logo

ཚོགས་ཆེན་བཅུ་དགུ་པའི་འཐུས་མིས་ཚན་ཆུང་བགོས་ཏེ་གྲོས་སྡུར་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2017-10-23 ཀློག་གྲངས།:

     བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཕུལ་བའི་བྱ་བའི་སྙན་ཞུའི་ནང་དུ། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་བརྗོད་གཞི་ནི། ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ལ་བརྟན་པོར་བཅངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུ་དེ་ཡིན་ཞེས་བསྟན་ཡོད།

     བློ་མཐུན་ཞི་ཅིན་ཕིང་གིས་དུས་ཡུན་རིང་པོར་འབད་བརྩོན་བྱས་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས་པ་དང་། དེ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཕྱོགས་མཚམས་གསར་པ་ཡིན། དེས་རང་རྒྱལ་གྱི་སྤྱི་འགལ་བ་དེ་མི་དམངས་ཀྱི་ཉིན་རེར་ཇེ་ཆེར་འགྲོ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་པ་དང་དོ་མི་མཉམ་ལ་ཕུན་ཚོགས་མིན་པའི་འཕེལ་རྒྱས་བར་གྱི་འགལ་བར་གྱུར་པ་མཚོན་ཡོད་ཅེས་བསྟན། 

དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ངེས་གསལ་གྱིས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་ཡིན་ལ། སྤྱིའི་ལས་འགན་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྨང་གཞིའི་སྟེང་། གོམ་སྟབས་གཉིས་སུ་བགོས་ནས་དུས་རབས་འདིའི་དུས་དཀྱིལ་དུ་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་རྒྱུ་དེ་རེད།

     ཉིན་འགའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུས་འཐུས་མི་རྣམས་ལ་ཤན་ཤུགས་དྲག་པོ་ཐེབས། ཁོ་ཚོས་ཚན་ཆུང་བགོས་ཏེ་གྲོས་སྡུར་བྱེད་སྐབས། སྙན་ཞུ་ནི་མར་ཁེ་སི་རིང་ལུགས་བདེན་ལུགས་ཀྱི་འོད་སྣང་འཕྲོ་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཤིག་ཡིན་པ་དང་། ང་ཚོའི་ཏང་དུས་རབས་གསར་པར་སྐྱོད་པ་དང་། བགྲོད་ལམ་གསར་པ་བཏོད་པ། ལོ་རྒྱུས་གསར་པ་རྩོམ་པ་བཅས་ཀྱི་ཆབ་སྲིད་སྒྲོག་གཏམ་ཡིན་ལ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པའི་འགུལ་སྐྱིད་རྩ་འཛིན་རེད་ཟེར།

     འཐུས་མི་རྣམས་ཀྱིས་བལྟས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་ཆེས་གསར་པ་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ང་ཚོས་ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས་པའི་མཛུབ་སྟོན་བསམ་བློ་ཡིན་པར་འདོད།

     འཐུས་མི་རྣམས་ཀྱིས་གྲོས་སྡུར་བྱེད་སྐབས་བཤད་རྒྱུར། ཏང་ཡོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་དགོངས་དོན་ངོ་བོ་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་ཟབ་མོ་བླངས་ཏེ། བྱ་བ་སྣ་ཚོགས་ཀྱི་ཁྲོད་དུ་དེ་ཁྱོན་ཡོངས་དང་ཡང་དག་པར་ལག་བསྟར་དངོས་འབེབས་བྱེད་དགོས་ཟེར།


འབྲེལ་ཡོད་འོས་སྦྱོར།