logo

མང་རྫོང་གིས་གྱོད་སྒྲུབ་བྱ་བར་སྔར་ལས་གྲུབ་འབྲས་གསར་བ་བླངས་པ།

རྩོམ་པ་པོ།:ཚེ་རིང་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-04-06 ཀློག་གྲངས།:
     རྒྱུས་ལོན་པ་ལྟར་ན། སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དྲུག་པའི་ཚུན་ལ། མང་རྫོང་གིས་སྲིད་གྲོས་ཨུ་ཡོན་ཡོངས་དང་སྲིད་གྲོས་ཟབ་ཞུགས་ལས་ཁུངས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ་གྱོད་སྒྲུབ་བྱ་བར་སྔར་ལས་གྲུབ་འབྲས་གསར་བ་བླངས།
     མང་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་གལ་ཆེན་དང་། མང་ཚོགས་ཀྱི་ཐུགས་ཁུར་བྱེད་བཞིན་པའི་དཀའ་གནད་མང་པོར་ཁ་གཏད་ནས། རྫོང་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་གཞི་རིམ་ལ་རྐང་ཚུགས་པ་དང་བརྟག་དཔྱད་ཞིབ་འཇུག་བྱེད་པ། ཧུར་ཐག་གིས་གྱོད་སྒྲུབ་འགན་ནུས་ལག་བསྟར་ནན་མོ་བྱས་པར་བརྟེན། བསྡོམས་པས་གྱོད་གཞི53བསྒྲུབ་པ་དང་། གྱོད་གཞི་བསྒྲུབ་ཚད100%ལ་བསླེབས་ཡོད།
     དེ་མིན་སྲིད་ཇུས་གཏན་འབེབས་དང་འཛུགས་སྐྲུན་འཆར་གཞི་སོགས་ཀྱི་ཚད་བཀག་སོགས་རྐྱེན་སྣ་ཚོགས་ཀྱིས་གནས་སྐབས་སུ་ཐག་གཅོད་མི་ཐུབ་པའི་གྱོད་གཞི5ལ་རྗེས་མར་ལེགས་པོར་བསྒྲུབ་རྒྱུའི་ཕྱིར་ལན་སྤྲད་པར། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་གྱོད་སྒྲུབ་མཇུག་འབྲས་ལ་ཁས་ལེན་གདེང་འཇོག་གང་ལེགས་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།