logo

མང་རྫོང་གིས་གནད་འཁེལ་དབུལ་སྐྱོར་བྱ་བར་ལྟ་སྐུལ་ནན་མོ་བྱས་པ།

རྩོམ་པ་པོ།:ཚེ་རིང་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-05-24 ཀློག་གྲངས།:
        གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཟླ5བའི་ཚེས18ཉིན། མང་རྫོང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ནན་ཏན་གྱིས་ཞིང་ཆེན་དང་ཁུལ་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་དབུལ་སྐྱོར་མངའ་ཁོངས་ལྟ་སྐུལ་འབྲེལ་ཡོད་བྱ་བའི་དགོངས་དོན་དོན་འཁྱོལ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་དང་གནད་འཁེལ་དབུལ་སྐྱོར་བྱ་བར་ལྟ་སྐུལ་ནན་མོ་བྱས།
       ལས་འགན་དང་ལེན་བྱས་ནས་བསམ་བློ་གོ་རྟོགས་ཆེ་རུ་བཏང་སྟེ་གོང་རིམ་སྡེ་ཁག་གིས་དབུལ་སྐྱོར་མངའ་ཁོངས་ཀྱི་ལྟ་སྐུལ་འབྲེལ་ཡོད་བྱ་བའི་དགོངས་དོན་དང་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་ཀྱིས“འདུ་ཤེས་བཞི”སྤེལ་ཏེ་དོན་དངོས་ཀྱིས་ཆབ་སྲིད་འགན་འཁྲིའི་འདུ་ཤེས་ལ་ཤུགས་བསྣན་པ་དང་། དབུལ་ཐར་མཁྲེགས་གཏོར་མངའ་ཁོངས་ཀྱི་ལྟ་སྐུལ་འབྲེལ་ཡོད་བྱ་བའི་དོན་སྙིང་གལ་ཆེན་དང་། དབུལ་ཐར་མཁྲེགས་གཏོར་བྱ་བར་སྒྲིག་ཁྲིམས་ཀྱིས་འགན་སྲུང་ཇེ་མཐོར་གཏོང་དགོས་པ་དང་། དེ་མིན་མང་རྫོང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་གནད་དོན་ལ་དམིགས་ནས“སྡེ་བར་ཞིབ་དཔྱོད་དང་ལྟ་སྐུལ་ནན་བྱེད། འགག་གཏོར་རོགས་རམ”སོགས་འབྲེལ་ཡོད་ཆེད་དོན་བྱ་བའི་ཇུས་གཞིའི་བྱ་འགུལ་སྤེལ་བ ཞེས་པ་གཏན་ཁེལ་བྱས། 
ཆེད་དོན་ཚོགས་པས་དབུལ་ཐར་ལས་གཞི་དང་མ་དངུལ་དོ་དམ་གནས་ཚུལ། རོང་འབྲོག་མང་ཚོགས་ཀྱི་གསོ་སྦྱོང་རོགས་དངུལ་དང“ལྔ་སྐྱོང་ཁྱིམ་ཚང”གི་འཚོ་བའི་ཁ་སྣོན་སོགས་ཀྱི་ཐད་ཞིབ་དཔྱོད་ནན་མོ་བྱས།
        རྫོང་སྒྲིག་ཁྲིམས་ཨུ་ཡོན་གྱིས་སྣེ་ཁྲིད་དེ་
ང་གྲོང་གི་ཏང་ཨུ་དང་སྲིད་གཞུང་། དེ་མིན་འབྲེལ་ཡོད་སྡེ་ཁག་དག་ཀྱང་ནང་དུ་ཞུགས་ནས་དབུལ་ཐར་མངའ་ཁོངས་ཀྱི་ལྟ་སྐུལ་འབྲེལ་ཡོད་བྱ་བར་རིམ་པ་བཞིན་ཕྱོགས་ཡོངས་ནས་འགན་ཁུར་ཏེ་མགྱོགས་མྱུར་གྱིས་ཞིབ་དཔྱོད་བྱས། 


འབྲེལ་ཡོད་འོས་སྦྱོར།