logo

༄༅།།མཚོ་སྔོན་གྱི་བོད་ཇ་དང་ཤ་མོ་ལ་རྒྱབ་ཁབ་རིམ་པའི་དཔང་ཡིག་ཐོབ་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2021-01-26 ཀློག་གྲངས།:
      མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་འབྲེལ་ཡོད་སྡེ་ཚན་ནས་ཤེས་གསལ་ལྟར་ན། པདྨ་རྫོང་གིས་ཐོན་སྐྱེད་བྱས་པའི་བོད་ཇ་དང་ཤ་མོ་ལུག་གྲོད་གཉིས་ལ“སྐྱེ་ལྡན་ཐོན་རྫས་ཁས་ལེན་དཔང་ཡིག”དང“སྐྱེ་ལྡན་བརྗེ་སྒྱུར་ཁས་ལེན་དཔང་ཡིག”གཉིས་ཐོབ་ཏེ་མིང་དོན་གཉིས་མཚུངས་ཀྱི་སྐྱེ་ལྡན་ལྷད་མེད་ཐོན་རྫས་སུ་གྱུར།
      ལོ་ངོ་ལྔ་ལྷག་གི་འཕེལ་རྒྱས་དང་འཚོལ་ཞིབ་ཁྲོད་དུ། པདྨ་རྫོང་གིས་ས་གནས་རང་དུ་ཐོན་སྐྱེད་བྱས་པའི་བོད་ཇ་དང་ཤ་མོ་ལུག་གྲོད་ཀྱི་ལྷད་མེད་འདེབས་འཛུགས་ལ་དང་དོད་ཆེན་པོ་བྱས་ཏེ། འབུ་ཕྲ་འགོག་ཟོན་དང་སྦྱོར་རྟ་མ་བསྲེས་པ་དང་ལས་སྣོན་སོགས་ལྷད་འདྲ་མིན་གྱིས་མ་གོས་པ་བྱས་ཡོད། 2020ལོའི་ལོ་མཇུག་ལ་རྒྱལ་ཁབ་སྐྱེ་ལྡན་ཐོན་རྫས་ཁས་ལེན་དཔང་ཡིག་ལས་ཁུངས་ཀྱིས་ས་རྒྱུ་དང་ཆུ་སྤུས། ཞིང་ཤུལ། ལྕགས་རིགས་ལྕི་ཤོས། སྐྱེ་ཁམས་ཁོར་ཡུག་བཅས་འདེབས་འཛུགས་ཁོར་ཡུག་དང་། བོད་ཇའི་ཇ་ལོ་འཐོག་སྟངས་དང་། ལས་སྣོན། ཕྱི་ཐུམ་རྒྱག་པའི་གོ་རིམ། གཞན་ཤ་མོ་ལུག་གྲོད་ཀྱི་འདེབས་འཛུགས་ཁོར་ཡུག་དང་ཉར་འཇོག སྐྱེལ་འདྲེན་གྱི་གོ་རིམ་རེ་རེ་བཅས་ལ་ཞིབ་བཤེར་ནན་མོ་བྱས་རྗེས། སོ་སོ་མཐའ་མའི་དམིགས་ཚད་ལ་སླེབས་ཤིང་ཁས་ལེན་གྱི་ཚད་གཞི་ལས་བརྒལ་ནས་གྲུབ་འབྲས་ཁྱད་པར་བ་བླངས་པས། ཀྲུང་གོའི“སྐྱེ་ལྡན་ཐོན་རྫས་ཁས་ལེན་དཔང་ཡིག”དང“སྐྱེ་ལྡན་བརྗེ་སྒྱུར་ཁས་ལེན་དཔང་ཡིག”ཐོབ་པར་མ་ཟད། ཇའི་ཐོན་ལས་དང་ཤ་མོའི་རིགས་ཀྱི་ཐོན་རྫས་ཀྱི“ལྷད་མེད་ཁྱིམ་རྒྱུད”ཁྲོད་ཀྱི་རྒྱུ་སྤུས་དག་ཤོས་ཀྱི་གྲས་སུའང་ཚུད།
      པདྨ་རྫོང་གིས་དབུལ་སྐྱོར་ཐོན་ལས་གོང་སྤེལ་ལ་སྐུལ་འདེད་བཏང་བའི་བབ་དང་བསྟུན་ནས། ཡུལ་བབ་ལ་འཚམ་པའི་ཤ་མོ་ལུག་གྲོད་དང་བོད་ཇ་གཙོ་བྱས་པའི་ནགས་སའི་འདེབས་འཛུགས་ཐོན་ལས་ཀྱི་དཔལ་འབྱོར་གོང་སྤེལ་ལ་ཤུགས་བརྒྱབ་ཅིང་། རང་བྱུང་ཁོར་ཡུག་གི་དགེ་མཚན་གཞིར་བྱས་སྐྱོན་བྲལ་འཕེལ་རྒྱས་གཙོ་བྱས་པའི་ནགས་སའི་འདེབས་འཛུགས་ཀྱི་ཐོན་ལས་མ་ལག་གི་ལམ་དུ་འདོང་། དེ་ལས་བོད་ཇ་གསར་སྤེལ་དང་འདེབས་འཛུགས་ལམ་ལྷུང་བྱུང་བ་དེས། མཚོ་སྔོན་ཞིང་ཆེན་ལ་ཇ་ལོ་ཡི་ཐོན་སྐྱེད་མེད་པའི་ལོ་རྒྱུས་མཇུག་བསྡུས་ཏེ་རྒྱལ་ནང་གི་ཁྲོམ་ར་ནས་རིམ་བཞིན་དུ་རྒྱལ་སྤྱིའི་ཁྲོམ་རར་བསྐྱོད་དེ་ལོ་རེར་ཧ་ལམ་སྒོར་ཁྲི300ཡི་ཁེ་ཕན་རག་ཐུབ་ཀྱི་ཡོད་པས། འབྲོག་པ་མང་ཚོགས་དབུལ་ཐར་ཕྱུག་འགྱུར་ནས་འབྱོར་འབྲིང་གི་ལམ་དུ་འཁྲིད་པའི་གདུང་འདེགས་ལྟ་བུའི་ཐོན་ལས་གལ་ཆེན་དུ་གྱུར་ཡོད་པ་རེད།
 
འབྲེལ་ཡོད་འོས་སྦྱོར།