ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་གི་གནད་ཚིག་སུམ་ཅུ་ཐམ་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-12-11
ཀློག་གྲངས།:
1 ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར།
ལོ་ལྔའི་རིང་ང་ཚོའི་ཏང་གིས་ཆབ་སྲིད་ཀྱི་བློ་གཤོག་ཆེན་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོ་བཅངས་ཏེ། བསམ་གཞི་གསར་པ་དང་བསམ་ཚུལ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དང་། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པ། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ། ལས་དོན་གལ་ཆེན་རབ་དང་རིམ་པ་སྤེལ་ནས། ཡུན་རིང་ཐག་གཅོད་འདོད་ཀྱང་ཐག་མ་ཆོད་པའི་དཀའ་གནད་མང་པོ་ཐག་གཅོད་ཐུབ་པ། སྔོན་ཆད་བསྒྲུབ་སྙམ་ཡང་འགྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་འགྲུབ་ཐུབ་པ་བཅས་བྱུང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་ཡོང་བར་བྱས་ཡོད། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་འདི་དག་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཡོང་བར་བག་ཆགས་གལ་ཆེན་དང་ཟབ་མོ་བཞག་ཡོད།
2 དུས་རབས་གསར་པ།
ཡུན་རིང་འབད་བརྩོན་བྱས་པར་བརྟེན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སྐྱོད་འགོ་ཚུགས་པ་འདི་ནི་རང་རྒྱལ་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་རེད།
3 ལོ་རྒྱུས་དུས་བབ།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པར་སླེབས་ཤིང་། འདི་ནི་རང་རྒྱལ་འཕེལ་རྒྱས་སོང་བའི་ལོ་རྒྱུས་དུས་བབ་གསར་པ་ཞིག་ཡིན།
4 སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ།
ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་བསྐྱོད་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བར་གྱུར་ཡོད།
5 “རླབས་པོ་ཆེ”བཞི།
འཐབ་རྩོད་རླབས་པོ་ཆེ་དང་། ལས་གཞི་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་ཟུང་འབྲེལ་དམ་པོ་དང་། ཕན་ཚུན་རྒྱུན་མཐུད། ཕན་ཚུན་ནུས་པ་ཐོན་རེས་བྱེད་པ་བཅས་ཀྱི་ཁྲོད་དུ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་བྱེད་ནི་ཏང་ལེགས་སྐྱོང་གི་ལས་གཞི་རླབས་པོ་ཆེ་གསར་པ་འདི་རེད།
6 དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན།
དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་འདིར་དམིགས་ནས། ང་ཚོའི་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་སློབ་སྟོན་དུ་བཟུང་ནས། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། བདེན་འཚོལ་དོན་གཉེར་བཅས་མཐའ་འཁྱོངས་དང་། རྩོད་སྒྲུབ་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་དངོས་གཙོའི་རིང་ལུགས་མཐའ་འཁྱོངས། དུས་རབས་ཀྱི་ཆ་རྐྱེན་གསར་པ་དང་ལག་ལེན་གྱི་བླང་བྱ་གསར་པ་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ཐོག མཐོང་སྣང་གསར་རྐྱང་ཞིག་གི་ཐོག་ནས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་གོང་སྤེལ་གྱི་ཆོས་ཉིད་བཅས་ལ་ངོས་འཛིན་ཟབ་ཏུ་བཏང་བ་དང་། དཀའ་སྡུག་ཆེ་བའི་རིགས་པའི་གཞུང་ལུགས་འཚོལ་ཞིབ་བྱས་པས། རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྲུབ་པ་རེད།
7 སྔར་བས་རང་རྟོགས་བྱེད་དགོས་པ་ལྔ།
སྔར་བས་རང་རྟོགས་ཀྱི་སྒོ་ནས་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་། སྔར་བས་རང་རྟོགས་ཀྱི་སྒོ་ནས་མི་དམངས་ཀྱི་ཁེ་ཕན་སྲུང་བ། སྔར་བས་རང་རྟོགས་ཀྱི་སྒོ་ནས་བསྒྱུར་བཅོས་གསར་གཏོད་ཀྱི་དུས་རབས་རླབས་རྒྱུན་ཁྲོད་དུ་ཞུགས་པ། སྔར་བས་རང་རྟོགས་ཀྱི་སྒོ་ནས་རང་རྒྱལ་གྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་བ། སྔར་བས་རང་རྟོགས་ཀྱི་སྒོ་ནས་ཉེན་ཁ་སྣ་ཚོགས་སྔོན་འགོག་བྱེད་པ།
8 ཡིད་ཆེས་བཞི།
བགྲོད་ལམ་གྱི་ཡིད་ཆེས་དང་། གཞུང་ལུགས་ཀྱི་ཡིད་ཆེས། ལམ་ལུགས་ཀྱི་ཡིད་ཆེས། རིག་གནས་ཀྱི་ཡིད་ཆེས།
9 དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་གསལ་ཐག་ཆོད་པ་བརྒྱད།
(1)ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དང་། སྤྱིའི་ལས་འགན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་སུ་ཁྱོན་ཡོངས་ནས་བསྐྱོད་པའི་རྨང་གཞིའི་ཐོག གོམ་པ་གཉིས་སུ་བགོས་ཏེ་དུས་རབས་འདིའི་དུས་དཀྱིལ་དུ་འབྱོར་ཕྱུག་དམངས་གཙོ་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་གཟུགས་རྒྱུ་དེ་ཡིན་པ་བཅས་གསལ་ཐག་ཆོད་པ།
(2)དུས་རབས་གསར་པར་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་བདེ་སྐྱིད་འཚོ་བའི་དགོས་མཁོ་དང་འཕེལ་རྒྱས་དོ་མཉམ་མིན་ཞིང་འཐུས་ཚང་མིན་པའི་དབར་གྱི་འགལ་ཟླ་ཡིན་པ་གསལ་ཐག་ཆོད་པ།
(3)ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྤྱིའི་བཀོད་སྒྲིག་ནི“ཕྱོགས་ལྔ་གཞི་གཅིག”དང་། འཐབ་ཕྱོགས་ཀྱི་བཀོད་སྒྲིག་ནི“ཕྱོགས་ཡོངས་བཞི”ཡིན་པ་གསལ་ཐག་ཆོད་ཡོད་ལ། གཞུང་ལུགས་ཀྱི་ཡིད་ཆེས། ལམ་ལུགས་ཀྱི་ཡིད་ཆེས། རིག་གནས་ཀྱི་ཡིད་ཆེས་བཅས་བརྟན་པོར་བཅངས་དགོས་པ་ནན་བཤད་བྱས་ཡོད།
(4)ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྐྱོད་རྒྱུ་དེ་ཡིན་པ་གསལ་ཐག་ཆོད་པ།
(5)ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་པ་གསལ་ཐག་ཆོད་པ།
(6)ཏང་གི་དུས་རབས་གསར་པའི་དམག་དོན་སྟོབས་ལྡན་ཡོང་བའི་དམིགས་འབེན་ནི་ཏང་གི་བཀོད་འདོམས་བརྩི་སྲུང་བྱེད་པ་དང་། རྒྱལ་ཁ་ལེན་ཐུབ་པ། ཀུན་སྤྱོད་ལེགས་པའི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་བྱེད་པ་དང་། མི་དམངས་དམག་དཔུང་དེ་འཛམ་གླིང་གི་དམག་དཔུང་རྩེ་གྲས་སུ་འཛུགས་སྐྲུན་བྱེད་པ་བཅས་གསལ་ཐག་ཆོད་པ།
(7)ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་གྱིས་རྒྱལ་སྤྱིའི་འབྲེལ་བ་རྣམ་པ་གསར་བ་ཅན་གཟུགས་པར་སྐུལ་འདེད་གཏོང་དགོས་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་ཏུ་སྦྲེལ་བར་སྐུལ་འདེད་གཏོང་དགོས་པ་གསལ་ཐག་ཆོད་པ།
(8)ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ཁྱད་ཆོས་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་པ་དེ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མཐུན་རྐྱེན་ཆེས་ཆེ་ཤོས་ཀྱང་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་པ་དེ་ཡིན་ཞིང་། ཏང་ནི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་ཤུགས་ཆེ་ཤོས་དེ་ཡིན་པ་དང་། དུས་རབས་གསར་པར་ཏང་འཛུགས་སྐྲུན་གྱི་སྤྱིའི་རེ་བ་བཏོན་པ། ཆབ་སྲིད་འཛུགས་སྐྲུན་དེ་ཏང་གི་འཛུགས་སྐྲུན་ཁྲོད་དུ་གནས་བབ་གལ་ཆེན་ཟིན་པར་བྱེད་དགོས་པ་བཅས་གསལ་ཐག་ཆོད་པ།
10 གཞི་རྩའི་འཐབ་ཇུས།
ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་ངེས་པར་དུ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་གོང་འཕེལ་ཡོང་བར་ཁྲིད་སྟོན་སྔར་ལས་ལེགས་པར་བྱེད་དགོས།
11 གཞི་རྩའི་བྱེད་ཐབས།
ཏང་གིས་བྱ་བ་མཐའ་དག་ལ་འགོ་ཁྲིད་པ་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བ་ཡིན་པ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པ་རྒྱུན་འཁྱོངས། འཕེལ་རྒྱས་བསམ་བློ་གསར་པ་རྒྱུན་འཁྱོངས། མི་དམངས་རྒྱལ་ཁབ་ཀྱི་བདག་པོ་བྱེད་པ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་མ་ལག་གཙོ་བོ་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་ཁྲོད་ནས་དམངས་འཚོ་ལ་ཁག་ཐེག་དང་ཇེ་ལེགས་སུ་གཏོང་བ་རྒྱུན་འཁྱོངས། མི་དང་སྐྱེ་ཁམས་བར་འཆམ་མཐུན་མཉམ་གནས་བྱེད་པ་རྒྱུན་འཁྱོངས། སྤྱི་ཕྱོགས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས། ཏང་གི་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་པ་རྒྱུན་འཁྱོངས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་མེས་རྒྱལ་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས། མིའི་རིགས་ཀྱི་ལས་དབང་གཅིག་ཏུ་སྦྲེལ་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས། ཏང་ཁྱོན་ཡོངས་ནས་ནན་སྐྱོང་བྱེད་པ་རྒྱུན་འཁྱོངས།
12 རྒྱང་སྐྱོད་ཀྱི་ལམ་བུ་གསར་པ།
ང་ཚོས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་དགོས་ལ། གནས་བབ་དང་བསྟུན་ནས་མདུན་དུ་བསྐྱོད་དེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཏུ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་འགོ་བརྩམས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུའང་དཔུང་སྐྱོད་བྱེད་དགོས།
13 ཕྱོགས་ཡོངས་འབྱོར་འབྲིང་གི“སྔར་ལས་ལྷག་པ་དྲུག”
རྨང་གཞི་འདིའི་ཐོག་ང་ཚོའི་ཏང་གིས་ཏང་བཙུགས་ནས་ལོ་ངོ་བརྒྱར་སླེབས་སྐབས། དཔལ་འབྱོར་སྔར་ལས་དར་རྒྱས་ཆེ་བ་དང་། དམངས་གཙོ་སྔར་ལས་འཐུས་ཚང་། ཚན་སློབ་སྔར་བས་ཡར་ཐོན། རིག་གནས་སྔར་བས་ཕུན་སུམ་ཚོགས་པོ། སྤྱི་ཚོགས་སྔར་བས་འཆམ་མཐུན། མི་དམངས་ཀྱི་འཚོ་བ་སྔར་བས་ཕྱུག་པོ་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱས་རྗེས། དེ་ནས་སླར་ཡང་ལོ་ངོ་སུམ་ཅུའི་རིང་འབད་བརྩོན་བྱས་ཏེ། ཀྲུང་གོ་གསར་པ་བཙུགས་ནས་ལོ་ངོ་བརྒྱར་སླེབས་སྐབས་དེང་རབས་ཅན་རྩ་བའི་ཆ་ནས་མངོན་འགྱུར་བྱས་ཏེ། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཏུ་སྐྲུན་ཐུབ་པར་བྱེད་དགོས་ལུགས་བཏོན་ཡོད།
14 འཐབ་ཇུས་བདུན།
ཚན་རིག་སློབ་གསོས་རྒྱལ་ཁབ་དར་བའི་འཐབ་ཇུས་དང་། ས་ཁུལ་དོ་མཉམ་འཕེལ་རྒྱས་འགྲོ་བའི་འཐབ་ཇུས། ཤེས་ལྡན་མི་སྣས་རྒྱལ་ཁབ་དར་བའི་འཐབ་ཇུས། རྒྱུན་བསྲིང་འཕེལ་རྒྱས་འཐབ་ཇུས། གསར་གཏོད་ཀྱི་འཕེལ་རྒྱས་འཐབ་ཇུས། དམག་དམངས་གཅིག་མཐུན་འཕེལ་རྒྱས་འཐབ་ཇུས། ཤང་གྲོང་དར་རྒྱས་འཐབ་ཇུས།
15 དུས་རིམ་གཉིས།
དུས་རིམ་དང་པོ2020ལོ་ནས2035ལོའི་བར་དུ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རྨང་གཞིའི་ཐོག ཡང་བསྐྱར་ལོ་བཅོ་ལྔ་རིང་འབད་བརྩོན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དགོས།
དུས་རིམ་གཉིས་པ་2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ། དེང་རབས་ཅན་རྩ་བའི་ཆ་ནས་མངོན་འགྱུར་ཡོང་བའི་རྨང་གཞིའི་ཐོག ཡང་བསྐྱར་ལོ་ངོ་བཅོ་ལྔ་རིང་འབད་བརྩོན་བྱས་ནས་རང་རྒྱལ་འདི་ཉིད་འབྱོར་པ་ཕྱུག་ཅིང་དམངས་གཙོ་ལྡན་ལ་དཔལ་ཡོན་དར་བ་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་དུ་སྐྲུན་ཐུབ་པར་བྱེད་དགོས།
16 དེང་རབས་ཅན་དུ་འགྱུར་པའི་དཔལ་འབྱོར་མ་ལག
རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་ཡོང་རིམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་བསྒྱུར་ཅིང་། འཕེལ་རྒྱས་གཏོང་སྟངས་བརྗེ་སྒྱུར་དང་། དཔལ་འབྱོར་གྲུབ་ཚུལ་ལེགས་འགྱུར། འཕར་སྣོན་གྱི་སྒུལ་ཤུགས་བརྗེ་སྒྱུར་བཅས་ཀྱི་འགག་སྒྲོལ་དུས་རིམ་དུ་གནས་ཡོད། དེང་རབས་ཅན་དུ་འགྱུར་བའི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་ནི་འགག་སྒོ་སྒྲོལ་བའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་དང་རང་རྒྱལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་དམིགས་འབེན་ཡིན།
17 གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས།
གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱེད་དགོས། ཞིང་ལས་དང་གྲོང་གསེབ་ཞིང་པ་གསུམ་གྱི་གནད་དོན་ནི་རྒྱལ་ཇུས་དམངས་འཚོར་ཐུག་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཡིན་པས། “ཞིང་གསུམ”གྱི་གནད་དོན་ངེས་པར་དུ་ཐག་གཅོད་ཡག་པོ་བྱེད་རྒྱུ་འདི་ཐོག་མཐའ་བར་གསུམ་དུ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེའི་ནང་གི་དོན་ཆེན་དུ་བརྩིས་ནས། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་འཚོ་གནས་ལ་འཕྲོད་པ། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ཕན་འབྲས་ཐོན་པ། འཚོ་བ་ཕྱུག་པོ་བཅས་ཀྱི་སྤྱིའི་བླང་བྱར་གཞིགས་ནས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་ཀྱི་མ་ལག་འཛུགས་པ་དང་ཆ་ཚང་དུ་བཏང་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་སྐུལ་འདེད་གང་མགྱོགས་གཏོང་དགོས།
18 དམངས་གཙོའི་ཆབ་སྲིད་ཀྱི“གྲོས་མོལ”རྣམ་པ་བདུན།
དམངས་གཙོ་གྲོས་མོལ་ཡོངས་ཁྱབ་དང་། རིམ་པ་མང་པོ། ལམ་ལུགས་ཅན་བཅས་སུ་འཕེལ་རྒྱས་གཏོང་བ་དང་། སྲིད་ཏང་གི་གྲོས་མོལ་དང་། མི་དམངས་འཐུས་ཚོགས་ཀྱི་གྲོས་མོལ། སྲིད་གཞུང་གི་གྲོས་མོལ། སྲིད་གྲོས་ཀྱི་གྲོས་མོལ། མི་དམངས་ཚོགས་པའི་གྲོས་མོལ། གཞི་རིམ་གྱི་གྲོས་མོལ། དེ་བཞིན་སྤྱི་ཚོགས་རྩ་འཛུགས་ཀྱི་གྲོས་མོལ་བཅས་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས།
19 ཁྲིམས་ལྟར་རྒྱལ་སྐྱོང་།
ཕྱོགས་ཡོངས་ནས་ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་རྒྱུ་ནི་རྒྱལ་ཁབ་བཅོས་སྐྱོང་གི་གསར་བརྗེ་གཏིང་ཟབ་མོ་ཞིག་ཡིན་པས། ཁྲིམས་ཀྱིས་སྐྱོང་བ་ངེས་པར་མཐའ་འཁྱོངས་བྱས་ནས། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་བསྟར་ནན་པོར་བྱེད་པ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་ལ་སྐུལ་སྤེལ་གཏོང་དགོས། ཕྱོགས་ཡོངས་ནས་ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བའི་ཀྲུང་དབྱང་གི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། ཁྲིམས་སྐྱོང་གི་ཀྲུང་གོ་འཛུགས་སྐྱོང་ལ་གཅིག་གྱུར་ཐོག་འགོ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་དགོས།
20 ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་འབར་བའི་གྲུབ་འབྲས་གསར་བ།
མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས་བྱེད་པ་དང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་མཐའ་འཁྱོངས་བྱེད་པ། གསར་སྐྲུན་རང་བཞིན་སྤོ་སྒྱུར་དང་། གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས། ཀྲུང་ཧྭའི་རིག་གནས་འོད་སྟོང་འབར་བའི་གྲུབ་འབྲས་གསར་པ་རྒྱུན་མ་ཆད་པར་གསར་དུ་གཏོད་དགོས།
21 སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ།
རིག་གནས་ཀྱི་གདེང་ཚོད་བརྟན་པོ་ཡོང་བར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་བྱེད་དགོས། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགོ་ཁྲིད་དབང་ཆ་ཁོང་དུ་བརྟན་པོར་ཆུད་པར་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་དགོས། བསམ་བློ་དང་ཀུན་སྤྱོད་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་སྤེལ་གཏོང་དགོས། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཡོང་བར་བྱེད་དགོས།
22 སྤྱི་ཚོགས་བཅོས་སྐྱོང་གི“ཚོར་སྣང་གསུམ”།
དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ན། མི་དམངས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་། ཆེས་ཐད་ཀ་དང་། ཆེས་དོན་དངོས་ཀྱི་ཁེ་ཕན་གནད་དོན་དམ་པོར་འཛིན་དགོས་པ་དང་། གང་ཐུབ་ཅི་ཐུབ་བྱེད་དགོས་ལ་འཁོས་དཔག་ལའང་བསྟུན་དགོས་ཤིང་། དོན་དག་རེ་རེ་བཞིན་བསྒྲུབ་དགོས་པ་དང་། ལོ་རེ་ནས་ལོ་རེ་བཞིན་བསྒྲུབ་དགོས། མི་རེ་ངོ་རེས་འགན་འཁྲི་སྒྲུབ་ཅིང་། མི་རེ་ངོ་རེས་ལོངས་སུ་སྤྱོད་པ་མཐའ་འཁྱོངས་བྱེད་ཅིང་། མཐའ་ཚད་བརྟན་སྲུང་དང་། གཙོ་གནད་འབུར་ཐོན། ལམ་ལུགས་འཐུས་ཚང་། སྔོན་དཔག་ཁྲིད་སྟོན་བཅས་བྱས་ནས། སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་ཞིང་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པ་དང་། ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་དགོས་མཁོ་བསྐོང་དགོས། སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་ལ་མུ་མཐུད་སྐུལ་སྤེལ་བཏང་སྟེ། ཕན་ནུས་ལྡན་པའི་སྤྱི་ཚོགས་བཅོས་སྐྱོང་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་བཟང་པོ་ཆགས་པར་བྱས་ནས། མི་དམངས་ལ་ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་སྔར་ལས་ཆེ་རུ་འགྲོ་བ་དང་། སྔར་ལས་འགན་སྲུང་། སྔར་ལས་རྒྱུན་མཐུད་བཅས་ཡོང་བར་བྱེད་དགོས།
23 བདེ་ཐང་ཀྲུང་གོའི་འཐབ་ཇུས།
མི་དམངས་བདེ་ཐང་ཡོང་བ་ནི་མི་རིགས་དར་རྒྱས་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་མཚོན་རྟགས་གལ་ཆེན་ཡིན་པས། རྒྱལ་དམངས་བདེ་ཐང་གི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ། མི་དམངས་མང་ཚོགས་ལ་ཕྱོགས་གང་ཅི་དང་དུས་འཁོར་ཧྲིལ་པོར་བདེ་ཐང་གི་ཞབས་ཞུ་བསྒྲུབ་དགོས།
24 བདེ་སྐྱིད་ལྡན་པའི་ཀྲུང་གོ
བདེ་སྐྱིད་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱས་ནས། མི་དམངས་ལ་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་པོ་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་སྐྱེ་ཁམས་བདེ་འཇགས་ཡོང་ཕྱིར་ལེགས་སྐྱེས་འབུལ་དགོས།
25 འཛམ་གླིང་གི་དམག་དཔུང་རྩེ་གྲའི་གྲས་སུ་ཕྱོགས་ཡོངས་ནས་འཛུགས་སྐྱོང་ཐུབ་པར་བརྩོན་པ།
དམག་དོན་གྱི་གཞུང་ལུགས་དེང་རབས་ཅན་དང་། དམག་དཔུང་གི་རྩ་འཛུགས་རྣམ་པ་དང་། དམག་དོན་མི་སྣ། གོ་མཚོན་དང་སྒྲིག་ཆས་བཅས་ཕྱོགས་ཡོངས་ནས་དེང་རབས་ཅན་དུ་འགྱུར་བར་བྱས་ཏེ། 2035ལོར་སླེབས་དུས་གཞི་རྩའི་ཆ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་མངོན་འགྱུར་ཡོང་བ་དང་། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་དུས་མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲའི་གྲས་སུ་ཕྱོགས་ཡོངས་ནས་འཛུགས་སྐྱོང་ཐུབ་པར་བརྩོན་དགོས།
26 “རྣམ་པ་གང་རུང”དྲུག
མི་སུ་ཡིན་དང་། ཚོགས་པ་གང་ཡིན། སྲིད་ཏང་གང་ཡིན། དུས་ནམ་ཡིན། རྣམ་པ་གང་ཞིག་སྤྱོད་མིན་བཅས་ལ་མ་བལྟོས་པར། ང་ཚོས་ཀྲུང་གོའི་མངའ་ཁོངས་ཀྱི་ས་ཆ་གང་ཞིག་ཀྱང་ཀྲུང་གོ་ནས་ཁ་ཕྲལ་དུ་གཏན་ནས་མི་འཇུག་ཐག་ཆོད་ཡིན།
27 མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ།
མིའི་རིགས་ཀྱི་མདུན་ལམ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་གདམ་གར་རག་ལས་ཡོད། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་སྐྱོང་ལ་སྐུལ་སྤེལ་གཏོང་བ་དང་། ཐུན་མོང་ཐོག་མིའི་རིགས་ཀྱི་བདེ་སྐྱིད་ལྡན་པའི་མ་འོངས་པ་གཏོད་འདོད་ཡོད།
28 ཏང་གི་འཛུགས་སྐྱོང་ཆེན་པོ་དྲུག
ཏང་གི་ཆབ་སྲིད་ལེགས་སྐྱོང་དང་། བསམ་བློ་ལེགས་སྐྱོང་། རྩ་འཛུགས་ལེགས་སྐྱོང་། ཀུན་སྤྱོད་ལེགས་སྐྱོང་། སྒྲིག་ཁྲིམས་སྲུང་སྐྱོང་བཅས་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བ་དང་། ལམ་ལུགས་འཛུགས་སྐྱོང་བྱེད་རྒྱུ་འདི་དེ་དག་གི་ཁྲོད་དཀྱུས་གཅིག་ཏུ་ཁྱབ་པར་བྱས་ནས། རུལ་རྒོལ་གྱི་འཐབ་རྩོད་ལ་སྐུལ་སྤེལ་གཏིང་ཟབ་བྱེད་པ་དང་། ཏང་འཛུགས་སྐྱོང་གི་སྤུས་ཀ་རྒྱུན་མ་ཆད་པར་ཇེ་བཟང་དུ་བཏང་ནས། ཏང་འཛུགས་སྐྱོང་བྱེད་རྒྱུ་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་ཅིང་། མི་དམངས་ཀྱིས་སྙིང་ཐག་པ་ནས་བརྩི་བཀུར་ཞུ་བ་དང་། རང་ཉིད་གསར་བརྗེ་བྱེད་ཕོད་པ། དཀའ་ངལ་སྣ་ཚོགས་ཀྱི་ཉམས་སད་ཐེག་ཐུབ་པ། སྐྱེས་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས།
29 རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ།
དེང་སྐབས། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་གནས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བས། ཟིལ་གྱིས་མནན་ཚུལ་སྲ་བརྟན་དང་། ཟིལ་གནོན་ངང་ཚུལ་གྱི་རྒྱལ་ཁ་བརྩོན་ལེན་བྱེད་པའི་ཆོད་སེམས་ངེས་པར་དུ་གཡོ་མེད་བརྟན་པོར་ལྡན་དགོས།
30 ལྟ་ཞིབ་ལམ་ལུགས་སྒྱུར་བཅོས་རྒྱལ་ཡོངས་སུ་ཁྱབ་པར་བྱེད་པ།
རྒྱལ་ཁབ་ཀྱི་ལྟ་ཞིབ་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་སྤེལ་བ་དང་། ཚོད་ལྟའི་ལས་དོན་རྒྱལ་ཡོངས་སུ་སྤེལ་དགོས། རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར། རྫོང་བཅས་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་ནས། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་དང་མཉམ་དུ་གཞུང་དོན་བསྒྲུབས་ཏེ། སྤྱི་པའི་དབང་ཆ་སྤྱོད་པའི་གཞུང་དོན་སྒྲུབ་མཁན་ཡོངས་ལ་ལྟ་ཞིབ་ཡོངས་སུ་ཁྱབ་པར་བྱེད་དགོས།

འབྲེལ་ཡོད་འོས་སྦྱོར།