༄༅།།གསེར་ཆེན་རྫོང་དུ་འཆམ་མཐུན་མཉམ་སྤྲོ་ཞེས་པའི་སྟོན་ཁའི་ཟས་མཆོག་དུས་ཆེན་སྤེལ་བ།
རྩོམ་པ་པོ།:ངེད་དྲ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-09-10
ཀློག་གྲངས།:
སྤྱི་ཟླ9བའི་ཚེས8ཉིན་གྱི་དགོང་མོར། དུས་ཡུན་ཉིན9རིང་གི་འཆམ་མཐུན་མཉམ་སྤྲོ་ཞེས་པའི་སྟོན་ཁའི་ཟས་མཆོག་དུས་ཆེན་གྱི་མཛད་སྒོ་དེ་གསེར་ཆེན་རྫོང་ཁྱད་ལྡན་ན་གཞོན་ལས་རིགས་གསར་སྐྲུན་སྲང་ལམ་དུ་སྤེལ་མགོ་བརྩམས་ཤིང་། གཙོ་ཆེར་དགོང་དུས་དཔལ་འབྱོར་འཕེལ་རྒྱས་དང་སྦྱར་ཏེ། ཚོང་རའི་འཛད་སྤྱོད་གཏིང་ནུས་རྔོག་འདོན་དང་། ནུས་ལྡན་གྱིས་འཛད་སྤྱོད་དགོས་མཁོ་སྐུལ་སློང་བྱེད་ལ། གསེར་ཆེན་རྫོང་གི་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་རིག་གནས་ཐོན་ཁུངས་ལ་གཞི་བཅོལ་ཏེ། རིག་གནས+ཟས་མཆོག+ཡུལ་སྐོར་བཅས་མཐུན་སྦྱོར་འཕེལ་རྒྱས་སུ་གཏོང་བའི་བྱེད་སྟངས་འཚོལ་ཞིབ་བྱེད་པ་ཡིན།
མཛད་སྒོའི་སྟེང་། གསེར་ཆེན་རྫོང་ཨུ་དང་ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ། གསེར་ཆེན་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས2019ལོར་གསེར་ཆེན་རྫོང་གི་འཛད་སྤྱོད་པའི་ཡིད་ཚིམ་སྡེ་ཁག་ལ་བྱ་དགའ་གནང་བ་དང་། དེར་མཐུད་དེ་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་གནང་།
མཛད་སྒོའི་ཡུལ་དངོས་སུ། ཞིམ་མངར་ལྡན་པའི་ཟས་རིགས་སྣ་ཚོགས་ཀྱི་དྲི་ཞིམ་གང་སར་འཐུལ་ཡོང་ལ། ཞོ་འོ་མ་དང་། སྲན་མའི་རིགས་ཀྱི་ཟས། སྐམ་ཤ་དང་ལུག་ཤའི་རིགས་ཀྱི་ཟས་སོགས་སྣ་ཚོགས་བཤམས་ཡོད་ཅིང་། མང་ཚོགས་རྣམས་ཀྱིས་འཁྲབ་སྟོན་ལ་གཟིགས་ཞོར་དུ་མཚོ་ལྷོའི་ཟས་མཆོག་རོལ་བཞིན་འདུག
ཐེངས་འདིའི་བྱ་འགུལ་གྱི་རྣམ་པ་སྣ་ཚོགས་ཡིན་ཞིང་། རང་རྟོགས་ཀྱིས་འབྲུ་རིགས་དང་ཟས་རིགས་གྲོན་ཆུང་བྱེད་པའི་འཚོ་བ་རོལ་སྟངས་དྲིལ་སྒྲོག་བྱས་ཡོད།
བྱ་འགུལ་ཡུལ་དངོས་སུ་གར་སྟེགས་ཁུལ་དང་། ཟས་རིགས་ཁུལ། ཇ་ཆང་སྐོམ་ཆུའི་ཁུལ། འཛད་སྤྱོད་ཁུལ། དྲིལ་སྒྲོག་ཁུལ། བྱིས་པའི་རྩེད་འཇོ་ཁུལ། ཚོང་རྫས་ཁུལ་སོགས་ཁུལ7དབྱེ་ཡོད་ཅིང་། འགྲེམ་སྟོན་ལ་ཞུགས་པའི་ཚོང་བ153ཡོད་ལ། དེའི་ཁྲོད་ས་གནས་ཕྱིའི་ཚོང་བ37དང་རྩེད་འཇོའི་རིགས་ཀྱི་ཚོང་བ20ཡོད།
བྱ་འགུལ་གྱི་སྐབས་སུ། ཉིན་རེའི་ཆུ་ཚོད20ནས་ཆུ་ཚོད21བར་གསེར་ཆེན་རྫོང་ཁྱད་ལྡན་ན་གཞོན་ལས་སྐྲུན་སྲང་ལམ་དུ་རིག་རྩལ་འཁྲབ་སྟོན་བྱེད་པའི་བྱ་འགུལ་ཡོད་ཅིང་། ཟས་རིགས་འཛད་སྤྱོད་བྱ་འགུལ་དེ་དངོས་གནས་ཁྱད་ཆོས་ལྡན་པར་བྱས།

འབྲེལ་ཡོད་འོས་སྦྱོར།