༄༅།།མཚོ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་ལོ་འཁོར་བཅུ་ལོན་པའི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་འདུ་གཟབ་རྒྱས་ངང་བསྡུས།
རྩོམ་པ་པོ།:ངེད་དྲ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-09-16
ཀློག་གྲངས།:
མཚོ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་ལོ་འཁོར་བཅུ་ལོན་པའི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་འདུ་གཟབ་རྒྱས་ངང་བསྡུས།
ཅང་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཧན་ཏུང་གིས་གསུང་བཤད་གནང་།
སྤྱི་ཟླ9བའི་ཚེས15ཉིན། མཚོ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་ལོ་འཁོར་བཅུ་ལོན་པའི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་འདུ་དེ་མཚོ་ལྷོ་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་འཁྲབ་སྟོན་ཚོམས་ཆེན་དུ་བསྡུས་ཏེ། ཁ་གཏད་རོགས་སྐྱོར་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་གནང་བ་དང་། ཅང་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཧན་ཏུང་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁུའེ་གཉིས་ཀྱིས་གཏམ་བཤད་གནང་།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁུའེ་ཡིས་གསུང་བཤད་གནང་།
ཅང་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཧན་ཏུང་དང་། ཅང་སུའུ་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཝང་ཀྲི་ཀྲུང་། མི་དམངས་ཉིན་རེའི་ཚགས་པར་ཁང་ཅང་སུའུ་ཡན་ལག་ཁང་གི་འགོ་གཙོ་ཧི་ཚུང་། ཅང་སུའུ་ཞིང་ཆེན་སྐོར་གཉིས་པའི་མཚོ་སྐྱོར་མཚོ་ལྷོ་ཁུལ་མདུན་ཕྱོགས་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་དང་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧང་ཧའེ། ཏཱ་ཐང་མཐུན་ཚོགས་མཚོ་སྔོན་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི། སྤྱི་ཁྱབ་འགན་འཛིན་པ་ཀྲའོ་ཏཱ་པིན། ཅང་སུའུ་ཞིང་ཆེན་སྲིད་གཞུང་གི་ནུབ་བྱང་ལས་སྒྲུབ་ཁྲུའུ་རུ་སྡོད་པའི་རིམ་པ་དང་པོའི་སྐོར་ཞིབ་པ་ལིའུ་ཧའོ་ཁྲུན། ཁྲང་ཀྲིག་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཏའེ་ཧྲི་ཧྥུའུ། ཞུའུ་ཀྲིག་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཡུའུ་ཅོན། དབྱང་ཀྲིག་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧྥན་ཐེན་ཨུན། ནན་ཐུང་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཀྲའོ་ཝུན་པིན། པའོ་ཝུའུ་མཐུན་ཚོགས་ཀོང་ཏུང་ཡུན་ཀོན་ལྕགས་རིགས་ཚད་ཡོད་ཀུང་ཟིའི་ཏང་འཛུགས་སྐྱོང་གི་ལྟ་ཞིབ་སྐུལ་ཁྲིད་མཐོ་རིམ་ཆེད་མི་ཧྲོའུ་ཡའོ་མིང་། ཅང་སུའུ་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་དང་མཚོ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་གྱི་ཀྲུང་དབྱང་ཁེ་ལས་ཀྱི་འབྲེལ་ཡོད་འགོ་ཁྲིད། སྐོར་དང་པོ་དང་གཉིས་པ། གསུམ་པ། བཞི་བའི་མཚོ་སྐྱོར་ཤེས་ལྡན་ལས་སྒྲུབ་མི་སྣ་ཐེངས་འདིའི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས།
མཚོ་ལྷོ་ཁུལ་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་མཱ་ཅན་ཧོང་གིས་གཟེངས་བསྟོད་བྱ་ཡུལ་ཁྱབ་བསྒྲགས་བྱས།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁུའེ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀུན་བཟང་། དེ་མིན་ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ། རྫོང་སོ་སོའི་རྫོང་དཔོན། ཁུལ་ཨུའི་པུའུ་ཨུ་སོ་སོ། ཁུལ་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོའི་འགན་ཁུར་བ་གཙོ་བོ་དང་ལས་སྒྲུབ་པའི་འཐུས་ཚབ་སྐོར་ཞིག་ཐེངས་འདིའི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས།ལིའུ་ཧན་ཏུང་གིས་ཅང་སུའུ་ཞིང་ཨུའི་ཧྲུའུ་ཅི་ལོའུ་ཆིན་ཅན་དང་ཧྲིན་ཀྲང་ཝུའུ་ཀྲིན་ལུང་གི་མངགས་བཅོལ་ལྟར། ཅང་སུའུ་ཞིང་ཨུ་དང་ཞིང་སྲིད་གཞུང་གི་ཚབ་བྱས་ཏེ་ལོ་ངོ་བཅུའི་རིང་མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ཆེན་པོར་སེམས་གཏིང་ནས་གུས་འདུད་ཞུ་བ་དང་། མཚོ་སྔོན་ཞིང་ཆེན་དང་མཚོ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་འགོ་ཁྲིད་ཀྱིས་དུས་ཡུན་རིང་བོར་ཅང་སུའུ་ཞིང་ཆེན་ལ་རྒྱབ་སྐྱོར་དང་ཡིད་རྟོན་གནང་བར་ལྷག་བསམ་འཁོལ་བས་བཀའ་དྲིན་དང་། གཟེངས་བསྟོད་ཐོབ་པའི་མཚོ་སྐྱོར་ལས་སྒྲུབ་མི་སྣར་རྟེན་འབྲེལ་ཞུས། ཁོང་གིས་གསུང་རྒྱུར། ལོ་ངོ་བཅུའི་རིང་ལ་མཉམ་དུ་མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་བླ་ལྷག་གིས་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་ཡོད་ཅིང་། འགྲིམ་འགྲུལ་དང་ཆུ་བེད། ནུས་ཁུངས། ཁོར་སྲུང་། སྨན་བཅོས། སློབ་གསོ། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་ཁྱབ་ཁོངས་གཙོ་བོ་དག་ཏུ་གྲུབ་འབྲས་རྒྱ་ཆེན་པོ་བླངས་ཡོད། གྲུབ་འབྲས་རབས་དང་རིམ་པ་འདི་ལྟ་བུ་བླངས་པ་ནི་ཏང་ཀྲུང་དབྱང་གིས་ཐུགས་ཁུར་གནང་བའི་འབྲས་བུ་དང་། མཚོ་སྔོན་ཞིང་ཨུ་དང་ཞིང་སྲིད་གཞུང་། མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་ལས་སྒྲུབ་མང་ཚོགས་ཀྱི་བཅོས་སྒྱུར་གསར་སྐྲུན་དང་འབད་འབངས་བྱས་པའི་འབྲས་བུ་ཡིན། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་གཞི་བཀོད་འདོམས་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས་པ་དང་། འདུ་ཤེས་བཞི་ཇེ་དྲག་དང་། ཡིད་ཆེས་བཞི་བརྟན་པོ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱས་ཏེ། མཉམ་དུ་དུས་རབས་གསར་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་དགོས།
ཀྲང་ཝུན་ཁུའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཅང་སུའུ་ཞིང་ཆེན་དང་རྒྱལ་ཁབ་ཆུ་བེད་པུའུ། ཚོང་དོན་པུའུ། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ། པའོ་ཝུའུ་མཐུན་ཚོགས། ཏཱ་ཐང་མཐུན་ཚོགས་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་བ་དང་། ཁ་གཏད་རོགས་སྐྱོར་འཐབ་ཕྱོགས་ཐོག་འབད་ཐབས་བྱེད་པའི་ཏང་ཡོན་ལས་བྱེད་པར་བླ་ན་མེད་པའི་གུས་འདུད་ཞུས། མཚོ་ལྷོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ལས་རིགས་ཁག་གི་མི་སྣར་བྱམས་བརྩེའི་འཚམས་འདྲི་ཞུས།
ཁོང་གིས་བསྟན་དོན་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་གནང་བའི་མདུན་སྐྱོད་ཁ་ཕྱོགས་ལྟར། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་མགྱུར་ཡོང་ཆེད་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་དང་ལས་གནས་གསར་པའི་ཐོག་མུ་མཐུད་དུ་འབད་པ་བྱས་ཏེ་ལང་ཚོ་ཆུད་ཟོས་སུ་མི་གཏོང་བར་བྱེད་དགོས།
ཚོགས་ཆེན་ཐོག་ཁ་གཏད་རོགས་སྐྱོར་ལས་དོན་ཁྲོད་བྱས་རྗེས་གཟེངས་སུ་ཐོན་པ་འཇོག་མཁན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་གནང་བ་དང་། ཁ་གཏད་རོགས་སྐྱོར་གྱི་ཕན་འབྲས་སྤྱི་བསྡོམས་བྱས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ལ་རེ་བ་གསར་བ་བཅོལ་བས་རྗེས་ཕྱོགས་ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཡིད་ཆེས་དང་ཆོད་སེམས་བརྟན་པོ་བསྩལ།
མི་རིགས་ཁག་གི་མི་དམངས་རྣམས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་དུ་བཟུང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྒོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བགྱིས་ཏེ་རོགས་སྐྱོར་བྱེད་མཁན་ཕྱོགས་ཁག་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་པ་དང་། འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ཁ་གཏད་རོགས་སྐྱོར་ལས་དོན་ལ་སྔར་ལས་མཛེས་སྡུག་ལྡན་པའི་བཀྲག་མདངས་འཚེར་བ་དང་སྔར་ལས་གཡུར་ཟའི་གྲུབ་འབྲས་ཐོབ་པར་བྱ།
2010ལོ་ནས་ད་བར། མཚོ་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ལས་ཁུངས་ཀྱིས་རང་སོ་སོའི་ནུས་པ་འདོན་སྤེལ་དང་། རོགས་སྐྱོར་ས་གནས་ཀྱི་ཁྱད་ལྡན་ཁྱད་འཕགས་རྔོག་འདོན་བྱས་ཏེ། ཐོན་ལས་དབུལ་སྐྱོར་གྱི་མཉམ་འབྲེལ་ནུས་ཤུགས་ཇེ་དྲག་དང་། མ་དངུལ་དང་ལག་རྩལ། དོ་དམ། ཁྲོམ་ར་སོགས་ཐད་ཀྱི་ནུས་ལྡན་མཐུད་འབྲེལ་ལ་སྐུལ་སྤེལ་གནང་ཐོག ཐོན་ལས་རོགས་སྐྱོར་གྱི་ལས་གཞི་སྐོར་ཞིག་ལག་བསྟར་བྱས་ལ། བསྟུད་མར་དཔལ་འབྱོར་ཚོང་ལས་གྲོས་མོལ་དང་། ཚོང་རྫས་འགྲེམ་འཚོང་སོགས་འཛད་སྤྱོད་དབུལ་སྐྱོར་གྱི་མཚོ་སྐྱོར་བྱ་འགུལ་སྤེལ་ཏེ། རོགས་སྐྱོར་བྱ་ཡུལ་གྱི་ཁྱད་ལྡན་ཞིང་ཕྱུགས་དང་རིག་གནས་ཡུལ་སྐོར་སོགས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བྱུང་བ་དང་། ལས་ཞུགས་ཡོང་འབབ་འཕར་བར་སྐུལ་སྒོས། ནུས་ལྡན་གྱིས་རང་ཉིད་འཕེལ་རྒྱས་ཀྱི་ནུས་ཤུགས་ཇེ་དྲག་ཏུ་བཏང་།
འབྲེལ་ཡོད་འོས་སྦྱོར།