2019ལོའི་རྒན་གསོའི་སྲིད་ཇུས་ཐད་ཀྱི་འགྱུར་ལྡོག་གསར་པ།
གཉིས། ཁེ་ལས་ཀྱི་གྲོན་དངུལ་སྤྲོད་པའི་འགན་འཁུར་ཇེ་ཡང་དང་། ལས་བཟོ་པའི་སྤྱི་ཚོགས་འགན་སྲུང་གི་ཐོབ་ཆར་འགྱུར་ལྡོག་མི་བྱུང་བ། རྒན་གསོའི་མ་དངུལ་ལུགས་མཐུན་སྒོས་འཕར་སྣོན་གཏང་དགོས་པར་མ་ཟད། དུས་ལྟར་གྲོན་དངུལ་གཤམ་སྤྲོད་བྱེད་པར་འགན་སྲུང་བྱས་ཏེ། སྤྱི་ཚོགས་འགན་སྲུང་མ་དངུལ་དེ་མུ་མཐུད་དུ་ཁེ་ལས་དང་ལས་བཟོ་པས་མཉམ་དུ་ཁེ་ཕན་རེག་ཐུབ་པར་བྱ་རྒྱུ།
གསུམ། རྒན་གསོའི་བྱ་བ་ཤུགས་ཆེན་པོས་འཕེལ་རྒྱས་དུ་གཏང་དགོས་ལ་ལྷག་པར་དུ་སྡོད་ཁུལ་གྱི་རྒན་གསོ་ཞབས་ཞུའི་ལས་རིགས་ལ་སྐུལ་འདེད་བྱས་ཏེ། སྡོད་ཁུལ་དུ་ཉིན་མོར་གཉོར་སྐྱོང་དང་ཁམས་གསོ་ནད་གཡོག འགྲོ་འདུག་སྤྱོད་གསུམ་ལ་རོགས་རམ་བྱེད་པ་སོགས་ཀྱི་ཞབས་ཞུའི་ལས་ཁུངས་ལ་ཁྲལ་དངུལ་ཇེ་ཉུང་དང་མེད་པར་གཏོང་བ། མ་དངུལ་གྱིས་རྒྱབ་སྐྱོར་བྱེད་པ་དང་ཆུ་གློག་དྲོད་རླངས་ཀྱི་འགྲོ་གྲོན་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་རོགས་རམ་བྱ་རྒྱུ།
བཞི། གསར་སྐྲུན་སྡོད་ཁུལ་དུ་སྡོད་ཁུལ་གྱི་རྒན་གསོ་ཞབས་ཞུའི་སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་བྱ་རྒྱུ།
ལྔ། སྨན་བཅོས་ཀྱིས་ལུས་ཕུང་གསོ་བའི་སྲིད་ཇུས་བཅོས་སྒྱུར་དང་འཐུས་ཚང་དུ་བཏང་སྟེ། དུས་ཡུན་རིང་པོའི་ནད་གཡོག་དང་ཉེན་སྲུང་ལམ་ལུགས་ཀྱི་ཚོད་ལྟའི་ས་ཚིགས་རྒྱ་བསྐྱེད་རྒྱུ།
དྲུག རིམ་པ་མང་པོའི་རྒན་གསོའི་འགན་སྲུང་གི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བྱ་རྒྱུ།
བདུན། ལས་འཁྱུར་ངལ་གསོ་མི་སྣའི་མ་མཐའི་རྒན་གསོའི་མ་དངུལ་མུ་མཐུད་དུ་མཐོ་རུ་གཏང་རྒྱུ།
བརྒྱད། དམག་ཁོངས་ལས་བུད་པའི་དམག་མིའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ཏེ། དམག་ཁོངས་ལས་བུད་པའི་དམག་མིའི་མ་མཐའི་རྒན་གསོ་དང་མ་མཐའི་སྨན་བཅོས་འགན་སྲུང་གི་འབྲེལ་མཐུད་སྲིད་ཇུས་འཐུས་ཚང་དུ་གཏང་རྒྱུ།