ནག་འཇོམས་ངན་སེལ་གྱི་འབྲེལ་ཡོད་ཤེས་བྱ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཧའེ་ཨན་རྫོང་ཨུའི་དྲིལ་སྒྲོག་པུའུ་འཕྲིན་སྟེགས།
དུས་ཚོད།:2018-12-19
ཀློག་གྲངས།:
- ནག་ཚོགས་སྟོབས་ཤུགས་ལ་ངེས་པར་དུ་མངོན་གསལ་དོད་པོའི་རྡུང་རྡེག་གཏོང་དགོས་ལ། ནག་ཚོགས་ལ་འཕྲད་ཚེ། ངེས་པར་དུ་གོང་ཞུ་བྱ་ཕོད་དགོས།
ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་ལ་ཁྱད་རྟགས་བཞི་ཡོད་སྟེ།
ཁྲིམས་འགལ་གྱི་རྩ་འཛུགས་བརྟན་འཇགས་ཅན་ཚུགས་ཤིང་། མི་འབོར་མང་བ། མངོན་གསལ་ཅན་གྱི་རྩ་འཛུགས་མཁན་དང་སྣེ་ཁྲིད་མཁན། ཚོགས་མི་བཅས་ཡོད་པ།
རྩ་འཛུགས་ས་ཁུལ་ནས་ཁྲིམས་འགལ་གྱི་ཐབས་ལམ་མམ་ཐབས་ལམ་གཞན་བརྒྱུད་དེ་དཔལ་འབྱོར་གྱི་ཁེ་ཕན་ཐོབ་པ། དཔལ་འབྱོར་གྱི་སྟོབས་ཤུགས་ངེས་ཅན་ལ་བརྟེན་ནས་རྩ་འཛུགས་ཀྱི་བྱེད་སྒོར་རྒྱབ་སྐྱོར་བྱེད་པ།
དྲག་ཤུགས་དང་བཙན་ཤེད་ལ་བརྟེན་ནས། རྩ་འཛུགས་ས་ཁུལ་དུ་ཁྲིམས་འགལ་གྱི་བྱེད་སྒོ་གང་མང་སྤེལ་བ་དང་། མང་ཚོགས་ལ་གཉའ་གནོན་དང་བཤུ་བཞོག་བྱེད་པ།
ཁྲིམས་འགལ་གྱི་སྦྱོར་བ་བརྩམས་ཚེ། རྒྱལ་ཁབ་གཞུང་གི་ལས་བྱེད་པ་རྒྱབ་རྟེན་དུ་བཙལ་ནས་གཡོ་འགེབ་བྱེད་པ་དང་། ས་ཁུལ་དང་ལས་རིགས་ངེས་གཏན་ཞིག་ལ་ཁྲིམས་འགལ་གྱི་ཚོད་འཛིན་བྱས་ཏེ་ཤན་ཤུགས་ཐེབས་པ། དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་སྒྲིག་སྲོལ་ལ་གཏོར་བཤིག་གཏོང་བ་བཅས་ཀྱི་ཁྱད་རྟགས་མངོན་གསལ་ཡོད།
ཅི་ཞིག་ལ་ངན་ཤུགས་ཀྱི་རྩ་འཛུགས་ཟེར།
《ཉེས་ཁྲིམས》སུ་བསྟན་པ་ལྟར། དུས་རྒྱུན་མཉམ་རུབ་བྱས་ཏེ་དྲག་ཤུགས་དང་བཙན་ཤེད་སོགས་ལ་བརྟེན་ནས། ས་ཁུལ་དང་ལས་རིགས་ངེས་གཏན་ཞིག་ལ་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་ནས། དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་སྒྲིག་སྲོལ་ལ་གཏོར་བཤིག་གཏོང་བ། དེ་བཞིན་གཡོ་སྒྱུ་ཁྲམ་གྱི་དམངས་ལ་གཉའ་གནོན་བྱས་པས། སྤྱི་ཚོགས་ལ་ངན་ཤུགས་ཚབས་ཆེན་ཐེབས་ཀྱང་། ནག་ཚོགས་རྩ་འཛུགས་ཀྱི་ངོ་བོ་མ་ཚང་བའི་ཁྲིམས་འགལ་གྱི་རྩ་འཛུགས་སྟེ། ངན་ཤུགས་ནི་མི་གསུམ་ཡན་ཆོད་ཀྱི་མཉམ་རུབ་མཁན་ཕལ་ཆེར་གཏན་འཇགས་ཡིན་ལ། ཁྲིམས་འགལ་གྱི་སྦྱོར་བ་ནི་བཙནཤེད་ཀྱི་ཉོ་ཚོང་བྱེད་དུ་འཇུག་པ་དང་བསམ་བཞིན་དུ་འཚེ་བ་བྱེད་པ། ཁྲིམས་འགལ་གྱི་བཀག་ཉར་བྱས་ཏེ་གཡོ་ལེན་ཧམ་འཕྲོག་བྱེད་པ། བསམ་བཞིན་དུ་གཞན་གྱི་རྒྱུ་ནོར་གཡོ་ལེན་དང་མཉམ་རུབ་ཀྱི་འཁོན་སློང་བྱེད་པ་སོགས་ཡིན་ལ། དེ་དང་ཆབས་ཅིག་ཏུ། ག་ས་གང་དུ་རྒྱན་འཇོག་ཁང་དང་སྨད་ཚོང་ཁང་ཚོང་གཉེར་བྱེད་པ། ཉལ་དུད་སྐྱེལ་འདྲེན་དང་ལྐོག་ཚོང་བྱེད་པ། འཕྲོག་བཅོམ་དང་གཡོ་ལེན་སོགས་ཀྱིས་སྤྱི་པའི་སྒྲིག་སྲོལ་དང་འགྲིམ་འགྲུལ་སྒྲིག་སྲོལ་ལ་གཏོར་བརླག་བྱེད་པ་སྟེ། མཉམ་རུབ་ཀྱི་རྡུང་བཅག་འཕྲོག་གསུམ་གྱི་སྦྱོར་བ་སྤེལ་བར་གོ་བ་བླངས་ཆོག།
ཉེ་ལམ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་སུ་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བར་ཐག་བཅད་པ་རེད། 《ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་བརྡ་ཐོ》རུ་བསྟན་དོན། ནག་ཚོགས་སྟོབས་ཤུགས་ཀྱི་ཁྲིམས་འགལ་དང་ལྐོག་ཟ། གཞི་རིམ་གྱི“སྦྲང་གསོད”ལས་འགུལ་དང་ཟུང་འབྲེལ་བྱས་ཏེ། ནག་འཇོམས་ངན་སེལ་དང་གཞི་རིམ་རྩ་འཛུགས་གསོ་སྐྱོང་གཉིས་ཟུང་འབྲེལ་བྱ་དགོས་པར་བསྟན།
ཀྲུང་གོའི་གཞི་རིམ་ཡུལ་གྲོང་དུ། ནག་ཚོགས་སྟོབས་ཤུགས་ཞེས་པ་དེ་ཡང“སྡེ་དབང་སྒེར་གཅོད”ཀྱི་ལམ་ནས་མངོན་ཀྱིན་ཡོད། “སྡེ་དབང་སྒེར་གཅོད”ཞེས་པ་ཇི་ལྟར་བྱུང་བ་ཡིན། དེ་བཞིན་དུ་ཇི་ལྟར་རྩ་མེད་དུ་གཏོང་བ། དེ་རིང་། ང་ཚོས་སློབ་སྦྱོང་ཚོ་ཆུང་གིས《“སྡེ་དབང་སྒེར་གཅོད”བྱུང་བ་ནས་འཇིག་པ་ཐག་གིས་ཆོད》ཞེས་པའི་རྩོམ་ཡིག་འོས་སྦྱོར་བྱ་རྒྱུ་ཡིན།
“སྡེ་དབང་སྒེར་གཅོད”ནི་ཀྲུང་གོའི་ཡུལ་གྲོང་དུ་ཧམ་ཤེད་ལ་བརྟེན་ནས་དམངས་ལ་གཉའ་གནོན་དང་ཀྲུང་གོའི་གཞི་རིམ་སྲིད་དབང་སྒེར་གཅོད་བྱེད་པའི་ངན་ཤུགས་ལ་གོ། དེ་ཡང་ཅང་སུའུ་ཞིང་ཆེན་གྱི་ཏུང་ཧེ་རྫོང་ཆུ་ཚན་གྲོང་ལའོ་ཀྲང་སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཀའོ་མའོ་ཡེས་ནི་མཚོན་དཔེ་གསོན་པོ་ཞིག་ཡིན། ལའོ་ཀྲང་སྡེ་བ་ནི་ཞིང་ཆེན་རིམ་པའི་སྡེ་བ་དཀའ་ངལ་ཅན་ཞིག་ཡིན། སྡེ་བའི་ནང་དུ་ཐུན་མོང་གི་ཁེ་ལས་མེད་ལ། གཏེར་ཁའི་ཐོན་ཁུངས་ཡང་མེད། འདི་ལྟ་བུའི་སྡེ་བ་རུ་ཀའོ་མའོ་ཡེས་ཀྱི་སྲོག་སྙིང་བྱས་པའི་ཚོགས་ཁག་བཙུགས་ཤིང་། ཚོགས་མི་མང་པོ་བསྡུས་ཡོད་པ་དང་། ཀའོ་མའོ་ཡེས་ཀྱིས་སྡེ་བའི་ཏང་ཀྲི་པུའུ་ཧྲུའ་ཅི་ཡིས་དབང་ཆ་བེད་སྤྱད་དེ། ཚོགས་མི་དག་དང་མཉམ་དུ་སྡེ་བའི་མི་དམངས་ཀྱི་ཁེ་ཕན་ཁྱུར་མིད་དུ་བཏང་། དཔེར་ན། སྡེ་བའི་ཐུན་མོང་གི་རྒྱུ་ནོར་བསྐོར་ཚོང་བྱེད་པར་མཆན་འཁྲོལ་བའི་རེའུ་མིག་རྫུན་བཟོ་བྱས་པ་དང་། ས་ཆ་སྟོང་པ་རྣམས་རིན་གོང་དམའ་མོ་བྱས་ནས་རང་གི་ཚོགས་མི་རྣམས་ལ་བསྐོར་གླ་བྱས། ལས་གྲྭ་ལེན་པའི་འགྲན་རྩོད་ནང་ལག་བསྲིང་ནས། དེའི་ནང་ནས་དམངས་སྒོར་ཁྲི20ཡི་ཁེ་ཕན་ཐོབ། རང་གི་ཉེ་རིང་རྣམས་སྡེ་བའི་སོ་ཕག་གི་ཚོང་སྒེར་གཅོད་བྱེད་དུ་བཅུགའདི་ལྟ་བུའི་མི་ཞིག་གཡོ་སྒྱུ་བཀོལ་ནས་ལའོ་ཀྲང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལ་འདེམས་བསྐོས་གནང་། ན་ནིང་གི་ཟླ9པར། ཀའོ་མའོ་ཡེས་ཀྱིས་དངོས་སུ་རྩ་འཛུགས་ཞིབ་བཤེར་དང་ལེན་བགྱིས་པས། ལོ་སར་གྱི་སྐབས་སུ། གསར་ལམ་ཁག་གི་གསར་འགོད་པ་རྣམས་ས་གནས་སུ་ཞིབ་བཤེར་བྱེད་དུ་ཕྱིན་པ་དང་། མང་ཚོགས་བརྒྱ་ཁ་གཅིག་གྲགས་ཀྱིས“སྡེ་དབང་སྒེར་གཅོད”མཁན་རྩ་མེད་དུ་བཏང་ཞིང་། དམངས་སེམས་གཅིག་མཐུན་བྱུང་སོང་ཞེས་སྒྲིག་བཤེར་ཨུ་ཡོན་ཁང་ལ་བསྟོད་བསྔགས་ཕུལ་གྱིན་འདུག།
“སྡེ་དབང་སྒེར་གཅོད”བྱུང་བའི་ས་ཞིང་།
ཀྲུང་དབྱང་སྒྲིག་ཨུ་ཡིས་གཞུང་ཕྱོགས་ཀྱི་དྲ་ངོས་སུ། ཐེངས་དུ་མར་“སྡེ་དབང་སྒེར་གཅོད”ཀྱི་གནད་དོན་ལ་དག་ཐེར་དང་བཅོས་སྐྱོང་བྱས་པ་ཁྱབ་བསྒྲགས་གནང་། དཔེ་མཚོན་དག་གི་ཁྲོད། “སྡེ་དབང་སྒེར་གཅོད”འགའ་ཤས་སྟེ། ལྷག་པར་དུ་ལས་བྱེད་པས་ལས་གྲྭ་བཙན་འཕྲོག་དང་། གཡོ་ལེན་བཙན་འཕྲོག་གི་གནས་ཚུལ་མང་ཞིང་། དེ་ཡང“སྡེ་དབང་སྒེར་གཅོད”མཁན་འགའ་ཤས་ཀྱིས་ཉེ་རིང་རྣམས་ལ་གཞུང་རྒྱུ་སྒེར་སྤྱོད་བྱེད་དུ་བཅུག་པ་དང་། སྒྲིག་འགལ་གྱི་གཞུང་གི་ཐོན་ཁུངས་སྒེར་གཉེར་བྱེད་དུ་བཅུག མ་ཟད་སྡེ་བའི་ལས་བྱེད་འགའ་རེ་གོ་གནས་ཡུན་བཟུང་བྱས་ཤིང་། སྡེ་བའི་གོང་ཞུ་བྱས་ཚེ། གོང་ཞུ་བྱ་ཡུལ་ལ་སྐོག་རྔན་སྤྲད་དེ། མང་ཚོགས་རྣམས་ཐབས་ཟད་འུ་ཐུག་ཏུ་གྱུར་བར་བྱས།
རྒྱབ་རྟེན།
“སྡེ་དབང་སྒེར་གཅོད”གནས་ཚུལ་དེ་གཞི་རིམ་ས་ཁུལ་དོགས་སྣང་འཚེར་སྣང་ཅི་ཡང་མེད་པར་ཧམ་ཤེད་བཙན་འཕྲོག་གི་སྦྱོར་བ་བགྱི་རུ་བཅུག་པ་ཡིན། གཙོ་བོ་ནི་རྒྱབ་རྟེན་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། དེ་ཡང་རྒྱབ་རྟེན་འདིའི་རིགས་ལ་ཆོས་ལུགས་དང“དབང་ཆའི་རྒྱབ་རྟེན”གཉིས་ཀྱི་གནས་ཚུལ་བྱུང་བ་རེད།
ཀྲུང་གོའི་ཡུལ་གྲོང་དུ་གནའ་ནས་ཆོས་ལུགས་དང་ཁྱིམ་རྒྱུད་ཀྱི་སྟོབས་ཤུགས་ཤན་སྟོབས་ཆེ་ཞིང་། ཞིང་སྡེ་བཅོས་སྐྱོང་གི་ལས་ཀར་བར་ཆད་ཆེན་པོ་གཏོང་བཞིན་ཡོད། དེ་ཡང་རི་མཐོ་ལུང་གཟར་གྱི་ས་ཁུག་ལུང་ཁུག་དག་ཏུ་ཆོས་ལུགས་སྟོབས་ཤུགས་ཧ་ཅང་ཆེ་ཞིང་། ཞིང་གྲོང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་རྗེས་ལུས་ཡིན་ཚེ། ཆོས་ལུགས་སྟོབས་ཤུགས་ཀྱི་སྡེ་ཡོངས་ཚོད་འཛིན་བྱེད་པའི་ཤན་སྟོབས་དེ་བཞིན་ཆེ་ཞིང་། དེ་ཡང་ལྟ་ཚུལ་ཐ་དད་ཅན་དང་དགག་སྒྲུབ་མཁན་ལ་རྒོལ་ལན་ཚྭ་ནན་རེ་རེག་ངེས་ཡིན།
“དབང་ཆའི་རྒྱབ་རྟེན”ཞེས་པ་ནི་གོང་རིམ་འགོ་ཁྲིད་འགའ་ཤས་ཀྱི་བསམ་བཞིན་དང་བསམ་བཞིན་མ་ཡིན་པར“སྡེ་དབང་སྒེར་གཅོད”མཁན་གྱི་རྒྱབ་རྟེན་དུ་གྱུར་བ་དང་། “སྡེ་དབང་སྒེར་གཅོད”མཁན་དག་ཡ་ང་འཇིགས་སྣང་དང་སྐྲག་དོགས་འཛེམ་གསུམ་མེད་པའི་རྒྱབ་རྟེན་དུ་གྱུར་པས། ཏང་དང་སྲིད་གཞུང་གི་སྣང་བརྙན་རྫོབ་པོ་རུ་བཟོ་མཁན་ཡིན་པས་སྣང་ཆུང་དང་རྩིས་མེད་དུ་གཏོང་མི་རུང་།
འདེམས་བསྐོས་ཀྱི་ཞན་ཆ།
རང་རྒྱལ་གྱི་སྡེ་དཔོན་ནི་འདེམས་བསྐོས་བྱས་ཏེ་བྱུང་བ་ཡིན་ལ། སྡེ་དམངས་ཡོངས་ཀྱི་འདེམས་བསྐོས་བྱེད་པ་ནི་རང་རྒྱལ་གྱི་གཞི་རིམ་དམངས་གཙོའི་རྣམ་པ་དང་གོ་རིམ་ཡིན། དེ་ཡང་ལམ་ལུགས་འགའ་ཤས་འཐུས་ཚང་མིན་པས། གཡོ་འདེམས་དང་བཙན་ཤེད། ཁྱིམ་རྒྱུད་དང་ཆོས་ལུགས་ཀྱི་ཚོད་འཛིན། ནག་ཚོགས་ངན་ཤུགས་ཀྱི་སིམ་འཛུལ་ཐེབས་བཞིན་ཡོད་པས་གནད་དོན་འགའ་ཤས་ཐག་གཅོད་བྱ་ཐབས་བྲལ། མི་ངན་རེ་འགའི་རྒྱུ་ཤེད་ལ་བརྟེན་ནས་སྡེ་བའི་དབུ་ཁྲིད་དཔུང་སྡེ་ནང་དུ་འཛུལ་ནས“སྡེ་དབང་སྒེར་གཅོད”མཁན་གྱི་ལས་བྱེད་པ་གྱུར།
ཞིང་སྡེའི་བདེ་འཇགས་ནང་སྟོང་དུ་གྱུར་བ།
གཞི་རིམ་ཞིང་སྡེའི་སྤྱི་པའི་བདེ་འཇགས་ཀྱི་ཐོན་རྫས་སུ་ལྟོས་བཅས་ཀྱི་ཇེ་ཉུང་དུ་གྱུར་བ་དང་། སྡེ་བའི་ལས་བྱེད་པ་འགའ་ཤས་བདེ་འཇགས་ཀྱི་སྟོབས་ཤུགས་སུ་གྱུར། དེ་ཡང་ལྟ་སྐུལ་གྱི་ནུས་པས་མ་འདང་བས། དུས་ཚོད་ཡུན་རིང་སོང་རྗེས“སྡེ་དབང་སྒེར་གཅོད”མཁན་དུ་གྱུར། དཔེར་ན། ཀྲིན་ཀྲོའུ་གྲོང་ཁྱེར་གྱི་མཁའ་འགྲུལ་ཁུལ་གྱི་ཏཱ་སའེ་སྡེ་བ་རུ་བཅོས་སྐྱོང་ཁང་གི་ཀྲུའུ་རེན་ཀྲང་ཀྲུང་ཡན་གྱི་ཐབས་ལམ་ཡང་དག་པ་བརྒྱུད་དེ་སྡེ་དཔོན་དུ་གྱུར་བ་ཡིན་མོད། འོན་ཀྱང་བདེ་འཇགས་རུ་ཁག་བཙུགས་ནས་སྡེ་དམང་དང་ཚོང་ཁང་དག་ལ་གཙང་སྦྲའི་རིན་དང་ས་གླ། བོགས་དངུལ་སོགས་བླངས་བ་དང་། ཚོང་རའི་སྒྲིལ་སྲོལ་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད། སྡེ་བའི་ཉེ་འཁོར་གྱི་བཟོ་གྲྭའི་ལས་བཟོ་བ་མཉམ་རུབ་ཀྱི་དམིགས་བསལ་ཆ་རྐྱེན་བེད་སྤྱད་དེ། རྒྱན་འཇོག་ཁང་ཚོང་གཉེར་བྱས་ཤིང་། བཙན་ཤེད་ཀྱི་སྲུང་སྐྱོབ་དང་ཁེ་ཕན་དོན་གཉེར་བྱས་པ་བརྒྱུད། དོན་དངོས་སུ“སྡེ་དབང་སྒེར་གཅོད”མཁན་དུ་གྱུར་བ་རེ།
“སྡེ་དབང་སྒེར་གཅོད”མཁན་བྱུང་ནས་འཇིགས་པ་ཐག་གིས་ཆོད་ཡོད།
ཅང་སུའུ་ཞིང་ཆེན་ཏུང་ཧེ་རྫོང་གི་སྒྲིག་ཨུ་ཡིས་གྱོད་དོན་ཞིབ་བཤེར་བྱེད་སྐབས། ཀའོ་མའོ་ཡེས་ཀྱི་སྤོབས་སེམས་འཁུམ་མེད་ལ། “ང་ནི་སྦྲང་མ་ཙམ་ཡང་མིན་པས། ཁྱེད་ཅག་གིས་ང་ལ་ཞིབ་བཤེར་བྱེད་པ་ཤིག་གི་སྟེང་ལ་སྟ་རེ་འཕྱར་བ་རེད”ཅེས་ཟེར། སྤྱི་ལོའི2017ལོའི་ལོ་སྟོད་དུ། ཀྲུང་དབྱང་སྒྲིག་ཨུ་དང་ཆེས་མཐོའི་ཞིབ་དཔྱོད་ཁང་གིས“སྡེ་དབང་སྒེར་གཅོད”མཁན་རྩ་མེད་དུ་གཏོང་བ་དང་། ཆོས་ལུགས་དང་ངན་སྟོབས་ཀྱི་ཁྲིམས་འགལ་སྦྱོར་བ་རྩ་མེད་དུ་གཏོང་དགོས་པར་བཀོད་སྒྲིག་མངག་བཅོལ་གནང་། དེ་ཡང་ཏང་གི་སྐབས་བཅུ་དགུ་བའི་ཚོགས་ཆེན་གྱི་སྙན་ཞུ་རུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་མཐོར་གཏོང་དགོས་པ་བཏོན། བཅོས་སྒྱུར་གྱི་དམིགས་ཡུལ་དང་འཕེལ་རྒྱས་ཀྱི་འབྱུང་ཁུངས་ལ་ངོས་ཟིན་གནང་བས། “སྡེ་དབང་སྒེར་གཅོད”མཁན་རྩ་མེད་གཏོང་བར། ཤིག་གི་སྟེང་ལ་སྟ་རེ་འཕུད་པའི་སྦྱོར་བ་དང་འབྲེལ་བ་མེད་ཅིང་། མི་དམངས་ཀྱི་ཁེ་ཕན་དང་འབྲེལ་བ་དང་། མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ལ་འབྲེལ་བས་ངེས་པར་དུ་རྩ་མེད་དུ་གཏོང་དགོས་པར་བསྟན།
དེ་ཡང“སྡེ་དབང་སྒེར་གཅོད”ཞེས་པའི་ངན་པའི་སྟོབས་ཤུགས་འདི་བྱུང་བ་ཉིད་ནས་འཇིགས་པ་ཐག་གིས་ཆོད་ཡོད། ཉེ་རབས་སུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཕུགས་འདུན་ནི་བསྐྱར་དར་མངོན་འགྱུར་ཡོང་བ་དེ་ཡིན་ལ། རླབས་ཆེན་གྱི་བསྐྱར་དར་གྱི་གནད་འགག་གི་གོམ་སྟབས་གཅིག་ནི་འབྱོར་འབྲིང་སྤྱི་ཚོགས་འཛུགས་པ་ཡིན། དེ་ཡང་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཡོང་བར་རྒྱ་ཆེའི་ཞིང་སྡེའི་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད་པས། “སྡེ་དབང་སྒེར་གཅོད”སོགས་ཀྱིས་གཞི་རིམ་འཕེལ་རྒྱས་ཀྱི་བྱ་བཞག་ལ་བར་ཆད་དང་འཚེ་བ་གཏོང་བཞིན་ཡོད། ཏང་གི་སྐབས་དགུ་བའི་ཚོགས་ཆེན་གྱི་སྙན་ཞུ་རུ། རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་སྐྱོང་སོགས་ཟུང་སྦྲེལ་བྱས་པའི་ཡུལ་གྲོང་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ། གཞི་རིམ་སྲིད་དབང་འཛུགས་སྐྲུན་ལ་ཤུགས་སྣོན་དང་བཅོས་སྒྱུར་བྱེད་པ་དང་མཉམ་དུ། ཞིང་སྡེའི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཉིས་ལ་ཤུགས་བསྣན་ཏེ། “སྡེ་དབང་སྒེར་གཅོད”འབྱུང་ཡུལ་གྱི་ས་ཞིང་རྩ་མེད་དུ་གཏོང་བའོ།།
འབྲེལ་ཡོད་འོས་སྦྱོར།