logo

ཚོགས་ཆེན་བཅུ་དགུ་པའི་སྐོར་གྱི་གསར་འགྱུར་ལ་དོ་ཁུར་ཆེན་པོ་བྱེད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2017-10-23 ཀློག་གྲངས།:

     —— ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་ལས་དོན་མི་སྣ་དང་། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ ཀྲུང་གོ་བ། ཕྱི་སྦྱོང་སློབ་མ་བཅས་ཀྱིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་འགོ་ཚུགས་པར་དོ་ཁུར་བྱས་པའི་སྐོར།
     ཕ་ཡུལ་དང་སེམས་པ་གཅིག་ཏུ་སྦྲེལ་ནས་འོད་སྟོང་འཕྲོ་བའི་གྲུབ་འབྲས་མྱོང་ཚོར་ཏན་ཏིག་བྱེད་པ། 
     པེ་ཅིང་གི་དུས་ཚོད་ཚེས་18ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་རེད། ལ་ཀླུང་ཁྲི་སྟོང་མང་པོས་བར་ཆོད་ཀྱང་སྔ་ཕྱི་བར་གསུམ་དུ་སེམས་པ་མེས་རྒྱལ(ཕ་ཡུལ)དང་སྦྲེལ་བའི་ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་ལས་དོན་མི་སྣ་དང་། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། ཕྱི་སྦྱོང་སློབ་མ་བཅས་ཀྱིས་བརྙན་འཕྲིན་དང་དྲ་རྒྱ་སོགས་ཐད་གཏོང་ལས་སྟེགས་བརྒྱུད་ད་ཐེངས་ཀྱི་ཚོགས་འདུ་གཟབ་རྒྱས་ལ་དོ་ཁུར་ཆེན་པོ་བྱས་ཡོད། 
     གྲོང་ཁྱེར་པེ་རུ་ཐེའི་དུས་ཚོད་ཚེས་18ཉིན་གྱི་ཐོ་རེངས་སྐར་འོད་ཆེམ་ཆེམ་འོག་ལེ་པ་ནོན་ལྷོ་རྒྱུད་ཀྱི་ཐིར་གྲོང་ཁྱེར་ཤིན་ཉི་ཡ་གྲོང་ཚོའི་ཀྲུང་གོའི་ཁག་16པའི་ལེ་པ་ནོན་དུ་བསྐྱོད་པའི་ཞི་བདེ་སྲུང་སྐྱོང་གི་ནུས་པ་མང་བའི་བཟོ་སྐྲུན་དམག་གི་ཡན་ལག་དཔུང་སྡེའི་སྒར་ཁུལ་དུ་མགོ་ལ“ཁྲབ་རྨོག་སྔོན་པོ”གྱོན་པའི་ཞི་བདེ་སྲུང་སྐྱོང་གི་དཔོན་དམག་བརྒྱ་ལྷག་ཙམ་གྱིས་བརྙན་འཕྲིན་མདུན་དུ་བསྡད་དེ་ཚོགས་ཆེན་བཅུ་དགུ་པའི་འགོ་ཚུགས་ཚོགས་འདུ་བལྟས་པ་རེད། 
     “སྐུལ་མ་ཆེན་པོ་ཐེབས་པ་དང་འབད་འབུངས་ཡར་བརྩོན་བྱེད་འོས་པ་ཞིག་འདུག”ཀྲུང་གོའི་ཁག་16པའི་ལེ་པ་ནོན་དུ་བསྐྱོད་པའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་བཀོད་འདོམས་དཔོན་ཧོང་ཡུན་གྱིས་ཐད་གཏོང་གསར་འགྱུར་བལྟས་རྗེས་དགའ་ཚོར་ཆེན་པོས“མེས་རྒྱལ་ལ་ཐོབ་པའི་གྲུབ་འབྲས་ལ་སྤོབས་སེམས་ཆེན་པོ་སྐྱེ་གི་འདུག”ཅེས་བཤད། 
     ཀྲུང་གོའི་འདས་ཟིན་པའི་ལོ་5རིང་གི་འཕེལ་རྒྱས་གྲུབ་འབྲས་ལ་ཕྱིར་མིག་བལྟས་ཚེ་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤུན་ཟླས་མེས་རྒྱལ་སྟོབས་ཆེན་ཡིན་པ་ལས་སྤོབས་སེམས་དང་ཡིད་ཆེས་ཆེ་རུ་སོང་བ་དང་ཀྲུང་གོའི་ཕྱོགས་བསྡུས་རྒྱལ་སྟོབས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་དེ་བཞིན་ཀྲུང་གོའི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཉིན་བཞིན་ཆེ་རུ་འགྲོ་བའི་སྐོར་གླེང་སྐབས་ཚང་མས་བསྔགས་བརྗོད་ཆེན་པོ་བྱས། 
     ཚོགས་ཆེན་བཅུ་དགུ་པའི་འགོ་ཚུགས་ཚོགས་འདུའི་ཐད་གཏོང་ལྟ་ཆེད། རི་པིན་ཐུའོ་ཀྲི་སློབ་ཆེན་གྱི་ཕྱི་སྦྱོང་སློབ་མ་ཝང་ཡའོ་ཧུའེ་ཡིས་སྔ་པོ་ནས་ལོ་ཐོའི་ནང་རྟགས་བརྒྱབ་པ་དང་ཁོང་གིས་གསར་འགོད་པར་ཉེ་བའི་ལོ་ཤས་རིང་ཀྲུང་གོར་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མིག་མཐོང་ལག་ཟིན་ཐུབ་པ་དང་ཀྲུང་གོས་སྔར་བྱུང་མྱོང་མེད་པའི་སྒོ་ནས་འཛམ་གླིང་གི་གར་སྟེགས་དབུས་སུ་བསྐྱོད་པས་ཀྲུང་གོ་བ་ཚང་མས་སྤོབས་སེམས་བྱེད་རིན་ཡོད་པ་ཞིག་ཡོད་ཅེས་བཤད།
     རྒྱ་མཚོ་ཆེ་མོའི་ཕ་རོལ་དུ་ཡོད་པའི་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་མི་སྣ་ཚང་མས་ས་ཆ་དེ་གའི་དུས་ཚོད་ཚེས་17ཉིན་གྱི་མཚན་མོ་གཞུང་ཚབ་ཆེ་མོ་ཁང་གི་བརྙན་ཡོལ་མདུན་དུ་བསྡད་དེ་ཚོགས་ཆེན་བཅུ་དགུ་པའི་འགོ་ཚུགས་ཚོགས་འདུ་བལྟས་པ་རེད། གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ཚབ་སྒྲུབ་པ་ཝུའུ་ཤིས་ཀྱིས་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པ་དེ་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གི་ཤོག་ལྷེ་གསར་རྐྱང་ཕྱེ་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལམ་བུའི་ཐོག་གོམ་སྟབས་གསར་པ་སྤོས་པ་མཚོན་ཡོད་ཅེས་བཤད། 
     ཐེ་ལན་གྱི་ཕྱི་ཁོངས་ཀྲུང་གོ་བའི་གཞོན་ནུའི་ཚོང་ཚོགས་ཀྱི་ཚོགས་གཙོ་ལི་ཀུའེ་ཞུང་གིས“འདས་ཟིན་པའི་ལོ་5ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་སྣེ་ཁྲིད་དེ་འཛུགས་སྐྲུན་དང་འཕེལ་རྒྱས་དོན་གཉེར་བྱས་པ་དང་སྲིད་སྐྱོང་ནུས་པ་ཁྱད་དུ་འཕགས་པར་བརྟེན་ནས་ཀྲུང་གོའི་དཔལ་འབྱོར་མྱུར་ཚད་འབྲིང་མཐོའི་སྒོ་ནས་འཕར་བ་དང་། དཔལ་འབྱོར་འཁོར་རྒྱུག་བྱ་རྒྱུ་ལུགས་མཐུན་གྱི་མཚམས་སུ་རྒྱུན་འཁྱོངས་ཐུབ་པ། ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་བཅས་རེད”ཅེས་བཤད།
     ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་པ།
     ཞོགས་པའི་ཆུ་ཚོད་ལྔ་དང་ཕྱེད་ཀ་ཙམ་ལ་ཕ་ཁི་སི་ཐན་གྱི་ཀྭ་ཏར་གྲུ་ཁར་ནམ་རྦད་དེ་ལངས་མེད་པ་དང་། ཀྲུང་གོའི་ཕྱི་རྒྱལ་གྱི་གྲུ་ཁའི་ཚོད་འཛིན་མ་རྐང་ཚད་ཡོད་ཀུང་སི་དང་། ཀྲུང་གོའི་རྒྱ་གྲམ་དམར་རྟགས་ཀྱིས་ཕ་ཁི་སི་ཐན་དུ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་སོགས་ཀྭ་ཏར་གྲུ་ཁར་རྒྱུན་སྡོད་ཀྲུང་གོའི་མ་འཇོག་ཁེ་ལས་དང་སྒྲིག་གཞིའི་ཏང་ཡོན་40ལྷག་ཙམ་གྱིས་སྔ་པོ་ནས་བརྙན་འཕྲིན་གྱི་མདུན་དུ་བསྡད་དེ་མཉམ་དུ་ཚོགས་ཆེན་བཅུ་དགུ་པའི་འགོ་ཚུགས་ཚོགས་འདུའི་ཐད་གཏོང་ལ་བལྟས་པ་རེད། 
     འགོ་ཚུགས་ཚོགས་འདུ་གྲོལ་རྗེས་ཏང་ཡོན་ཡོངས་ཀྱིས་མཉམ་དུ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས་ནས་རང་ཉིད་ལ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་དགོས་པའི”སྐུལ་ལྕག་བྱས་པ་རེད།
     དེ་གར་ཡོད་པའི་ཏང་ཡོན་ཚང་མས་ཕྱི་རྒྱལ་དུ་ལས་དོན་སྒྲུབ་མཁན་ཡིན་པའི་ངོས་ནས། མེས་རྒྱལ་ཉིན་རེ་བཞིན་སྟོབས་ཆེར་སོང་བར་གཟི་བརྗིད་ཚོར་བ་དང་སྤོབས་པ་སྐྱེ་གི་འདུག སླད་ཕྱིན་རང་འཁྲིའི་ལས་ཀར་གཞི་ཚུགས་ནས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
     ཐུན་མོང་གི་མྱོང་ཚོར་ཟབ་མོ་བྱུང་ནས་ཀྲུང་གོ་འཕེལ་རྒྱས་འགྲོ་རྒྱུར་སྨོན་འདུན་ཞུས་པ། 
     “རྒྱལ་ནང་དུ་ལོག་རིམ་བཞིན་མེས་རྒྱལ་ལ་ཉིན་བཞིན་འགྱུར་ལྡོག་འགྲོ་བའི་འཕེལ་རྒྱས་མྱོང་ཚོར་ཐུབ་ཀྱི་འདུག”ཅེས་ལོ་ལྟར་ཧན་གོར་སློབ་གཉེར་བྱེད་པའི་ཧན་གོའི་ཁྲུང་ཧྲི་སློབ་ཆེན་སྤྱི་ཚོགས་ཕན་བདེའི་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་ཨ་ཀུ་ཏ་མུས་སེམས་འགུལ་ཐེབས་པའི་ངང“ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཡིན་པའི་ངོས་ནས་བརྗོད་ན། མེས་རྒྱལ་འཕེལ་རྒྱས་མྱུར་པོ་ཕྱིན་པ་ལས་གོ་སྐབས་དེ་བས་མང་བ་འཕྲད་རྒྱུ་ཡིན་པ་མཚོན་པ་མ་ཟད། ང་ཚོར་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་རང་ཉིད་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས་པའི་སྐུལ་མའང་ཐེབས་ཀྱི་འདུག”ཅེས་བཤད། 
     “ཀྲུང་གོ་འཕེལ་རྒྱས་མྱུར་པོ་སོང་བ་ལས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མའི་གདེང་ཚོད་དེ་བས་ཆེ་རུ་སོང་ཡོད”ཕ་རི་སི་ས་ཁུལ་གྱི་གཞུང་མངགས་མཁས་དབང་དང་སློབ་མའི་མཐུན་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་ཐེང་ཐེང་གིས“མེས་རྒྱལ་འཕེལ་རྒྱས་མྱུར་པོ་བྱུང་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མར་ཤུགས་རྐྱེན་ཐེབས་ཆེ་ཤོས་ནི་གདེང་ཚོད་དང་སྤོབས་སེམས་ཟམ་མི་ཆད་པར་ཆེ་རུ་སོང་བ་དེ་རེད། ཀྲུང་གོ་བ་ཞིག་གི་ངོས་ནས་ངར་སྤོབས་པ་ཆེན་པོ་སྐྱེ་གི་འདུག”ཅེས་བཤད།
     ལུས་པོ་ཕྱི་རྒྱལ་དུ་བསྡད་ཀྱང་བརྩེ་བ་མེས་རྒྱལ(ཕ་ཡུལ)ལ་འཆང་བ། ཉེ་བའི་ལོ་ཤས་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོར་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ཕྱི་རྒྱལ་དུ་ཡོད་པའི་སྤུན་ཟླ་ཚོར་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་ཚོའི་ངོས་ནས་བརྗོད་ན། ཀྲུང་གོ་སྟོབས་ཆེར་འགྲོ་བ་ནི་རྒྱལ་ཁབ་ཕྱི་ནང་དུ་ཡོད་པའི་སྤུན་ཟླ་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་གཟབ་རྒྱས་ངང་འགོ་ཚུགས་པའི་སྐབས་འདིར་ཁོང་ཚོས་གཅིག་རྗེས་གཉིས་མཐུད་ངང་སྨོན་འདུན་ཞུས་ནས་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།


འབྲེལ་ཡོད་འོས་སྦྱོར།