logo

མཚོ་ལྷོ་ཁུལ་གྱི་མགོ་ཁྲིད་ཀྱིས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ལ་འཚམས་འདྲི་བྱས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2016-11-14 ཀློག་གྲངས།:


མཚོ་ལྷོ་ཁུལ་གྱི་མགོ་ཁྲིད་ཀྱིས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ལ་འཚམས་འདྲི་བྱས་པ།

     སྤྱི་ཟླ11པའི་ཚེས12ཉིན་གྱི་ཕྱི་དྲོ། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁུའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་བསོད་ནམས་དོན་གྲུབ།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཝང་ཅན་མེན།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀུན་བཟང་སོགས་ཏང་སྲིད་མགོ་ཁྲིད་པ་དག་ཁུལ་གྲོས་ཚོགས་ལྟེ་གནས་སུ་ཕེབས་ནས།  ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་རྣམས་ལ་སྙིང་ཉེ་ངང་འཚམས་འདྲི་མཛད།
     ཚན་བགར་གྲོས་ཚོགས་ཁང་དུ།  ཀྲང་ཝུན་ཁུའེ་འཁོར་དང་བཅས་པས་ཨུ་ཡོན་རེ་རེར་ཕྱག་འཇུ་གནང་བ་དང་གླེང་མོལ་མཛད་པས།  གྲོས་ཚོགས་ལ་ཞུགས་པའི་ཨུ་ཡོན་རྣམས་དགའ་སྤྲོས་ཁེངས་ཤིང་ཕྱིར་བཀའ་དྲིན་ཞུས།  ཀྲང་ཝུན་ཁུའེ་ཡིས་བཤད་རྒྱུར། "བཅུ་གསུམ་ལྔའི"འཆར་བཀོད་ཁྱོན་ཡོངས་ནས་ལག་བསྟར་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པའི་ལོ་རྒྱུས་ཀྱི་དུས་རིམ་གལ་ཆེན་འདིར།  སྲིད་གྲོས་ཨུ་ཡོན་གྱི་ཕྲག་ཏུ་བབས་པའི་ལས་འགན་ཧ་ཅང་ལྕི་ལ།  ལས་འགན་གཟི་བརྗིད་ལྡན་པ།  འགན་འཁྲི་གནད་ཆེན་ཡིན་པ་ངོས་ཟིན་བྱེད་དགོས་ལ།  གྲོས་ཚོགས་སྐབས་སུ།  ཨུ་ཡོན་ཚོས་སྲིད་གྲོས་ཀྱི་གར་སྟེགས་ཆེན་མོ་འདི་བེད་སྤྱོད་གང་ལེགས་བྱས་ཏེ།  རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་དར་ཆ་གཉིས་མཐོན་པོར་བསྒྲེངས་ནས།  མི་རིགས་མཐུན་སྒྲིལ་བརྗོད་གཞི་ཆེན་པོ་གཉིས་དམ་པོར་བཟུང་སྟེ།  སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོར་གཞི་རྟེན་ས་བྱས་ནས།  ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ།  སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་བྱེད་པ་དང་།  རྒྱལ་གཅེས་རིང་ལུགས་ཀྱི་གཅིག་གྱུར་འཐབ་ཕྱོགས་གོམ་གང་མདུན་སྤོས་སྒོས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ།  རིགས་སོ་སོ་དང་ལས་རིགས་སོ་སོའི་བློ་གྲོས་དང་སྙིང་སྟོབས་གཅིག་ཏུ་བསྡུས་ནས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་དང་ལས་རིགས་སོ་སོ་འཕེལ་རྒྱས་སུ་བཏང་ནས།  རིགས་སོ་སོའི་མང་ཚོགས་ལ་སྔར་ལས་མང་བོའི་བདེ་སྐྱིད་དང་ཁེ་ཕན་བསྩོལ་དགོས་ཟེར།  ཀྲང་ཝུན་ཁུའེ་ཡིས་གསར་དུ་བདམས་པའི་ན་གཞོན་ཨུ་ཡོན་རྣམས་ལ་རྟེན་འབྲེལ་ཞུས་པ་དང་།  གཟི་བརྗིད་ཀྱི་འོས་འགན་ཕྲག་ཏུ་བླངས་ནས།  སྲིད་ཞུགས་སྲིད་གླེང་དང་དམངས་གཙོ་དར་སྤེལ།  བློ་གྲོས་དང་ཤེས་རིག་འདོན་སྤེལ་བྱས་ནས།  རྣམ་པ་གསར་བས་ཁུལ་གྱི་དོན་ཆེན་ལ་གྲོས་བསྡུར་བྱས་ནས་རང་སྐྱོང་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས་ཟེར།
     ཨུ་ཡོན་ཚོས་བསྟན་དོན།  ནན་ཏན་སྒོས་གྲོས་བསྡུར་དང་འདེམས་བསྐོ་ལ་ཞུགས་ནས།  སྲིད་གྲོས་ཀྱི་གར་སྟེགས་ཆེན་མོའི་སྟེང་འགན་འཁྲི་ལག་བསྟར་དང་རང་ཉིད་ཀྱི་ལས་རྐང་སྟེང་དུ་བྱས་རྗེས་འཇོག་པ་དང་རང་སྐྱོང་ཁུལ་གྱི་འཕེལ་རྒྱས་ཁྲོད་ནུས་པ་གང་ལེགས་བཏོན་ནས་ཏང་དང་མང་ཚོགས་ལ་ཡིད་ཚིམ་པའི་བྱ་བ་སྒྲུབ་རྒྱུ་ཡིན་ཟེར།


འབྲེལ་ཡོད་འོས་སྦྱོར།