ཁྲིན་ཀེ་ཧུའུ་འཁོར་དང་བཅས་པ་མཚོ་ལྷོ་ཁུལ་ལ་ཡོང་ནས་རྟོག་ཞིབ་བྱས་པ།
རྩོམ་པ་པོ།:ཚེ་རིང་འབུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-05-24
ཀློག་གྲངས།:
གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ5བའི་ཚེས15ཉིན། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཁྲིན་ཀེ་ཧུའུ་འཁོར་དང་བཅས་པ་ཧྲིན་ཀྲང་གཞོན་པ་ཡང་ཧྥུན་ཁྲོན་གྱིས་འགྲོ་རོགས་བྱས་འོག་རང་ཁུལ་དུ་ཡོང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བར་རྟོག་ཞིབ་བྱས།
ཁུལ་དཔོན་བསོད་ནམས་དོན་གྲུབ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀུན་བཟང་བཅས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་གཙོ་བོས་འགྲོ་རོགས་འོག་རྟོག་ཞིབ་བྱས། ཉིན་དེར། ཁྲིན་ཀེ་ཧུའུ་འཁོར་དང་བཅས་པ་སྔ་གཞུག་ཏུ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བ། ཨེར་སྟི་ཤང་འཁྱམ་རུ་དགོན། ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་། ཁུལ་བོད་བརྒྱུད་ནང་བསྟན་དགེ་འདུན་པའི་གསབ་སྦྱོང་ལྟེ་གནས་སོགས་སུ་སོང་ནས་རང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་ཞིབ་མོ་བྱས།
རྟོག་ཞིབ་ཀྱི་གནས་རེ་རེ་ནས་ཁྲིན་ཀེ་ཧུའུ་འཁོར་དང་བཅས་པས་ནན་ཏན་གྱིས་ཡུལ་དངོས་ལ་རྟོག་ཞིབ་བྱས་པ་དང་འགྲེལ་བཤད་ལ་ཞིབ་མོར་ཉན་རྗེས། ཁྲིན་ཀེ་ཧུའུ་ཡིས་རང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བར་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། རང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བར་མགོ་ཁྲིད་ཀྱིས་མཐོང་ཆེན་གཙུག་འཛིན་དང་། བྱེད་ཐབས་ནུས་ལྡན་ཡིན་པ། རྣམ་པ་རྒྱ་ཆེ་བ། ཁྱད་ཆོས་འབུར་ཐོན་དང་གྲུབ་འབྲས་མངོན་གསལ་ཡིན་པའི་བསམ་ཚུལ་བསྟན།
རབ་འོག་མ་སྡེ་བ་ནས་ཏང་ཨུའི་ཧྲུའུ་ཅི་དཔའ་མཁར་རྒྱལ་གྱིས་རྟོག་ཞིབ་ཚན་ཁག་ལ་རབ་འོག་མ་སྡེ་བས་ལོ་འདི་འགའི་རིང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དང་དེར་བླངས་པའི་གྲུབ་འབྲས་གསལ་བཤད་བྱས། ཁྲིན་ཀེ་ཧུའུ་ཡིས་ཉན་ཞོར་ལ་སྡེ་བའི་ནང་གནས་པའི་གནད་དོན་ལ་འདྲི་རྩད་བྱས་པས་རབ་འོག་མ་སྡེ་བ་དེར་སྔོན་ཆད་གནད་དོན་མང་མོད། འོན་ཀྱང“ཨུ་ཡོན་གཉིས”ཀྱིས་འབད་པ་བྱས་པ་བརྒྱུད། དབུལ་ཐར་ཕྱུག་འགྱུར་དང་མང་ཚོགས་འཆམ་མཐུན་ཡོང་ཡོད་པས། དེ་རིང་ག་ས་གང་དུ་འཕེལ་རྒྱས་ཀྱི་རྣམ་པ་མངོན་པས་བསྟོད་བསྔགས་བྱས།
ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་རྟོག་ཞིབ་བྱེད་སྐབས་ཁྲིན་ཀེ་ཧུའུ་ཡིས་མཚོ་ལྷོ་ཁུལ་གྱིས་ཉེ་བའི་ལོ་འདི་འགའི་རིང་ལ་མི་རིགས་ས་ཁུལ་ནས་ལས་རིགས་སློབ་གསོའི་འཕེལ་རྒྱས་ཐད་གྲུབ་འབྲས་བླངས་པར་གདེང་འཇོག་མཐོན་པོ་བྱས་པར་མ་ཟད། ལས་རིགས་སློབ་གསོ་ཐད་ཀྱི་སྲིད་ཇུས་ཇེ་ལེགས་དང་མ་དངུལ་གྱིས་རྒྱབ་སྐྱོར་བྱས་ཏེ་མུ་མཐུད་དུ་བོད་ཁུལ་དུ་ལས་རིགས་སློབ་གསོའི་འཕེལ་རྒྱས་ཐད་སྐུལ་འདེད་བྱེད་དགོས་པ་བསྟན།
རྟོག་ཞིབ་མཇུག་རྫོགས་རྗེས། ཁྲིན་ཀེ་ཧུའུ་ཡིས་མཉམ་དུ་རྟོག་ཞིབ་ཏུ་ཡོང་བ་ཚོར་སྔར་ལས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དོན་འཁྱོལ་བྱས་ནས། མི་རིགས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཤུགས་བསྣན་ཏེ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས། དེ་མིན་མུ་མཐུད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བ་རྨང་གཞི་བྱས་ཏེ་རིགས་སོ་སོའི་མི་རིགས་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་དགོས་པ་ནན་བཤད་བྱས།

འབྲེལ་ཡོད་འོས་སྦྱོར།