རང་ཁུལ་གྱིས་འབྲེལ་གསུམ་བྱེད་བདུན་གྱི་བྱ་འགུལ་སྤེལ་མགོ་བརྩམས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2017-02-17
ཀློག་གྲངས།:

རང་ཁུལ་གྱིས་འབྲེལ་གསུམ་བྱེད་བདུན་གྱི་བྱ་འགུལ་སྤེལ་མགོ་བརྩམས་པ།
སྤྱི་ཟླ2པའི་ཚེས13ཉིན།རང་ཁུལ་གྱིས་ཁུལ་ཡོངས་ཀྱི་ལས་ཁུངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་དང་ལས་བྱེད་པ་སྟོང་ལྷག་གཞི་རིམ་དུ་སོང་ནས་འབྲེལ་གསུམ་བྱེད་བདུན་གྱི་བྱ་འགུལ་སྤེལ་བའི་སྐུལ་སློང་གྲོས་ཚོགས་བསྡུས་ནས། ལས་བྱེད་པ་སྟོང་ལྷག་ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་བ་བཞི་བརྒྱ་དང་ཉེར་གསུམ་དུ་མངགས་ནས།སྡེ་བའི་གནས་ཚུལ་དང་མང་ཚོགས་ཀྱི་འདོད་བློར་རྒྱུས་ལོན་བྱེད་པ་དང་། གནས་ཚུལ་དངོས་དང་མཐུན་པའི་འཕེལ་རྒྱས་བསམ་ཕྱོགས་འཚོལ་བ།ཞིང་ཕྱུགས་ལས་ཐད་ཀྱི་ཐོན་འབབ་ཇེ་ལེགས་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་སྐུལ་འདེད་བྱེད་རྒྱུའི་ཐག་བཅད།

ཚོགས་རའི་ཡུལ་དངོས།
རྒྱུས་ལོན་པ་ལྟར་ན། ད་ལོར་ཁུལ་ཡོངས་ཀྱི་འབྲེལ་གསུམ་བྱེད་བདུན་བྱ་འགུལ་གྱི་གཙོ་གནད་དེ་འབྲེལ་འདྲིས་སྟེང་བཞག་ཡོད་པ་དང་སྲོག་ཤིང་བྱེད་པ་བདུན་གྱི་སྟེང་མངོན་པར་བྱས་ཡོད། གཞི་རིམ་དང་མང་ཚོགས།གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱེད་པའི་གོ་རིམ་ཁྲོད་གཞི་རིམ་མང་ཚོགས་ཀྱི་གནས་ཚུལ་དངོས་གཙོར་བཟུང་ནས། གཙོ་བོ་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་དང་བསམ་འཆར་བསྡུ་ལེན་བྱེད་པ།ཉམས་མྱོང་བཟང་བོར་སློབ་སྦྱོང་བྱེད་པ། དངོས་ཐོག་བདེན་འཚོལ་གྱི་རྣམ་པ་དང་དངོས་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས།གནད་དོན་ལ་དབྱེ་ཞིབ་བྱེད་པ་དང་། བྱ་བའི་བསམ་ལམ་འཚོལ་ཞིབ་བྱེད་པ།ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ།འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་བསྐྱེད་རྒྱུ་ཡིན་པ་དང་།གཞི་རིམ་གྱི་གནད་དོན་དངོས་ཐག་གཅོད་པ་གནད་འགག་ཏུ་བྱེད་པ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཚན་ཁག་ལ་རོགས་བྱས་ནས་གཞི་རིམ་དམངས་གཙོ་དོ་དམ་ལ་སྐུལ་འདེད་བྱེད་པ་དང་། གཞི་རིམ་རྩ་འཛུགས་ཀྱི་མཐུན་སྒྲིལ་ནུས་ཤུགས་དང་འཐབ་རྩོད་ནུས་པ་ཇེ་དྲག་ཏུ་བཏང་སྟེ།སེམས་ཤུགས་གཅིག་ཏུ་བསྒྲིལ་བ་དང་། ཚང་མས་འཕེལ་རྒྱས་བརྩོན་པ་དང་ཁྱིམ་ཚང་ཡོངས་འབྱོར་འབྲིང་དུ་སྐྱོད་པའི་རྣམ་པ་གསར་བ་ཆགས་པར་བྱེད་རྒྱུ་རེད།
འབྲེལ་གསུམ་བྱེད་བདུན་བྱ་འགུལ་ཐད་ནས་གྲུབ་འབྲས་ལེན་པར་འགན་སྲུང་བྱེད་ཆེད།ཁུལ་གྱིས་མཐུན་སྦྱོར་མཛུབ་སྟོན་ཚན་ཆུང་དང་ལྟ་ཞིབ་ཚན་ཆུང་།དྲིལ་སྒྲོག་ཚན་ཆུང་། སྒྲོག་འགྲེལ་ཚོགས་པ་བཅས་བཙུགས་ནས།བྱ་བ་སྣ་ཚོགས་ཧུར་ཐག་སྒོས་སྤེལ། རྫོང་སོ་སོ་དང་ཞང་དང་གྲོང་རྡལ་སོ་སོས་ལས་བྱེད་པ་གཞི་རིམ་དུ་སྐྱོད་པའི་བྱ་བའི་གནས་ཚུལ་དེ་གཞི་རིམ་དུ་སྐྱོད་པའི་ལས་བྱེད་པའི་ལོ་ཧྲིལ་བོའི་བྱ་བར་དཔྱད་ཞིབ་བྱེད་པའི་དམིགས་ཚད་གལ་ཆེན་དུ་བྱས་ནས། སྡེ་སྡོད་བྱ་བའི་ཚན་ཆུང་གི་རྩ་འཛུགས་མགོ་ཁྲིད་དང་འཆར་གཞི་འགོད་པ།གནད་དོན་ཐག་གཅོད་པ།ཞིབ་བཤེར་ལག་བསྟར། བྱ་བའི་སྤྱི་སྡོམ་སོགས་ཕྱོགས་ལྔའི་ཐད་ནས་གདེང་འཇོག་དཔྱད་ཞིབ་བྱེད་རྒྱུ་རེད།།