༄༅།།2021ལོར་མཚོ་ལྷོ་ཁུལ་གྱིས་དམངས་ཕན་དོན་ཆེན20བསྒྲུབ་རྒྱུ་རེད།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་ལྷོ་ཚགས་པར་ཁང་།
དུས་ཚོད།:2021-03-12
ཀློག་གྲངས།:
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཁུལ་ཨུའི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་བྱ་བའི་སྒྲིག་བཀོད་ལག་བསྟར་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་བ་འགོ་བརྩམ་པའི་ལོ་ནས་བཟུང་མུ་མཐུད་དུ་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར། ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་བྱས་ཏེ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཐུབ་པར་བྱ་ཆེད། 2021ལོར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མུ་མཐུད་དུ་དམངས་འཚོའི་ཁྱབ་ཁོངས་ལ་ནུས་ཤུགས་བཏོན་ཏེ། “བརྟན་པོ་དྲུག”གི་བྱ་བ་ལེགས་པོར་བསྒྲུབ་པ་དང“འགན་སྲུང་དྲུག”གི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཕྱོགས་སོ་སོའི་མ་དངུལ་སྒོར་དུང་ཕྱུར28བསྡུ་སྒྲིག་བྱས་ནས། མང་ཚོགས་ཀྱི་ལས་ཞུགས་དང་སློབ་ཞུགས། རྒན་གསོ། སྡོད་ཁང་དཀའ་ངལ་ཅན། ཞིང་སྡེ་དར་སྤེལ་བཅས་ལ་རོགས་འདེགས་དང་། མང་ཚོགས་ཀྱི་ཡོང་སྒོ་ཇེ་མཐོར་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་འདོན་པ་སོགས་ཀྱི་ཐད་གཅིག་བསྡུས་ཀྱིས་དམངས་ལ་ཕན་པའི་དོན་དངོས20བསྒྲུབ་རྒྱུ་སྟེ། མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་དང་ཕྱོགས་ཡོངས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་འཕེལ་རྒྱས་སུ་གཏོང་བར་མུ་མཐུད་དུ་སྐུལ་འདེད་བྱ་རྒྱུ་རེད།
གཅིག རིག་གནས་སློབ་གསོ་དང་འཕྲོད་བསྟེན་ལས་དོན་གྱི་འཕེལ་རྒྱས་ཕྱོགས།
1.ཡུལ་སྐོར་འཕེལ་རྒྱས་ཐད་མ་དངུལ་སྒོར་ཁྲི1500བརྩོན་ལེན་བྱས་ནས། ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ལག་བསྟར་དང་།རིག་གནས་ཡུལ་སྐོར་ལས་རིགས་གཉེར་མཁན་གྱི་མི་སྣར་མི་ཐེངས2500གསོ་སྦྱོང་བྱ་རྒྱུ།“ཟློས་གར་ཞིང་སྡེར་བསྐྱལ་བའི”རིག་གནས་དམངས་ཕན་འཁྲབ་སྟོན་གྱི་བྱ་འགུལ་ཐེངས150སྤེལ་རྒྱུ།
2.མ་དངུལ་སྒོར་དུང་ཕྱུར1.78བཏང་སྟེ། སློབ་གྲྭ་ཆུང་འབྲིང་དང་། བྱིས་གཉོར་ཁང41གསར་འཛུགས་དང་རྒྱ་སྐྱེད་པའི་ལས་གཞི་ལག་བསྟར་དང་། གུང་ཧོ་རྫོང་མཐོར་རིམ་སློབ་འབྲིང་དང་ཞིན་ཧེ་རྫོང་མཁར་ནུབ་བྱིས་གཉོར་ཁང་སོགས་ལས་གཞི་གལ་ཆེན་སྐོར་ཞིག་འཛུགས་སྐྲུན་བྱས་ནས། ཧུར་ཐག་གིས་སློབ་སྒྲུབ་ཆ་རྐྱེན་ལེགས་སྒྱུར་བྱེད་པ་དང་། ས་གཞན་ནས་སློབ་སྒྲུབ་བྱེད་པར་ཤུགས་སྣོན་བྱེད་པ། སློབ་མ80ཅང་སུའུ་ཡི“མཚོ་ལྷོ་མི་རིགས་མཐོ་འབྲིང་འཛིན་གྲྭར”བསྐྱལ་ནས་སྤུས་ཚད་མཐོ་བའི་སློབ་གསོ་མྱོང་ཐུབ་པར་བྱེད་པ། ས་གཞན་ནས་འབྲིང་རིམ་འཛིན་གྲྭར་སློབ་མ200བསྡུ་རྒྱུ་ལེགས་འགྲུབ་བྱ་དགོས།
3.སྒོར་ཁྲི5000བཏང་སྟེ། རྫོང་ཁག་ལྔའི་ཕྱོགས་བསྡུས་སྨན་ཁང་གི་རིམས་ནད་ཁང་འཛུགས་སྐྲུན་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། དོན་དངོས་ཐོག་རིམས་ནད་རང་བཞིན་གྱི་ནད་ལྕི་མོའི་སྲོག་སྐྱོབ་ནུས་པ་མཐོར་འདེགས་སུ་གཏོང་བ། མ་དངུལ་སྒོར་ཁྲི3500བཏང་ནས། ཁུལ་བོད་སྨན་ཁང་རྒྱ་སྐྱེད་ལས་གཞི་ལག་བསྟར་བྱས་ཏེ། ནུས་ཤུགས་ཡོད་རྒུས་བོད་ཁུལ་གྱི་དེང་རབས་ཅན་གྱི་བོད་སྨན་སྨན་བཅོས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ། མ་དངུལ་སྒོར་ཁྲི2000བཏང་ནས། རྨང་གཞིའི་སྤྱིའི་འཕྲོད་བསྟེན་ཞབས་ཞུའི་ལས་གཞི39ལག་བསྟར་བྱས་ཏེ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་གི་རྨང་གཞི་བརྟན་པོ་འཛུགས་རྒྱུ།
གཉིས། སྤྱི་ཚོགས་འགན་སྲུང་ཕྱོགས།
4.ལས་ཞུགས་ཡང་བསྐྱར་ལས་ཞུགས་བྱེད་པའི་ཆེད་དོན་མ་དངུལ་སྒོར་ཁྲི6000ལག་བསྟར་བྱས་ནས། ཁུལ་ཡོངས་ཀྱི་མཁར་གྲོང་ཡོངས་ནས་མི2000གསར་དུ་ལས་ཞུགས་བྱ་རྒྱུ་དང་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་ལས་ཞུགས་མི་ཐངས་ཁྲི4.5ལས་ཞུགས་བྱ་རྒྱུ། ངལ་ལས་ཡོང་སྒོ་སྒོར་དུང་ཕྱུར3མངོན་འགྱུར་དང་ཁུལ་ཡོངས་ནས་མི་ཐེངས9100ལ་ལས་རིགས་ལག་རྩལ་གསོ་སྦྱོང་བྱས་ནས་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ།
5.སྨན་བཅོས་རོགས་སྐྱོར་མ་དངུལ་སྒོར་ཁྲི9800ལག་བསྟར་བྱས་ནས། ཁུལ་ཡོངས་ཀྱི་མཁར་ཤང་གི་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་དང་དབུལ་ཐར་མི་གྲངས་ཁྲི7ལ་སྨན་བཅོས་འགན་སྲུང་མ་དངུལ་སྤྲོད་རྒྱུ་དང་། སྨན་བཅོས་རོགས་སྐྱོར་བྱས་ནས་མུ་མཐུད་དུ་སྤྱི་ཚོགས་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ།
6.མ་དངུལ་སྒོར་དུང་ཕྱུར1.45ལག་བསྟར་བྱས་ནས། མཁར་ཤང་གི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་སྐབས་ཐོག་རོགས་སྐྱོར་ལག་བསྟར་བྱེད་པ་དང་། ལོ70ཡན་གྱི་ལོ་ལོན་དང་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་ཚད་ལྕི་མོའི་དབང་བོ་སྐྱོན་ཅན་གྱི་ཁ་གསབ་གཉིས་ལག་བསྟར་བྱས་ནས། གཅིག་བསྡུས་ཀྱིས་གཉོར་སྐྱོང་དང་། སྤྱི་ཚོགས་གྲམ་སྡོད་དྲྭ་ཕྲུག་དང་དཀའ་ངལ་ཡོད་པའི་བྱིས་པའི་ཁེ་དབང་ལ་འགན་སྲུང་བྱ་དགོས།
གསུམ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཕྱོགས།
7.མ་དངུལ་སྒོར་དུང་ཕྱུར1.8བཏང་ནས། མཐོ་སྒང་གི་མཛེས་པའི་ཞིང་སྡེ་དང་མཛེས་སྡུག་ལྡན་པའི་མཁར་གྲོང30འཛུགས་སྐྲུན་ལས་གཞི་ལག་བསྟར་བྱ་རྒྱུ་དང་། མུ་མཐུད་དུ་སྡོད་ཁང་རྙིང་བའི་སྡོད་ཁུལ་གྱི་བཅོས་སྒྱུར་བྱ་བར་ཤུགས་སྣོན་བྱེད་པ། རོང་འབྲོག་ཁུལ་གྱི་སྡོད་ཁང་གི་སྤྱི་བའི་ཞབས་ཕྱིའི་སྒྲིག་ཆས་དང་སྡེ་བའི་ཁོར་ཡུག་ལེགས་སྒྱུར། རོང་འབྲོག་ཁྱིམ་ཚང5000ཡི་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་སྒྱུར་བྱ་རྒྱུ།
8.མ་དངུལ་སྒོར་དུང་ཕྱུར5.3བཏང་སྟེ་འགྲོ་ལམ་རིམ་སྤར་བཟོ་བཅོས་སོགས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས་སྐྱེལ་འདྲེན་ཞབས་ཞུའི་ནུས་པ་མུ་མཐུད་དུ་མཐོར་འདེགས་སུ་གཏོང་རྒྱུ།
9.མ་དངུལ་སྒོར་ཁྲི2400བཏང་སྟེ4Gརྟེན་གཞི41གསར་འཛུགས་བྱ་རྒྱུ་དང་། སྲིད་འཛིན་སྡེ་བར4G དྲ་རྒྱའི་ཁེབས་ཚད་མུ་མཐུད་དུ་རྒྱ་སྐྱེད་གནང་བ་དང་། དེ་མིན5Gརྟེན་གཞི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་དགུས་སྐུལ་འདེད་གཏོང་རྒྱུ།
10.མ་དངུལ་སྒོར་དུང་ཕྱུར2.36བཏང་སྟེ་ཞིང་སྡེའི་གློག་དྲ་གསར་བ་བསྒྱུར་བཅོས་བྱས་ནས་ཁྱིམ་ཚང4257གྱི་གློག་བཀོལ་གནད་དོན་ཐག་གཅོད་པ་དང་། ཆན་ཧྥུ10མན་གྱི་གློག་ལམ་སྤྱི་ལེ1132.89བསྒྱུར་བཅོས་བྱ་རྒྱུ་ཡིན་པར་མ་ཟད། གློག་བསྒྱུར་ཆས209གསར་སྣོན་བྱ་རྒྱུ།
11.རོགས་འཛུགས་མ་དངུལ་སྒོར་ཁྲི5560བཏང་སྟེ་ཁ་གཏད་རོགས་སྐྱོར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་བཏང་ནས་རིག་གནས་སློབ་གསོ་དང་རིག་སྟོབས་རོགས་འདེགས་སོགས་ཀྱི་ཁྱབ་ཁོངས་ཀྱི་ལས་གཞི་ལག་བསྟར་ནན་མོ་བྱ་རྒྱུ།
བཞི་བ། སྐྱེ་ཁམས་དཔལ་ཡོན་གྱི་ཕྱོགས།
12.མ་དངུལ་སྒོར་དུང་ཕྱུར1.1བཏང་སྟེ་རྒྱལ་ཁོངས་ལྗང་བསྒྱུར་གྱི་ལོ་གསུམ་འགུལ་སྐྱོད་འཆར་འགོད་མུ་མཐུད་དུ་ལག་བསྟར་བྱས་ནས་ས་མུའུ་ཁྲི6.2ལ་སྡོང་འཛུགས་ནགས་སྐྲུན་དང་ས་མུའུ་ཁྲི1.4ཡི་ནགས་ཚལ། དེ་མིན་ནགས་ཤུལ་དང་སྐྱེས་སྟོབས་ཞན་པའི་ནགས་ཚལ་ས་མུའུ་ཁྲི2སླར་གསོ་བྱ་རྒྱུ། ནགས་ཚལ་གྱི་སྐྱེས་ཚད་ས་མུའུ་ཁྲི1.2དང་ནགས་ཀྱི་གསོན་ཚད་ས་མུའུ་ཁྲི2.6། སྐྱེ་དངོས་བྱེ་འགྱུར་སྔོན་འགོག་ས་མུའུ་ཁྲི12ལ་སླེབ་རྒྱུ།
13.མ་དངུལ་སྒོར་ཁྲི5000བཏང་སྟེ་འབག་བཙོག་སྔོན་འགོག་དང་ཆུའི་སྐྱེ་ཁམས་སླར་གསོ་བྱེད་པའི་ལས་གཞི་ལག་བསྟར་བྱས་ནས་ཁུལ་ཡོངས་ཀྱི་ཆུ་རྒྱུན་སོ་སོའི་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱ་རྒྱུ།
14.མ་དངུལ་སྒོར་ཁྲི2585བཏང་སྟེ་ས་མུའུ་ཁྲི47གྱི་ཞིང་ལས་ལུད་རྫས་ཁྲོད་ཀྱི་ཞིང་སྨན་ཇེ་ཉུང་དུ་གཏོང་བར་ནུས་པ་འདོན་རྒྱུ།
ལྔ། ཞིང་ཕྱུགས་ས་ཁུལ་གྱི་འཛུགས་སྐྲུན་ཕྱོགས།
15.མ་དངུལ་སྒོར་ཁྲི2000བཏང་སྟེ་ཞིང་ཕྱུག་ཐོན་རྫས་ཐོག་མའི་ལས་སྣོན་དཔེ་སྟོན་ས་ཚིགས20བསྐྲུན་རྒྱུ་དང་རྩྭ་སའི་བྱ་དགའི་ཁ་གསབ་རོགས་སྒོར་དུང་ཕྱུར3.99སྟེར་རྒྱུ་རེད།
16.མ་དངུལ་སྒོར་ཁྲི7410བཏང་སྟེ་རྩྭ་ར་མུའུ་ཁྲི45ལ་ལྕགས་ར་བསྐོར་རྒྱུ་དང་ས་ཁོངས་བགར་ནས་ས་མུའུ་ཁྲི40ལ་ལྕགས་ར་བསྐོར་བ། ཞན་འགྱུར་གྱི་རྩྭ་ས་མུའུ་ཁྲི21ལེགས་བསྒྱུར། མིའི་ཐབས་ལ་བརྟེན་དེ་རྩྭ་མུའུ་ཁྲི8འདེབས་པ།ས་ནག་མུའུ་ཁྲི8དང་དུག་རྩྭ་ས་མུའུ་ཁྲི་4ལེགས་བསྒྱུར་བྱ་རྒྱུ།
17.མ་དངུལ་སྒོར་དུང་ཕྱུར3.29བཏང་སྟེ་མཁར་གྲོང་གི་ཆུ་ལོག་སྔོན་འགོག་དང་འབབ་རྒྱུན་ཆུང་གྲས་ཕྱོགས་ཀྱི་བཅོས་སྐྱོང་དང་ཞིང་ཕྱུགས་ས་ཁུལ་གྱི་ཆུའི་མཁོ་འདོན་གྱི་འགན་སྲུང་སོགས་ཆུ་བེད་དང་དམངས་འཚོའི་ཆུ་བེད་ཀྱི་ལས་གཞི་གལ་ཆེན་ལག་བསྟར་བྱ་རྒྱུ།
18.མ་དངུལ་སྒོར་ཁྲི2600བཏང་སྟེ་གུང་ཧོ་དང་ཁྲི་ཀ ཀོས་ནན། ཐུན་ཏེ་བཅས་རྫོང་བཞི་ཡི་ཞིང་སྡེ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་ཏེ་ཞིང་ཕྱུགས་ས་ཁུལ་གྱི་ཁོར་ཡུག་མུ་མཐུད་དུ་ལེགས་བསྒྱུར་གཏོང་རྒྱུ།ཞིང་སའི་ས་བཅུད་སྲུང་སྐྱོང་ཁ་གསབ་རོགས་དངུལ་སྒོར་ཁྲི90000དོན་འཁྱོལ་བྱས་ནས་འབྲུ་སྣུམ་སྐྱེ་དངོས་ཐོན་སྐྱེད་ལ་རོགས་སྐྱོར་ཤུགས་ཆེན་བྱ་རྒྱུ།
དྲུག དངུལ་རྩའི་རྒྱབ་སྐྱོར་ཕྱོགས།
19.ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་ནོར་སྲིད་སྐྱེད་གསབ་དངུལ་བུན་གྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཏེ་བུད་མེད་ཀྱི་ལས་བཏོད་ཁག་ཐེག་དབུལ་བུན་སྒོར་ཁྲི3000བཏང་ནས་རྒྱ་ཆེའི་བུད་མེད་ལ་རང་ལ་བརྟེན་ནས་ལས་བཏོད་དང་ཡོང་སྒོ་འཕར་བར་རོགས་སྐྱོར་བྱ་རྒྱ།
20.དངུལ་རྩའི་སྡེ་ཁག་དང་གྲོས་མཐུན་བྱས་ནས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་དངུལ་བུན་སྒོར་དུང་ཕྱུར10བཏང་ནས། ཁེ་ལས་ཆུང་གྲས་ལ་དབུལ་བུན་སྒོར་དུང་ཕྱུར3བཏང་སྟེ་ཁེ་ལས་ཆུང་གྲས་ཀྱི་དངུལ་རྩའི་ཞབས་ཞུའི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་རྒྱུ།

འབྲེལ་ཡོད་འོས་སྦྱོར།