༄༅།།སྐབས་ཉེར་གཅིག་པའི་མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་མཇུག་སྒྲིལ་མཛད་སྒོ་དང་སྐབས་བདུན་པའི་མཚོ་སྐོར་གློག་སྒུལ་རླངས་འཁོར་འགྲན་བསྡུར་གྱི་བྱ་དགའ་སྟེར་བའི་མཛད་སྒོ་བསྡུས།

རྩོམ་པ་པོ།:རིག་ལྡན་རྒྱ་མཚོས་བསྒྱུར། དུས་ཚོད།:2020-07-27 ཀློག་གྲངས།:
སྤྱི་ཟླ7པའི་ཚེས26ཉིན་གྱི་དགོང་མོར། སྐབས་ཉེར་གཅིག་པའི་ཀྲུང་གོ་མཚོ་སྔོན་བཙོག་མེད་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་མཇུག་སྒྲིལ་མཛད་སྒོ་དང་སྐབས་བདུན་པའི་མཚོ་སྔོན་པོའི་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་བསྡུར་གྱི་བྱ་དགའ་སྟེར་བའི་མཛད་སྒོ་མཚོ་སྔོན་ཟློས་གར་ཁང་དུ་སྤེལ།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་ཁྲིན་རོས་ཧྥིན་མཇུག་སྒྲིལ་མཛད་སྒོར་ཞུགས་པ་མ་ཟད་བྱ་དགའ་ཐོབ་པའི་པེ་ཆི་རླངས་འཁོར་སྡེ་ཚོགས་ལ་བྱ་དགའ་གནང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧའེ་ཁུན་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་། ཝང་ལིས་མིན། དབྱང་ཧྥིན་ཁྲུན། ཀྲང་ལིས་མཇུག་སྒྲིལ་མཛད་སྒོར་ཞུགས་ཤིང་། ཝང་ལིས་མིན་གྱིས་མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་གྲུབ་འབྲས་ཡུལ་དངོས་ནས་ཁྱབ་བསྒྲགས་བྱས། 
སྐབས་འདིའི་མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་ནི་རིམས་ནད་རྒྱུན་ལུགས་ཅན་གྱི་འགོག་བཅོས་ཚོད་འཛིན་གྱི་འོག་ཏུ། རྒྱལ་ཡོངས་སུ་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱིས་སྤེལ་བའི་སྣ་འཛོམས་རང་བཞིན་གྱི་འགྲེམ་ཚོགས་ཤིག་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་བཀོད་སྒྲིག་ལག་ལེན་དོན་འཁྱོལ་དང་། གཏན་འཇགས་དྲུག་གི་བྱ་བ་དང་། འགན་སྲུང་དྲུག་གི་ལས་འགན་དོན་འཁྱོལ། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་གྱུར་སྐུལ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། དུས་ཡུན་ཉིན་བཞིའི་རིང་། དྲ་བའི་སྟེང་གི་མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་། གླེང་སྟེགས་བྱ་འགུལ་སྟེང་སྐུ་མགྲོན་མང་པོ་འདུ་ཞིང་། བརྗེ་རེས་འགྲོ་འོང་ཟབ་མོ་བྱེད་པ། མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་དེ་ཚོང་འགུག་དངུལ་འདྲེན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་དང་། མཚོ་སྔོན་གྱིས་ཕྱི་ཕྱོགས་རྒྱ་བསྐྱེད་ལ་སྐུལ་འདེད་དང་། ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གོམ་པ་གསར་བ་སྤོས་ཤིང་གྲུབ་འབྲས་གསར་བ་བླངས་ཡོད།
འགྲེམ་ཚོགས་ཀྱིས་སྒོ་འབྱེད་རྒྱ་བསྐྱེད་ཅིང་། སྐབས་འདིའི་མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུར་རྒྱལ་ཁབ་དང་པུའུ་ཨུ། མཉམ་འབྲེལ་ཚོགས་པ། མཐུན་ཚོགས་19ཡིས་རྒྱབ་སྐྱོར་ཐོབ་ཅིང་། པུའུ་རིམ་པ་གཞོན་པའི་འགོ་ཁྲིད་30དང་། ཡོན་ཧྲི4། ཀྲུང་དབྱང་གི་ཁེ་ལས་པའི་འགན་ཁུར་བ10ལྷག་དང་། དེ་མིན་ཞིང་ཆེན་དང་ཁུལ། གྲོང་ཁྱེར་གྱི་འཐུས་ཚབ་ཚོགས་པ་27གྱི་འགྲེམ་ཞུགས་པ་13000འགྲེམ་ཚོགས་སུ་ཞུགས།
འབྲེལ་ཡོད་འོས་སྦྱོར།