logo

2017ལོའི་འགོ་ཁྲིད་ལས་བྱེད་པའི་མི་སྒེར་གྱི་འབྲེལ་ཡོད་དོན་དག་སྐོར་ནས་སྙན་སེང་ཞུ་བའི་བྱ་བ་སྤེལ།

རྩོམ་པ་པོ།:ཀུན་གྲགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-05-08 ཀློག་གྲངས།:

འགོ་ཁྲིད་ལས་བྱེད་པའི་མི་སྒེར་གྱི་འབྲེལ་ཡོད་དོན་དག་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་བྱས་པ་ནི། འགོ་ཁྲིད་ཀྱི་སྲིད་དོན་གཙང་སྐྱོང་ལ་སྐུལ་འདེད་དང་། འགོ་ཁྲིད་ལས་བྱེད་པའི་དོ་དམ་ལྟ་རྟོག་བྱ་བར་ཤུགས་སྣོན་པའི་ཐབས་ལམ་གལ་ཆེན་ནམ་ལམ་ལུགས་གསར་གཏོད་ཅིག་ཡིན། མཚོ་ནུབ་ཀྱིས་གཟབ་ནན་དང་དོན་དངོས་ལ་གཞིགས་ཏེ་རིམ་བཞིན་2017ལོའི་འགོ་ཁྲིད་ལས་བྱེད་པའི་མི་སྒེར་གྱི་འབྲེལ་ཡོད་དོན་དག་སྐོར་ནས་སྙན་སེང་ཞུ་བའི་བྱ་བ་སྤེལ།
      སློབ་གསོ་ནན་མོ་བྱས་ཏེ་རང་འགུལ་གྱིས་རེའུ་མིག་ཁ་སྐོང་བ་དང་སྙན་སེང་འབུལ་བར་བྱས།
      དྲན་སྐུལ་གྱི་ཡི་གེ་སྟེར་བའི་ཐབས་དང་གཅིག་བསྡུས་སློབ་གསོ་གཏོང་བ་སོགས་ཀྱི་བྱེད་ཐབས་ཀྱིས་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་རྩ་འཛུགས་བྱས་ཏེ་ནན་ཏན་སྒོ་ནསཁྲིམས་སྲོལ་ཁག་གཉིསལ་བསླབས་སུ་བཅུག་པ་དང་། འགོ་ཁྲིད་ལས་བྱེད་ལ་མི་སྒེར་གྱི་འབྲེལ་ཡོད་དོན་དག་གི་སྙན་སེང་འབུལ་རྒྱུ་ནི་ཏང་ནན་སྐྱོང་གི་མཚོན་རྟགས་ཡིན་པས་དུས་ལྟར་ཡར་ཞུ་བྱ་དགོས་པ་གསལ་བོར་བཤད་ཅིང་། གལ་ཏེ་སྙན་སེང་ཕུལ་བ་དོན་དངོས་དང་མིི་མཐུན་པ་ལ་མཇུག་འབྲས་རང་ངོས་ནས་འགན་འཁུར་དགོས་པའང་གསལ་བཤད་བྱས་ལ། གསར་དུ་གཏན་འབེབས་བྱས་པའིབྱེད་ཐབསཀྱིས་གཏན་འཁེལ་བྱས་པའི་སྙན་སེང་ཁ་མི་ཚང་བ་དང་རྫུན་བཟོ། དེ་མིན་བཅའ་ཁྲིམས་ཆད་གཅོད་དང་རྩ་འཛུགས་ཐག་གཅོད་སོགས་ཀྱི་ཤུགས་རྐྱེན་ངན་པ་ལ་ཁ་གསལ་བོའི་སྒོ་ནས་གསལ་འདེབས་བྱས་ཏེ་འགོ་ཁྲིད་ལས་བྱེད་ལ་དོན་དངོས་ཇི་མ་ཇི་བཞིན་འབུལ་དགོས་པའི་སྐུལ་ལྕག་བྱས་པ་དང་། མི་སྒེར་གྱི་འབྲེལ་ཡོད་དོན་དག་སྙན་སེང་ཞུ་བ་ནི་འགོ་ཁྲིད་ལས་བྱེད་ཀྱིས་རང་འགུལ་གྱི་སྒོ་ནས་རྩ་འཛུགས་ཀྱི་དོ་དམ་ལྟ་རྟོག་དང་ལེན་བྱེད་པའི་ངེས་སྦྱོང་སློབ་ཚན་ཡིན་པ་དང་། ཏང་གཤིས་རྩ་དོན་གྱི་བྱེ་བྲག་མཚོན་རྟགས་ཡིན་ལ། མི་སྒེར་གྱི་དོན་དག་རང་འགུལ་གྱིས་སྙན་སེང་ཞུ་བ་དང་རང་འགུལ་གྱིས་ལྟ་རྟོག་དང་ལེན་བྱེད་པའི་མིག་དཔེ་སྟོན་དགོས་པའང་གསལ་བཤད་བྱས།
      གཙོ་གནད་མངོན་གསལ་བྱས་ཏེ་རེའུ་མིག་ཆ་ཚང་བསྐངས།
      སྙན་སེང་འབུལ་འོས་པའི་མི་སྣ་ཡོངས་ཀྱིས་རེའུ་མིག་སྐོང་བར་ཁག་ཐེག་བྱས་པ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཐུགས་ཁུར་ཚད་མེད་གནང་དགོས་པའི་བླང་བྱ་བཏོན་པ་དང་། སེམས་ཞིབ་མོས་རྩ་འཛུགས་བྱས་ཏེ། ཆེད་ལས་མི་སྣ་གཏན་འཁེལ་བྱས་ནས་གཏིང་འཚོལ་དང་དོན་དག་ཡར་ཞུའི་བྱ་བར་འགན་འཁུར་དུ་བཅུག་སྟེ། རྫོང་རིམ་པའི་ལས་བྱེད་ཀྱིས་གཅིག་ཀྱང་མི་ལུས་པར་སྙན་སེང་ཞུ་བ་དང་སྙན་སེང་ཕུལ་བའི་ནང་དོན་ཁ་མི་ཚང་བ་མེད་པར་ཁག་ཐེག་བྱས། ཆེད་མི་མངགས་ཏེ་སྙན་སེང་ཡི་གེ་སྡུད་སྒྲིག་དང་ཞིབ་བཤེར། ཉར་ཚགས་སོགས་བྱ་བར་འགན་འཁུར་དུ་བཅུག་སྟེ་ལེན་མི་རུང་གསུམ་ཡོད་དེ།  ལས་ཁུངས་སོ་སོའི་མི་སྣ་ཁ་མི་ཚང་བ་མི་ལེན་པ། རེའུ་མིག་བསྐངས་པ་ཆ་མི་ཚང་བ་མི་ལེན་པ། འབྲེལ་ཡོད་བླང་བྱ་དང་འགལ་ཞིང་བསྐངས་པ་ཚད་ལྡན་མིན་པ་མི་ལེན་པ་བཅས་སོ། ། དེ་མིན་ལས་བྱེད་པའི་སྙན་སེང་ཡིི་གེའི་དོན་དངོས་རང་བཞིན་ལྡན་པར་གོང་རིམ་འགོ་ཁྲིད་ཀྱིས་ལྟ་ཞིབ་ལམ་ལུགས་ལག་བསྟར་བྱས་པ་དང་། གོང་རིམ་གྱི་ཏང་ཨུའི་དོ་དམ་བྱེད་པའི་འགོ་ཁྲིད་ལས་བྱེད་ཀྱི་སྙན་སེང་ཡི་གེ་ལ་སྡོད་སའི་ས་གནས་ཀྱི་ཏང་ཨུའི་ཧྲུའུ་ཅིས་གཟིགས་ཏེ་མིང་རྟགས་འགོད་དགོས།
      ལྟ་རྟོག་ནན་མོ་བྱས་ཏེ་སྙན་སེང་ཡི་གེ་དུས་ཐོག་ཏུ་སྤྲོད་པར་བྱས།
      གོང་རིམ་རྩ་འཛུགས་དང་སྒྲིག་བཤེར་ལས་ཁུངས་བཅས་ཀྱིས་གསར་དུ་བསྐོ་འཐེན་བྱས་པའི་འགོ་ཁྲིད་ལས་བྱེད་པར་ལས་རྐང་དུ་མ་ཡོང་གོང་གི་ཁ་བརྡ་དང་སྲིད་གཙང་ཁ་བརྡ་བྱེད་པའི་སྐབས་སུ། དུས་ཐོག་ཏུ་མི་སྒེར་གྱི་དོན་དག་སྙན་སེང་བྱེད་པའི་ཐད་ནས་དྲན་སྐུལ་དང་སྐུལ་ལྕག་གནང་སྟེ། རང་འགུལ་དང་གཟབ་ནན་མིན་པའི་གནས་ཚུལ་འབྱུང་བར་ཆུ་མ་ཡོང་གོང་གི་རགས་རྒྱག་ལྟ་བུ་བྱས། དུས་ཐོག་ཏུ་སྙན་སེང་མི་ཞུ་བ་དང་དོན་དངོས་དང་མི་མཐུན་པ། སྦ་གསང་སོགས་མི་སྒེར་གྱིགཤིས་ངན་གསལ་ཐོརུ་བཀོད་དེ། ལས་བྱེད་པ་བསྐོ་འཐེན་གྱི་གཞིར་འཛིན་ས་བྱས་པ་ཡིན། རེའུ་མིག་བསྐངས་པའི་འོས་མཐུན་རང་བཞིན་དང་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ལ་ཤུགས་བསྣན་ཏེ། དོགས་གཞི་ཡོད་པ་ལ་གཏིང་ཟབ་པའི་སྒོ་ནས་ཞིབ་བཤེར་བྱས་ཏེ། གནད་དོན་ཡོད་པ་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་ལ་སྤྲད་དེ་ཐག་གཅོད་བྱེད་དུ་བཅུག་པ་དང་། ཁག་འགན་འཁུར་བའི་སྒྲིག་གཞི་ལམ་ལུགས་བཙུགས་ཏེ། ལས་འགན་ཁུར་བ་ནན་ཏན་མིན་པ་དང་ལྟ་རྟོག་བྱས་པ་མི་འདང་བ་སོགས་ཤུགས་རྐྱེན་ངན་པ་བཟོས་པ་ཡོད་པ་ལ། འགོ་ཁྲིད་གཙོ་བོའི་འགན་འཁྲི་ཞིབ་གཅོད་བྱས།


འབྲེལ་ཡོད་འོས་སྦྱོར།