དཔལ་ཁ་གྲོང་རྡལ་ཁྱུང་སེང་སྡེ་བའི་ཁྱད་ལྡན་ཐོན་ལས་ཀྱིས་གྲོང་གསེབ་དར་སྤེལ་གྱི“གསེར་གྱི་མིང་བྱང”བསྐྲུན།
རྩོམ་པ་པོ།:
ཡོང་ཁུངས།:བྲག་དཀར་རྫོང་ཉི་ཟེར་སྲིད་དོན།
དུས་ཚོད།:2022-11-04
ཀློག་གྲངས།:
སྟོན་ཟླ་བཅུ་པར་ཞིང་ས་ཡོད་ཚད་གསེར་མདོག་གིས་བརྒྱན་ཡོད་པ་དང་། བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་ཁྱུང་སེང་སྡེ་བའི་སྡེ་དམངས་ཡོངས་བྲེལ་འཚུབ་ཀྱིས་ཁེངས་ཤིང་། ལོ་ཏོག་བསྡུ་བ་དང་ཉི་མར་སྐེམ་པ། གསོག་ཉར་བྱེད་པ། ལས་སྣོན་བྱེད་པ་བཅས་ཀྱི་བྱ་བ་གོ་རིམ་ལྡན་པའི་ངང་བསྒྲུབས་ཏེ་ལོ་ལེགས་ཀྱི་རྣམ་པ་གསལ་བོར་མངོན།
ནམ་མཁའ་སྔོ་ཞིང་གཡའ་དག་ལ་བསིལ་འཇམ་གྱི་རླུང་བུ་དལ་གྱིས་གཡུག་པའི་སྟོན་ཟླ་འདིར། དཔལ་ཁ་གྲོང་རྡལ་གྱི་ཁོར་ཡུག་ཀུན་ནི་རི་མོ་མཁན་གྱི་སྨྱུག་རྩེ་ནས་ཐོན་པའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱི་ཚོན་རིས་ཤིག་དང་འདྲ་ཞིང་། རོང་འབྲོག་མང་ཚོགས་གྲོང་གསེབ་དར་སྤེལ་གྱི་རྗེས་སུ་འབྲངས་ཏེ་མ་འོངས་བའི་འཚོ་བར་རེ་བས་ཁེངས།
བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་ཁྱུང་སེང་སྡེ་བ་ནི་གྲོང་རྡལ་སྲིད་གཞུང་ནས་སྤྱི་ལེ28ཡོད་པའི་མཚམས་སུ་ཡོད་པ་དང་། ཆ་སྙོམས་ཀྱི་མཚོ་ངོས་མཐོ་ཚད་སྨི3200ཡིན། སྡེ་བ་དེ་ཡིས་ས་གནས་ཀྱི་ཁྱད་ཆོས་དང་བསྟུན་པ་དང་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྡེ་དམངས་རྣམས་སྐུལ་སློང་བྱས་ནས་ཕྱུགས་ལས་དང་འདེབས་འཛུགས་ལས་རིགས་ཀྱི་ཐོན་ལས་གཉིས་དར་སྤེལ་དུ་བཏང་ཞིང་། “ཏང་འཛུགས་སྐྱོང་གིས་ཐོན་ལས་སྟོབས་ཆེའི་གྲོང་རྡལ་ལ་སྣེ་ཁྲིད་པ་ལས་ཁྱུང་སེང་གི་ལེའུ”ཞེས་པའི་ཏང་འཛུགས་སྐྱོང་གི་མིང་རྟགས་བསྐྲུན།
མིག་སྔའི་བར་དུ་སྡེ་བ་ཡོངས་ཀྱིས་ནས་མུའུ་ཁྲི1དང་པད་ཁ་མུའུ་ཁྲི2.6། ཡུག་པོ་མུའུ་ཁྲི1.6བཏབ་པ་དང་། ནོར་ལུག་བསྡོམས་པས8591གསོ་སྤེལ་བྱས་ཏེ་འོ་མ་རྒྱ་མ1500ལྷག་ཕྱིར་འཚོང་བྱས་པས་ཞིང་ལས་དང་ཕྱུགས་ལས་གཉིས་ཀྱི་ཡོང་འབབ་འཕར་དུ་བཅུག འདེབས་འཛུགས་ལས་རིགས་དང་ཕྱུགས་ལས་གཉིས་ལ་བརྟེན་ཏེ་ཞིང་ཕྱུགས་ལས་ཀྱི་ཆེད་ལས་མཉམ་ལས་ཁང3བཙུགས་ཤིང་ཁྱིམ་ཚང་གི་ཕྱུགས་ར24གསོ་སྐྱོང་བྱས། སྡེ་བ་ཡོངས་ཀྱི་ཁྱིམ་ཚང126ལས་མི425ཡིས་མ་དངུལ་བཏང་ཞིང་ལོ་མཇུག་ལ་སྒོར་ཁྲི324བགོ་བྱ་བརྒྱབ་པ་དང་། ལས་གནས190ལྷག་གི་གནད་དོན་ཐག་བཅད་པས་སྡེ་བའི་མཉམ་སྡེབ་དཔལ་འབྱོར་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ས་གནས་ཀྱི་ཕུལ་བྱུང་འཇོན་མི་དང་ནོར་རྒྱུན་འདེབས་འཛུགས་ཞིང་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ནོར་རྒྱུན་ཚེ་རིང་གིས་བཤད་རྒྱུར། “ང་ཚོའི་འདེབས་འཛུགས་བྱས་པ་ནི‘ཁུ་ནུ་ཨང་རྟགས14པའི’ནས་རིགས་དང‘ཆིན་ཡུག་ཨང་རྟགས21པའི’པད་ཁའི་རིགས་ཡིན་ལ། སྤྱིར་བཏང་གི་ནས་རིགས་བཏབ་ན་ས་ཞིང་མུའུ་གཅིག་གི་སྟེང་དུ་ནས་རྒྱ་མ400ལྷག་བསྡུ་ལེན་བྱེད་ཐུབ་པ་དང་། ‘ཁུ་ནུ་ཨང་རྟགས14པའི’ནས་རིགས་བཏབ་ན་ས་ཞིང་མུའུ་གཅིག་གི་སྟེང་དུ་ནས་རྒྱ་མ800ལྷག་བསྡུ་ལེན་བྱེད་ཐུབ་པས་ཐོན་ཚད་སྤྱིར་བཏང་གི་ནས་རིགས་ལས་ལྡབ་གཅིག་གིས་མཐོ། དེ་མ་ཟད་ནས་རིགས་འདི་ལ་སྤུས་ཀ་ལེགས་ཤིང་འབྲུ་རྡོག་ཆེ་བ་དང་སོག་མ་སྦོམ་ལ་ཆག་མི་སླ་བ་བཅས་ཀྱི་ཁྱད་ཆོས་ཡོད།”
ད་ལོར་ལོ35ཡིན་པའི་རྟ་མགྲིན་ཚེ་རིང་ནི་བྲག་དཀར་རྫོང་ནས་དཀར་དྲུག་མ་ཁྱིམ་གཉེར་ཞིང་རའི་འགན་ལེན་པ་ཡིན་ཞིང་། 2015ལོར་རྟ་མགྲིན་ཚེ་རིང་དཔལ་ཁ་གྲོང་རྡལ་ཁྱུང་སེང་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་དུ་བདམས་པ་དང་། འདས་པའི་ལོ་ཟླའི་འཚོ་བར་ཕྱིར་དྲན་བྱས་རྗེས་རྟ་མགྲིན་ཚེ་རིང་ལ་ཚོར་སྣང་ཟབ་མོ་སྐྱེས་ཏེ“ཏང་དང་སྲིད་གཞུང་གི་རོགས་རམ་མེད་ན་ད་ལྟའི་ང་ཚོའི་བདེ་སྐྱིད་ཀྱི་འཚོ་བ་ཡོད་མི་སྲིད”ཅེས་བཤད། གནད་འཁེལ་དབུལ་སྐྱོར་ཀྱི་སྲིད་ཇུས་བཟང་པོ་དང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་གྱི་འོག་ཏུ་གྲོང་རྡལ་སྲིད་གཞུང་གིས་ཁོ་རང་རྩྭ་སྲུང་བའི་ལས་གནས་སུ་བཞག་པ་དང་། ཁོའི་ཚབ་དུ་མཉམ་འབྲེལ་སྨན་བཅོས་དང་རྒན་གསོའི་དངུལ་སྤྲད་ཅིང“530”གྲངས་ཉུང་དངུལ་བུན་བསྐྱིས།
རྟ་མགྲིན་ཚེ་རིང་ཁོ་རང་ཉིད་ཀྱང་ཞོར་ལས་ལ་འགྲོ་བ་དང་རྗེས་སུ་ཁྱིམ་གཉེར་ཞིང་ར་བཙུགས་ཏེ་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་སོང་། རང་ཁྱིམ་གྱི་འཚོ་བ་ཇེ་ལེགས་སུ་སོང་རྗེས་ཁོས་རང་རྟོགས་ཀྱིས་རྩྭ་སྲུང་བའི་ལས་གནས་དེ་དཀའ་ཁག་ཡོད་པའི་སྡེ་མི་གཞན་ལ་སྤྲོད་རྒྱུའི་རེ་བ་བཏོན།
སྡེ་བའི་འགྱུར་ལྡོག་སྡེ་དམངས་ཡོངས་ཀྱིས་མངོན་གསལ་གྱིས་མཐོང་ཐུབ་པ་དང་། སྡེ་དམངས་རྣམས་ཀྱི་ཕྱིའི་རྣམ་འགྱུར་ལའང་འགྱུར་ལྡོག་ཆེན་པོ་བྱུང་སྟེ་ཚང་མས་གདོང་ལ་དགའ་སྤྲོའི་འཛུམ་མདངས་མངོན་ཞིང་མ་འོངས་པའི་འཚོ་བར་རེ་བས་ཁེངས། “དཔལ་ཁ་གྲོང་རྡལ་ནི་རྒྱལ་ཡོངས་ཀྱི་ཐོན་ལས་སྟོབས་ཆེའི་གྲོང་རྡལ་ཡིན་པས་གོ་སྐབས་དང་འགྲན་རྩོད་གཉིས་ཀ་ཡོད། “ང་ཚོས‘ཏང་ཨུས་གཙོ་ཁྲིད་བྱེད་པ་དང་ཀྲི་པུའུ་ཡིས་སྣེ་ཁྲིད་བྱེད་པ། མཉམ་ལས་ཁང་གིས་སྟོབས་ཤུགས་སྒྲིལ་བ། ཐོན་ཁུངས་གཅིག་སྡུད་བྱེད་པ། ཐོན་ལས་སྟོབས་ཆེན་དུ་གཏོང་བ། མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་དང་རྒྱལ་ཁ་ལེན་པའི’སྤྱིའི་བསམ་ཕྱོགས་ལྟར། ཐོན་ཁུངས་ཀྱི་ལེགས་ཆ་རྨང་གཞིར་བཟུང་སྟེ་རང་ས་གནས་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་ཕྱོགས་གཏོད་པ་དང་། སྐྱེ་ཁམས་སྐྱེ་ལྡན་ཞིང་ཕྱུགས་ལས་དང་ནུས་ཁུངས་གཙང་མ། ཡུལ་སྐོར་ཐོན་ལས་སོགས་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་མུ་མཐུད་དུ་ཇེ་མཐོར་གཏོང་བ། ལས་བྱེད་པ་དང་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་ཇེ་ཆེར་གཏོང་བ་སོགས་ཀྱི་ཕྱོགས་ལ་ཤུགས་བསྣན་ཏེ་དཔལ་ཁའི་འཕེལ་རྒྱས་ཀྱི་ཚ་རླབས་གསར་པ་ཞིག་འཕྱུར་རྒྱུ་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་དཔལ་ཁ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་མགོན་པོ་རྒྱལ་གྱིས་བཤད།ནམ་མཁའ་སྔོ་ཞིང་གཡའ་དག་ལ་བསིལ་འཇམ་གྱི་རླུང་བུ་དལ་གྱིས་གཡུག་པའི་སྟོན་ཟླ་འདིར། དཔལ་ཁ་གྲོང་རྡལ་གྱི་ཁོར་ཡུག་ཀུན་ནི་རི་མོ་མཁན་གྱི་སྨྱུག་རྩེ་ནས་ཐོན་པའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱི་ཚོན་རིས་ཤིག་དང་འདྲ་ཞིང་། རོང་འབྲོག་མང་ཚོགས་གྲོང་གསེབ་དར་སྤེལ་གྱི་རྗེས་སུ་འབྲངས་ཏེ་མ་འོངས་བའི་འཚོ་བར་རེ་བས་ཁེངས།
འབྲེལ་ཡོད་འོས་སྦྱོར།