མཚོ་ལྷོ་ཁུལ་གྱི“ནག་འཇོམས་ངན་སེལ”བྱ་བའི་གཙོ་གནད་དང་བཅོས་སྒྲིག་བྱ་ཡུལ་གཙོ་བོ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-09-17
ཀློག་གྲངས།:
གཅིག “ནག་འཇོམས་ངན་སེལ”བྱ་བའི་གཙོ་གནད།
གཅིག་ནི་ཆབ་སྲིད་བདེ་འཇགས་དང་ལྷག་པར་དུ་ལམ་ལུགས་ཀྱི་བདེ་འཇགས་དང་། སྲིད་དབང་གི་བདེ་འཇགས་བཅས་ལ་ཉེན་ཁ་ཆེ་ཞིང་ཆབ་སྲིད་ཀྱི་ཁྱབ་ཁོངས་སུ་སིམ་འཛུལ་ཐེབས་པའི་ནག་སྤྱོད་སྟོབས་ཤུགས་གཙོ་གནད་དུ་བཟུང་ནས་རྡུང་རྡེག་གཏོང་བ།
གཉིས་ནི་ལྐོག་རྔན་དང་། དྲག་ཤུགས། མགོ་སྐོར། བཙན་སྐུལ་ལ་སོགས་པའི་ཐབས་ངན་སྤྱད་ནས་གཞི་རིམ་གྱི་སྲིད་དབང་ཚོད་འཛིན་བྱེད་པ་དང་། གཞི་རིམ་གྱི་འདེམས་བསྐོ་ལ་ཁ་ལོ་བསྒྱུར་ནས་གཏོར་བརླག་བྱེད་པ། རོང་འབྲོག་ས་ཁུལ་གྱི་དཔལ་འབྱོར་ཐོན་ཁུངས་སྒེར་སྡོམ་བྱེད་པ། ཐུན་མོང་གི་རྒྱུ་ནོར་ལྐོག་ཟ་བྱེད་པ་བཅས་ཀྱི་ནག་སྤྱོད་སྟོབས་ཤུགས་གཙོ་གནད་དུ་བཟུང་ནས་རྡུང་རྡེག་གཏོང་བ།
གསུམ་ནི་ཁྱིམ་རྒྱུད་དང་། རུས་རྒྱུད། ཆོས་ལུགས་བཅས་ཀྱི་སྟོབས་ཤུགས་བེད་སྤྱད་ནས་ཡུལ་ལུང་སོགས་སུ་ཁྲིམས་མེད་ལུགས་མེད་ཀྱིས་མི་སེར་ལ་བརྙས་བཅོས་དང་གཉའ་གནོན་བྱེད་མཁན་གྱི“སྡེ་བའི་བཙན་བདག”དང“ཡུལ་ཚོའི་བཙན་བདག”ལ་སོགས་པའི་ནག་སྤྱོད་སྟོབས་ཤུགས་དང་། ཡུལ་སྡེ་སོགས་སུ་བཙན་པོ་དབང་ཆེན་བྱེད་མཁན་གྱི་མི་ངན་ཁྲམ་པ་གཙོ་གནད་དུ་བཟུང་ནས་རྡུང་རྡེག་གཏོང་བ།
བཞི་ནི་ས་ཞིང་བསྡུ་ལེན་དང་། བོགས་གཏོང་། བཤིག་སྤོ། ལས་གཞིའི་འཛུགས་སྐྲུན་ལ་སོགས་པའི་གོ་རིམ་ནང་དུ་རོང་འབྲོག་མང་ཚོགས་ལ་ངན་སྐུལ་བྱས་ནས་ཟིང་ཆ་སློང་བ་དང་། མང་ཚོགས་རང་བཞིན་གྱི་མཚོན་ཐོགས་རུབ་འཛིང་དང་ཞུ་གཏུག་བྱ་འགུལ་རྩ་འཛུགས་དང་ཇུས་འགོད་བྱེད་མཁན་གྱི་ནག་སྤྱོད་སྟོབས་ཤུགས་གཙོ་གནད་དུ་བཟུང་ནས་རྡུང་རྡེག་གཏོང་བ།
ལྔ་ནི་ཨར་ལས་བཟོ་སྐྲུན་དང་། འགྲིམ་འགྲུལ་སྐྱེལ་འདྲེན། གཏེར་རྫས་ཐོན་ཁུངས། དངོས་རྫས་འཁོར་རྒྱུག་ལ་སོགས་པའི་ཁྱབ་ཁོངས་དང་ལས་རིགས་ཀྱི་ནང་དུ། ལས་གཞི་བཙན་འཕྲོག་དང་། བསམ་ངན་དམིགས་འགྲན། ཁྲིམས་འགལ་གྱིས་ས་ཞིང་འཛིན་པ། གང་བྱུང་དུ་སྔོག་འདོན་དང་གཉེར་སྐྱོང་སྒེར་སྡོམ་བྱེད་པའི་ནག་སྤྱོད་སྟོབས་ཤུགས་གཙོ་གནད་དུ་བཟུང་ནས་རྡུང་རྡེག་གཏོང་བ།
དྲུག་ནི་ཉོ་ཚོང་ཁྲོམ་ཚོགས་དང་། སྡེབ་འཚོང་ཁྲོམ་ར། འཁོར་ཚིགས་གྲུ་ཁ། ཡུལ་སྐོར་ལྗོངས་ཁུལ་སོགས་སུ་ཁྲོམ་ར་ཧམ་གཉེར་དང་། བཙན་ཉོ་བཙན་བཙོང་། སྲུང་སྐྱོབ་གྲོན་དངུལ་བསྡུ་ལེན་བྱེད་པ་ལ་སོགས་པའི་ནག་སྤྱོད་སྟོབས་ཤུགས་གཙོ་གནད་དུ་བཟུང་ནས་རྡུང་རྡེག་གཏོང་བ།
བདུན་ནི“འཆལ་རྒྱན་དུག་གསུམ”གྱི་བྱ་བ་གཉེར་བའམ་གསང་བའི་རྒྱན་འགྱེད་ཁང་ཕྱེ་བ་ལ་སོགས་པའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་མཁན་གྱི་ནག་སྤྱོད་སྟོབས་ཤུགས་གཙོ་གནད་དུ་བཟུང་ནས་རྡུང་རྡེག་གཏོང་བ།
བརྒྱད་ནི་ཁྲིམས་འགལ་གྱིས་བུན་སྐྱེད་ལྕི་མོ་གཏོང་བ་དང་། དྲག་ཤུགས་ཀྱིས་བུ་ལོན་ཚ་འདེད་བྱེད་པ་ལ་སོགས་པའི་ནག་སྤྱོད་སྟོབས་ཤུགས་གཙོ་གནད་དུ་བཟུང་ནས་རྡུང་རྡེག་གཏོང་བ།
དགུ་ནི་དམངས་ཁྲོད་ཀྱི་རྩོད་གཞི་ལ་ཐེ་ཇུས་བྱེད་པ་དང་། “གསང་བའི་ཁྲིམས་བསྟར་རུ་ཁག”ཁུར་ལེན་བྱེད་མཁན་གྱི་ནག་སྤྱོད་སྟོབས་ཤུགས་གཙོ་གནད་དུ་བཟུང་ནས་རྡུང་རྡེག་གཏོང་བ།
བཅུ་བ་ནི་ཁོངས་ཕྱིའི་ནག་ཚོགས་རྒྱལ་ཁོངས་དང་ས་མཚམས་བརྒལ་ནས་སིམ་འཛུལ་བྱེད་པའི་ནག་སྤྱོད་སྟོབས་ཤུགས་གཙོ་གནད་དུ་བཟུང་ནས་རྡུང་རྡེག་གཏོང་བ།
བཅུ་གཅིག་ནི་རུས་རྒྱུད་དང་ཆོས་ལུགས་དགོན་སྡེའི་སྟོབས་ཤུགས་བེད་སྤྱད་ནས་གཞི་རིམ་གྱི་སྤྱི་ཚོགས་དོ་དམ་དང་ཁྲིམས་བསྟར་ཁྲིམས་འཛིན་གྱི་བྱ་བར་ཐེ་ཇུས་བྱེད་པ་དང་། མང་ཚོགས་རྩ་འཛུགས་དང་ངན་སྐུལ་བྱས་ནས་ཁྲིམས་འགལ་གྱིས“གཡུལ་གཤམ་པ”། མི་བསད་པའི་སྲོག་ཚབ་ལ་སྟོང་ལེན་པ། “དམག་དཔུང་ཕྱིར་འཐེན་གྱི་གྲོན་དངུལ”བསྡུ་ལེན་བྱེད་པ་ལ་སོགས་པའི་ནག་སྤྱོད་སྟོབས་ཤུགས་གཙོ་གནད་དུ་བཟུང་ནས་རྡུང་རྡེག་གཏོང་བ།
བཅུ་གཉིས་ནི“རིག་གནས་སྲུང་སྐྱོབ”དང་།“ཕ་སྐད་སྲུང་སྐྱོབ”།“སྐྱེ་ཁམས་སྲུང་སྐྱོང”སོགས་ལ་ཁ་གཡར་ཏེ་མང་ཚོགས་ལ་ངན་སྐུལ་བྱས་ནས་གྲུབ་མཐའ་སོགས་བར་གྱི་རྩོད་གཞི་སློང་བ་དང་། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་རྩ་འཛུགས་བྱས་ནས་རྒྱུ་ནོར་ལེན་ཐབས་བྱེད་པ། རྒྱལ་ཁབ་ཀྱི་ཚད་ལྡན་སློབ་གསོ་དང་རྒྱུན་ལྡན་འཛུགས་སྐྲུན་ལ་ཐེ་གཏོགས་བྱེད་པ་ལ་སོགས་པའི་ནག་སྤྱོད་སྟོབས་ཤུགས་གཙོ་གནད་དུ་བཟུང་ནས་རྡུང་རྡེག་གཏོང་བ།
བཅུ་གསུམ་ནི་ཟོག་འདྲེན་རླངས་འཁོར་ཉུང་ཤས་དང་། གླ་གཏོང་རླངས་འཁོར་ལས་རིགས་ཀྱིས་ཕྱི་ནས་ཡོང་བའི་གཉེར་སྐྱོང་བྱེད་མཁན་གྱིས་རང་གི་ཡོང་འབབ་ལ་ཤུགས་རྐྱེན་བཟོས་པར་ཁ་གཡར་ནས། “ཁ་བཏགས་རླངས་འཁོར་རུ་ཁག”རྩ་འཛུགས་བྱེད་པ་དང་།“ཏཱ་ལའི་བྲིས་ཐང”འགེལ་བ། ལམ་བཀག་ནས་ཚོང་ཟོག་འཕྲོག་པ། ཁྲལ་བསྡུའི་འགག་སྒོ་བཙན་བརྒལ་བྱེད་པ་དང་། སྐྱེལ་འདྲེན་མཚམས་བཞག་ནས་ཞུ་གཏུག་བྱེད་པ་ལ་སོགས་པའི་རྒྱུན་ལྡན་གྱི་ཐོན་སྐྱེད་གཉེར་སྐྱོང་སྒྲིག་ལམ་ལ་འགོག་རྐྱེན་ཚབས་ཆེན་བཟོ་བ་དང་། ཁེ་ལས་དང་མི་གཞན་གྱི་ཁེ་ཕན་ལ་བཙན་གནོད་བྱེད་མཁན་གྱི་ནག་སྤྱོད་སྟོབས་ཤུགས་གཙོ་གནད་དུ་བཟུང་ནས་རྡུང་རྡེག་གཏོང་བ།
བཅུ་བཞི་ནི་རྩྭ་ས་དང་ས་མཚམས་ཀྱི་རྩོད་གཞི་བེད་སྤྱད་ནས་འགལ་ཟླ་དང་ཆག་སྒོ་སློང་བ་དང་། མི་ཚོགས་ཅན་གྱི་དོན་རྐྱེན་བཟོ་བའམ་ཡང་ན་བསམ་བཞིན་དུ་འགལ་བ་དང་རྩོད་གཞི་སློང་ཐབས་བྱས་ཤིང་། དེའི་ཁྲོད་ནས་འདུམ་སྒྲིག་གྲོན་དངུལ་ལེན་ཐབས་བྱེད་པའི་ནག་སྤྱོད་སྟོབས་ཤུགས་གཙོ་གནད་དུ་བཟུང་ནས་རྡུང་རྡེག་གཏོང་བ།
བཅོ་ལྔ་ནི་ཉེས་དོན་བདེ་འཇགས་ཀྱི་གྱོད་གཞི་དང་། འགྲིམ་འགྲུལ་ཆག་སྒོ། སྨན་བཅོས་དོན་རྐྱེན། བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ལ་སོགས་པར་ཁ་གཡར་ནས། མང་ཚོགས་རྩ་འཛུགས་བྱས་ནས་ཁྲིམས་འགལ་རུབ་ཚོགས་རྒྱག་པའམ་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཚན་བསྐོར་འགོག་བྱེད་པ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་ཀ་སྤེལ་ཡུལ་ལ་རྡུང་རྡེག་བྱེད་པ། གཞུང་དང་སྒེར་གྱི་རྒྱུ་ནོར་ལ་རྡུང་གཅོག་དང་གཏོར་སྐྱོན་གཏོང་བ། ཁྲིམས་འགལ་གྱི་ཞུ་གཏུག་དཀྲུག་ཤིང་བཟོ་བ། རྒྱུན་ལྡན་གྱི་ལས་ཀ་དང་། ཐོན་སྐྱེད། སྨན་བཅོས་བཅས་ཀྱི་སྒྲིག་ལམ་ལ་གཏོར་བརླག་བྱེད་པ་ལ་སོགས་པའི་མངོན་གསལ་གནད་དོན་གཙོ་གནད་དུ་བཟུང་ནས་བཅོས་སྒྲིག་བྱེད་པ།
བཅུ་དྲུག་ནི་སྒྲིག་འགལ་གྱིས་ཐུན་མོང་གི་ཐོན་ཁུངས་ཉར་སྤྱོད་བྱེད་པ་དང་། བཙན་ཐབས་ཀྱིས་ས་ཡུལ་གྱི་གྲོན་དངུལ་དང་། འཕྲོད་བསྟེན་གྲོན་དངུལ། བོགས་དངུལ་སོགས་བསྡུ་ལེན་བྱེད་པའི་ནག་སྤྱོད་སྟོབས་ཤུགས་གཙོ་གནད་དུ་བཟུང་ནས་རྡུང་རྡེག་གཏོང་བ།
བཅུ་བདུན་ནི་གང་བྱུང་དུ་གནས་ལྗོངས་བཏོད་པ་དང་། ཁྲིམས་འགལ་བདག་གཉེར། བཙན་ཐབས་ཀྱིས་འཛད་སྤྱོད་བྱེད་དུ་འཇུག་པ། གཡོ་འཚོང་བྱེད་པ། བསྙད་འདོགས་རྒྱུ་འཕྲོག་དང་ཞུ་གཏུག་དཀྲུག་ཤིང་འཕེན་པ་ལ་སོགས་པའི་རྙོག་འཛིང་གི་རྣམ་པ་གཙོ་གནད་དུ་བཟུང་ནས་རྡུང་རྡེག་གཏོང་བ་བཅས་སོ།།
གཉིས། “ནག་འཇོམས་ངན་སེལ”གྱི་བཅོས་སྒྲིག་བྱ་ཡུལ་གཙོ་བོ།
གཅིག་ནི་ནག་སྤྱོད་སྟོབས་ཤུགས་ཀྱིས་ཚོད་འཛིན་སྒེར་སྡོམ་བྱས་པ་དང་། བདག་གཉེར་ཚད་ལྡན་མིན་པ། སྒྲིག་ལམ་རྙོག་འཛིང་ཆེ་བ། མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པའི་འགྲིམ་འགྲུལ་སྐྱེལ་འདྲེན་ལམ་ཐིག་གཙོ་གནད་དུ་བཟུང་ནས་བཅོས་སྒྲིག་བྱེད་པ།
གཉིས་ནི་ནག་སྤྱོད་སྟོབས་ཤུགས་ཀྱིས་དྲག་ཤུགས་དང་འཇིགས་སྐུལ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བཟོ་བཀོད་བཙན་འཕྲོག་དང་བསམ་ངན་ཁོག་བཅུག་གིས་དམིགས་འདྲེན་བྱས་པའི་ས་ཞིང་བསྡུ་སྤྱོད་དང་། བཤིག་སྤོ། ཨར་ལས་བཟོ་བཀོད་སོགས་གཙོ་གནད་དུ་བཟུང་ནས་བཅོས་སྒྲིག་བྱེད་པ།
གསུམ་ནི་ནག་སྤྱོད་སྟོབས་ཤུགས་ཀྱིས་ཚོང་ཟོག་གི་རིན་གོང་ཚོད་འཛིན་བྱས་ཤིང་། བཙན་ཉོ་བཙན་བཙོང་བྱེད་པ། བདེ་འཇགས་ཀྱི་གནད་དོན་འབུར་དུ་ཐོན་པའི་ཚོང་འདུས་ཁྲོམ་ར་གཙོ་གནད་དུ་བཟུང་ནས་བཅོས་སྒྲིག་བྱེད་པ།
བཞི་ནི་ནག་སྤྱོད་སྟོབས་ཤུགས་ཀྱིས་ཧམ་བཟུང་བྱས་ཤིང་། དྲག་ཤུགས་དང་འཇིགས་སྐུལ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བཙན་ཤེད་ཀྱིས་ཉོ་ཚོང་བྱེད་པ་དང་། ཁྲིམས་འགལ་གྱིས་རྒྱུ་ནོར་ལེན་ཐབས་བྱེད་པའི་གཏེར་རྫས་ལས་རིགས་གཙོ་གནད་དུ་བཟུང་ནས་བཅོས་སྒྲིག་བྱེད་པ།
ལྔ་ནི་ནག་སྤྱོད་སྟོབས་ཤུགས་ཀྱིས་སྒེར་སྡོམ་བདག་གཉེར་བྱས་པ་བརྒྱུད་ནས་ཁྲིམས་འགལ་གྱིས་རྒྱུ་ནོར་ལེན་ཐབས་བྱེད་པའི་ཟོག་འགྲེམས་ལས་རིགས་གཙོ་གནད་དུ་བཟུང་ནས་བཅོས་སྒྲིག་བྱེད་པ།
དྲུག་ནི་ནག་སྤྱོད་སྟོབས་ཤུགས་ནང་དུ་ཞུགས་ནས་སྒེར་སྡོམ་ཚོད་འཛིན་དང་བཙན་ཤེད་ཀྱིས་ཉོ་ཚོང་བྱེད་དུ་བཅུག་སྟེ་རྒྱུ་ནོར་ལེན་ཐབས་བྱེད་པའི་ཡུལ་སྐོར་ལྗོངས་ཁུལ་གཙོ་གནད་དུ་བཟུང་ནས་བཅོས་སྒྲིག་བྱེད་པ།
བདུན་ནི་ཁྲིམས་འགལ་གྱིས་དངུལ་བུན་གཏོང་བ་དང་བུ་ལོན་འདེད་པ། “གསང་བའི་ཉེན་རྟོག་པ་གཏོང”མཁན་གྱི“འབོར་ཉུང་དངུལ་བུན་ཀུང་སི”དང་། གཏའ་འཇོག་ཁང་གཙོ་གནད་དུ་བཟུང་ནས་བཅོས་སྒྲིག་བྱེད་པ།
བརྒྱད་ནི་ནག་སྤྱོད་སྟོབས་ཤུགས་རྒྱུན་དུ་མཐོང་རྒྱུ་ཡོད་པ་དང་། འཆལ་རྒྱན་དུག་གསུམ་གྱི་གནས་ཚུལ་འབུར་དུ་ཐོན་པ། མི་མང་དཔུང་སྡེབ་ཀྱིས་རྒྱག་རེས་བྱེད་པ། བསྙད་རྐོ་ཟིང་སློང་གི་དོན་རྐྱེན་རྒྱུན་དུ་འབྱུང་བའི་སྤྱི་བའི་རོལ་རྩེད་ཞབས་ཞུ་ཁང་གཙོ་གནད་དུ་བཟུང་ནས་བཅོས་སྒྲིག་བྱེད་པ།
དགུ་ནི་ཕྱི་ནས་ཡོང་བའི་མི་སྣ་དང་། རྒྱུན་འཁོར་མི་འབོར། གནས་སྐབས་སྡོད་མི་མང་སའི“གྲོང་དབུས་སྡེ་བ”དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་མཚམས་གཙོ་གནད་དུ་བཟུང་ནས་བཅོས་སྒྲིག་བྱེད་པ།
བཅུ་ནི་ཆོས་ལུགས་དང་རུས་རྒྱུད་སྟོབས་ཤུགས་བེད་སྤྱད་ནས་བཙན་ཤེད་ཀྱིས་མང་ཚོགས་ས་གནས་སྲིད་འཛིན་དོ་དམ་བྱ་བར་ཐེ་གཏོགས་བྱེད་དུ་འཇུག་པ་དང་། གཞི་རིམ་སྲིད་དབང་གི་འཁོར་སྐྱོད་ལ་བར་ཆད་གཏོང་བ། གཞི་རིམ་རྩ་འཛུགས་ཉམས་ཞན་ཐར་ཐོར་ཡིན་པའི་ས་ཁུལ་སོགས་གཙོ་གནད་དུ་བཟུང་ནས་བཅོས་སྒྲིག་བྱེད་པ་བཅས་སོ།།

འབྲེལ་ཡོད་འོས་སྦྱོར།