logo

༄༅།།མཚོ་སྔོན་ཞིང་ཆེན་གྱི2020ལོའི་གཏིང་ཟབ་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་བསྡུས།

རྩོམ་པ་པོ།:ངེད་དྲ་བས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-06-09 ཀློག་གྲངས།:
སྤྱི་ཟླ6པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་གྱི2020ལོའི་གཏིང་ཟབ་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་དུ་བསྡུས་ཤིང་། ཞིང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དབུལ་སྐྱོར་དར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་ཝང་ཅན་ཅུན་གྱིས་མདོ་འཛིན་དང་གཏམ་བཤད་གནང་བ་དང་། ཧྲིན་ཀྲང་དང་ཞིང་ཆེན་དབུལ་སྐྱོར་དར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་ལིའུ་ཉིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་ཨོའུ་ཆིང་ཕིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད་གནང་།
ཝང་ཅན་ཅུན་གྱིས་ཞིང་ཨུ་དང་ཞིང་སྲིད་གཞུང་གི་ཚབ་བྱས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ན་གཞོན་དང་དབུལ་སྐྱོར་མཐུན་སྒྲུབ་བྱེད་པའི་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུ། ཀྲུང་དབྱང་ཁེ་ལས། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་དུས་རྒྱུན་མཚོ་སྔོན་ལ་རོགས་སྐྱོར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་ཤིང་། ཁོང་གིས་བསྟན་དོན། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་ལ་ཕུ་ཐག་ཆོད་པའི་རྒྱལ་ཁ་ལེན་པའི་གཏམ་བཤད་གལ་ཆེན་དང་དགོངས་དོན་ལག་བསྟར་དངོས་འབེབས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་འོས་འགན་ལེགས་འགྲུབ་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་ནི་གདམ་གསེས་ཤིག་མ་ཡིན་པར་དེ་ནི་ངེས་པར་དུ་བསྒྲུབ་དགོས་པ་ཞིག་ཡིན། རིམས་ནད་ནམ་ཞིག་འདས་ངེས་ལ་དབུལ་ཐར་མཁྲེགས་གཏོར་ལ་ཕྱི་ནུར་མེད། སྲ་བརྟན་དུ་གཏོང་བ་ནི་རིམས་ནད་སླར་མི་འབྱུང་བ་དང་དབུལ་ཐར་ལས་ཕྱིར་མི་དབུལ་བར་བྱེད་པ་ཡིན། བསྟུད་མར་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་བྱེད་ཐབས་ལེགས་འཛིན་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་གོ་རིམ་ཁྲོད་རིམ་པ་སོ་སོའི་ལས་སྒྲུབ་མི་སྣ་དང་དཀའ་ངལ་མང་ཚོགས་ལ་སྣེ་ཁྲིད་ལེགས་པོ་བྱས་ཏེ། ཚད་གཞི་དམའ་རུ་མི་འགྲོ་ཞིང་སྤུས་ཚད་ལ་ཤན་ཤུགས་མི་ཐེབས་པ་དང་།  ཚད་གཞི་ཇེ་མཐོ་རུའང་མི་གཏོང་ལ་ཡི་ག་ཆེ་རུ་མི་བསྐྱེད་པར། དངོས་གནས་དབུལ་ཐར་བྱེད་དགོས།
ལིའུ་ཉིན་གྱིས་གཏམ་བཤད་ཁྲོད་བསྟན་དོན། དབུལ་ཕོངས་ལས་གྲོལ་ཏེ་དམངས་འཚོ་ལེགས་བཅོས་བྱེད་པ་དང་། རིམ་བཞིན་ལྷན་དུ་ཕྱུག་འགྱུར་མངོན་འགྱུར་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་དགོངས་ཚུལ་དང་ཏང་གི་འོས་འགན་གལ་ཆེན་ཡིན། དབུལ་ཐར་མཁྲེགས་གཏོར་མགོ་བརྩམས་པ་ནས་བཟུང་། ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་གཞི་བཀོད་འདོམས་ལག་ལེན་གཏིང་ཟབ་བྱས་ཏེ། དབུལ་ཐར་མཁྲེགས་གཏོང་ནི་ལས་དོན་གལ་ཆེན་དང་དམངས་འཚོའི་བཟོ་བཀོད་དང་པོར་རྩིས་པ་དང་། གནད་འཕིགས་དབུལ་སྐྱོར་དང་བསམ་པའི་དབུལ་ཐར། ཁ་གཏད་དབུལ་སྐྱོར་ཇེ་དྲག་ཏུ་བཏང་ཞིང་། ཞིང་ཆེན་ཡོངས་ཀྱི་ནུས་ཤུགས་བཏོན་ཏེ་གཅིག་བསྡུས་མཁྲེགས་གཏོར་དང་། ཕྱོགས་སོ་སོའི་རྒྱབ་སྐྱོར་དང་འབད་བརྩོན་ཆེན་མོའི་འོག མཚོ་སྔོན་ས་ཁོངས་རང་བཞིན་ཕྱོགས་ཡོངས་དབུལ་ཕོངས་དེ་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་བྱེད་ཐུབ་པ་བྱུང་། མཚོ་སྔོན་མི་དམངས་ཀྱིས་རོགས་སྐྱོར་ཕྱོགས་སོ་སོའི་བཀའ་དྲིན་སེམས་སུ་ཉར་ཏེ། སྔར་ལས་འབྱོར་འབྲིང་ལ་སྐྱོད་པ་དང་དེང་རབས་ཅན་ལ་སྐྱོད་པའི་རྨང་གཞི་དང་ནུས་ཤུགས་སྲ་བརྟན་དུ་བཏང་། ཏན་ཏིག་གིས“གཏན་འཇགས་དྲུག”དང“འགན་སྲུང་དྲུག”བྱ་བ་ལེགས་པོར་སྒྲུབ་སྟེ། སྔར་ལས་ལྷག་པར་ཚགས་འཛུགས་བྱང་སྒྲིག་གི་དབུལ་ཕོངས་མི་གྲངས“གཙང་སེལ”བྱས་རྗེས་ཀྱི་བྱ་བ་དག་སྐུལ་སྤེལ་བྱེད་པ་དང་། བསྟུད་མར་དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་། ཁྱོན་ཡོངས་ནས་དབུལ་ཐར་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས། རྒྱུན་རིང་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ཏེ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་ལེགས་འགྲུབ་ཡོང་དགོས་པ་དང་། དབུལ་ཐར་མཁྲེགས་གཏོང་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་ལེགས་འགྲུབ་ཡོང་བར་མཚོ་སྔོན་གྱི་འགན་ཁུར་བ་དང་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། དབུལ་ཐར་མཁྲེགས་གཏོར་དང་གྲོང་སྡེ་དར་སྤེལ་གྱི་སྦྲེལ་སྣེ་བཙལ་ཏེ། ནུས་ལྡན་གྱིས་ཐོན་ལས་དབུལ་སྐྱོར་དང་ཐོན་ལས་དར་སྤེལ་མཐུད་སྦྲེལ་བྱེད་པ་དང་། དབུལ་སྐྱོར་དཔུང་སྡེ་དང་ཤེས་ལྡན་མི་སྣ་དར་སྤེལ་མཐུད་སྦྲེལ། རིག་སྐྱོར་བློ་སྐྱོར་དང་རིག་གནས་དར་སྤེལ་མཐུད་སྦྲེལ། སྐྱེ་ཁམས་དབུལ་སྐྱོར་དང་སྐྱེ་ཁམས་དར་སྤེལ་མཐུད་སྦྲེལ་བྱས་ཏེ། ཕན་ཚུན་འདེགས་སྐྱོར་དང་ཕན་ཚུན་མཐུན་སྦྱོར། མཐུད་སྦྲེལ་དམ་ཟབ་བྱེད་པའི་ཕན་ཚུན་ཟུང་སྦྱོར་གྱི་རྣམ་པ་ལེགས་པོ་ཆགས་སུ་འཇུག་པ་དང་། མཐའ་གཅིག་ཏུ་དབུལ་ཐར་མཁྲེགས་གཏོར་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པ་དང་། རྒྱལ་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་ལེགས་འགྲུབ་འབྱུང་དགོས།
ཨོའུ་ཆིང་ཕིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུར་སྐྱོར་གཞུང་སྒྲུབ་ཁང་གི་ཚབ་བྱས་ཏེ། མཚོ་སྔོན་གྱི་གཏིང་ཟབ་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ཕན་འབྲས་ལ་ཁས་ལེན་ལེགས་པོ་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་ལ་ཕུ་ཐག་ཆོད་པའི་རྒྱལ་ཁ་ལེན་པའི་ཕྱོགས་སྟོན་གལ་ཆེན་རབས་དང་རིམ་པས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་མཇུག་བསྡུ་བར་རྩ་བའི་གཞི་འཛིན་ས་དང་ལག་ལེན་གྱི་ཕྱོགས་སྟོན་མཁོ་འདོན་བྱས་ལ། ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱེད་དགོས། མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་། དབུལ་ཐར་མཁྲེགས་གཏོར་གྱི་འོས་འགན་དང་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱས་པ་དང་། གཏིང་ཟབ་མཁྲེགས་གཏོར་ལག་བསྟར་ཇུས་གཞི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་འགན་ཡོངས་སུ་ལེགས་གྲུབ་བྱུང་། ནས་དང་འབྲི་གཡག་ཐོན་ལས་གསར་གཏོད་བྱེད་སྟངས་འཕེལ་རྒྱས་མགྱོགས་པོ་བྱུང་། འོད་གློག་དབུལ་སྐྱོར་གྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་། ང་རྒྱལ་དང་འཚབ་འཚུབ་མེད་པར། བྱེད་ཐབས་དག་ཞིབ་ཚགས་སྒོས་དམ་འཛིན་བྱེད་པ་དང་། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་བསྐྱར་དབུལ་དང་དབུལ་འགྱུར་བྱེད་པར་དངོས་གནས་སྔོན་འགོག་བྱེད་དགོས། དབུལ་སྐྱོར་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་དང་། སྐྱེ་ཁམས་དབུལ་སྐྱོར་དང་ཡུལ་སྐོར་དབུལ་སྐྱོར་གྱི་ལས་དོན་ཡག་པོ་སྒྲུབ་དགོས། འོད་གློག་དབུལ་སྐྱོར་གྱི་རྒྱལ་ཡོངས་མིག་དཔེ་བཏོད་དེ་སྤྱི་ཕན་གྱི་ལས་གནས་དོ་དམ་ལ་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་དགོས། ཁ་གཏད་རོགས་སྐྱོར་དང་གནས་གཏན་དབུལ་སྐྱོར་བྱ་བ་གཏིང་ཟབ་ཏུ་སྤེལ་ནས་དབུལ་ཐར་མཁྲེགས་གཏོར་གྱི་མཚོ་སྔོན་གཏམ་རྒྱུད་ལེགས་པོར་བརྗོད་པ་དང་། དབུལ་ཐར་མཁྲེགས་གཏོར་བྱ་བར་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་དགོས། 
གྲོས་ཚོགས་ཀྱི་སྐབས་སུ། ཚོགས་ཞུགས་མི་སྣ་དག་མཚོ་ལྷོ་ཁུལ་དབུལ་ཐར་མཁྲེགས་གཏོར་ཕན་འབྲས་ཀྱི་དྲིལ་སྒྲོག་བརྙན་ཟློས་ལ་གཟིགས་པ་དང་། མཚོ་ལྷོ་ཁུལ་འོད་གློག་ཐོན་ལས་གླིང་དང་། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། མཚོ་ལྷོ་ཁུལ་དབུལ་སྐྱོར་ཐོན་ལས་གླིང་དང་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བ་བཅས་ལ་གཟིགས་ཞིབ་ཏུ་ཕེབས།
རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་དང་། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཞིང་ལས་ཞིང་སྡེའི་པུའུ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ། རྒྱལ་ཁབ་ནུས་ཁུངས་ཅུའུ། རྒྱལ་ཁང་གློག་དྲ་ཚད་ཡོད་ཀུང་ཟི། ཀྲུང་གོའི་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་ཟིའི་འབྲེལ་ཡོད་བློ་མཐུན། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་མཚོ་སྔོན་དུ་སྡོད་པའི་ལས་དོན་རུ་ཁག་གི་འགན་ཁུར་བློ་མཐུན། ཞིང་ཆེན་དབུལ་སྐྱོར་དར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་ཞུགས་ལས་ཁུངས། གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར། ཁུལ)ཏང་ཨུའི་སྲིད་གཞུང་དང་དབུལ་སྐྱོར་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།
འབྲེལ་ཡོད་འོས་སྦྱོར།