགན་འཛིན་པའེ་ཧི་ཡིས་གྲངས་འཛིན་གྱིས་སྣེ་ཁྲིད་དང་། མ་འོངས་རིག་སྦྲེལ། མཚོ་ལྷོའི་སྤོ་སྒུལ་ཏེ5G+འོད་དྲ་ཀྲོའོ་སྟོང་ཟུང་ཡོངས་བསྒྲགས་བྱས།
ཀྲུང་གོའི་སྤོ་སྒུལ་འཕྲིན་གཏོང་ཐུན་ཚོགས་མཚོ་སྔོན་ཚད་ཡོད་ཀུང་ཟི་མཚོ་ལྷོའི་ཡན་ལག་ཀུང་ཟིའི་ཏང་ཨུའི་ཨུ་ཡོན་དང་སྤྱི་ཁྱབ་འགན་འཛིན་གཞོན་པ་ཀྲང་ཆིན་ཡུའུ་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་ནང་། མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གྲངས་འཛིན་དཔལ་འབྱོར་ནི་ལྗང་མདོག་ཐོན་ལས་མ་ལག་བསྐྲུན་པའི་གྲུབ་ཆ་གཙོ་བོར་བུཟང་སྟེ། གཞི་གྲངས་ཐོན་ལས་སྐུལ་སྤེལ་བྱས། མཚོ་ལྷོའི་སྤོ་སྒུལ་གྱིས་སྐབས་དང་བསྟུན་ནས་ནུས་ཤུགས་ཡོད་རྒུས་མཚོ་ལྷོ་ཁུལ་ནི“5G+འོད་དྲ”ཀྲོའོ་སྟོང་ཟུང་གི་དཔེ་སྟོན་རྟེན་གཞིར་གྱུར་ཐུབ་པ་བྱུང་།
2020ལོར། 5Gདྲ་རྒྱའི་འཛུགས་སྐྲུན་ཐད་ནས། མཚོ་ལྷོ་ཁུལ་ལ་མ་དངུལ་སྒོར་དུང་ཕྱུར1.1གཏོང་རྩིས་ཡོད་ཅིང་། གསེར་ཆེན་རྫོང་དང་ཁྲི་ཀ་རྫོང་མཁར། ལྷོ་ཕྱོགས་རྫོང་གསུམ་སྲིད་འཛིན་ལྟེ་བ་ཁུལ་དུ5Gདྲ་རྒྱ་ཡོངས་སུ་ཁྱབ་པ་དང་མཚུངས་སུ། དྲ་རྒྱའི་མྱུར་ཚད་ཀྱང4Gདྲ་རྒྱའི་ལྡབ10ཡན་དུ་སླེབས་པ་དང་། ཀྲོའོ་སྟོང་གི་ཐགས་ཡངས་དྲ་རྒྱའི་ཐད་ནས། སྐོར་འདིར་མཚོ་ལྷོ་ལ་མ་དངུལ་ཧ་ལམ་སྒོར་ཁྲི3000གཏོང་རྒྱུ་དང་། ཀྲོའོ་སྟོང་གི་སྡོད་ཁུལ་གྲགས་ཅན་འཛུགས་སྐྲུན་བྱས་ཏེ། སྔོན་རྩིས་ལྟར་ན་སྤྱོད་མཁན་ཁྱིམ་ཚང་ཁྲི4ལ་ཁེབས་པར་བྱ་རྒྱུ་ཡིན།
མཚོ་ལྷོའི་སྤོ་སྒུལ་ཀུང་ཟིས་ཡུན་ཀུའུ་དང་། རིག་ལྡན་ཡུལ་སྐོར། རིག་ལྡན་སློབ་ར། རིག་ལྡན་སྨན་བཅོས་སོགས་ཀྱི་ཐད་ལས་སྒོ་མཉམ་འབྲེལ་བྱེད་པའི་ཐུན་ཚོགས་སྡེ་ཁག་ལ5G+ཀྲོའོ་སྟོང་ལས་རིགས་སྒྲིག་གཞིའི་འཐབ་ཇུས་མཉམ་འབྲེལ་གྲོས་ཆིངས་བཀོད།
མཚོ་ལྷོའི་སྤོ་སྒུལ་ཀུང་ཟིས5Gདང་ཀྲོའོ་སྟོང་ཟུང་དཔེ་སྟོན་སྡོད་ཆུང་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་གཞིས་ལས་འཐུས་ཚབ་ལ་ཡུལ་དངོས་སུ་ཀྲོའོ་སྟོང་སྡོད་ཆུང་མཚན་བྱང་གནང་།
འབྲེལ་ཡོད་འོས་སྦྱོར།