logo

འབའ་རྫོང་གིས་རིག་གནས་ཚོང་ར་ལ་ཕྱོགས་བསྡུས་ཁྲིམས་བསྟར་ཞིབ་བཤེར་བྱས།

རྩོམ་པ་པོ།:གཅོད་པ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-17 ཀློག་གྲངས།:


འབའ་རྫོང་གིས་རིག་གནས་ཚོང་ར་ལ་ཕྱོགས་བསྡུས་ཁྲིམས་བསྟར་ཞིབ་བཤེར་བྱས།

     གོམ་གང་མདུན་སྤོས་སྒོས་རིག་གནས་ཚོང་རའི་ཚོང་གཉེར་ལམ་ལུགས་ཚད་ལྡན་དང་རིག་གནས་ཐོན་ལས་དར་རྒྱས་སུ་བཏང་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་དང་རིག་གནས་ཚོང་རའི་བདེ་འཇགས་དོན་རྐྱེན་སྔོན་འགོག་བྱས་ཏེ།   ནུས་ཤུགས་ཡོད་རྒུས་མིག་སྔའི་དྲ་ཁང་དང་སྒྲ་གཟུགས་པར་བསྐྲུན་སོགས་པར་བསྐྲུན་དངོས་བོའི་ཚོང་རར་གནས་པའི་གནད་དོན་འབུར་ཐོན་དག་ཐག་གཅོད་བྱེད་པར། ཟླ5བའི་ཚེས11ཉིན་ནས་ཚེས12ཉིན་ལ། འབའ་རྫོང་རིག་གནས་ཚོང་རའི་ཕྱོགས་བསྡུས་ཁྲིམས་བསྟར་རུ་ཆེན་གྱིས་སྤྱི་བདེ་དང་བཟོ་ཚོང་སོགས་སྡེ་ཁག་ལ་མཉམ་འབྲེལ་བྱས་ནས་གཅིག་བསྡུས་རང་བཞིན་གྱིས་ཆེད་དམིགས་ཁྲིམས་བསྟར་ཞིབ་བཤེར་གྱི་བྱ་བ་སྤེལ།
     ཐེངས་འདིའི་གཅིག་བསྡུས་ཁྲིམས་བསྟར་ཞིབ་བཤེར་ལས་འགུལ་ནི། འབའ་རྫོང་སྤྱི་བདེ་དང་བཟོ་ཚོང་། རིག་གནས་སོགས་འབྲེལ་ཡོད་སྡེ་ཁག་གི་ཁྲིམས་བསྟར་མི་སྣས་གྲུབ་པའི་ཁྲིམས་བསྟར་ལས་འགུལ་ཚོ་ཆུང་གིས་གཅིག་གྱུར་སྒོས་མཐུན་སྒྲིག་མཛུབ་སྟོན་བྱས་ནས། གཅིག་བསྡུས་སྒོས་རྫོང་མཁར་གྱི་དྲྭ་ཁང་དང་སྒྲ་གཟུགས་སྒྲིག་ཆས་སོགས་རིག་གནས་ཚོང་གཉེར་ཁག་ལ་ཁྲིམས་བསྟར་ཞིབ་བཤེར་བྱས་ཤིང་། གཙོ་བོ་རིག་གནས་ལས་གཉེར་ཁག་གི་ཁྲིམས་འགལ་སྒྲིག་འགལ་གྱི་ལས་གཉེར་སྤྱོད་སྟངས་ལ་ཞིབ་བཤེར་བྱས་ཏེ།   གོམ་གང་མདུན་སྤོས་སྒོས་རིག་གནས་ཚོང་རའི་ལས་གཉེར་ལམ་ལུགས་འཐུས་ཚང་དང་ཚད་ལྡན་ཏུ་བཏང་། ཕྱོགས་ཡོངས་ནས་བདེ་འཇགས་བགྲོད་ལམ་སོགས་ལ་རྩད་ཞིབ་བཅོས་སྐྱོང་བྱས། གཅིག་བསྡུས་ལས་འགུལ་ཁྲོད། སྡོམ་པའི་ཁྲིམས་འགལ་གྱི་པར་བསྐྲུན་འོད་སྡེར་རྩད་ཞིབ་བྱས་བ་དང་། དྲ་ཁང་གཉིས་ལ་ལས་འཚམས་འཇོག་ཏུ་བཅུག་ནས་དག་ཐེར་བྱས་བ་མ་ཟད། འགན་ཁུར་མི་སྣར་སྐྱོན་བརྗོད་སློབ་གསོ་བཏང་།  
     ཐེངས་འདིའི་ཁྲིམས་བསྟར་ཞིབ་བཤེར་བརྒྱུད་ནས། གོམ་གང་མདུན་སྤོས་སྒོས་འབའ་རྫོང་གི་རིག་གནས་ཚོང་རའི་ལས་གཉེར་ལམ་ལུགས་འཐུས་ཚང་དང་ཚད་ལྡན་ཏུ་བཏང་བ་དང་། གོམ་པ་རྗེས་མར་མཉམ་འབྲེལ་ཁྲིམས་བསྟར་ལས་འགུལ་ཚོ་ཆུང་གིས་སྔར་ལས་ལྷག་པའི་སྒོ་ནས་མཐུན་སྒྲིག་མཉམ་འབྲེལ་ལ་ཤུགས་བསྣན་ནས་བརྡ་འཕྲིན་བརྗེ་རེས་དང་མཐུན་སྒྲིག་ལམ་ལུགས་གསར་སྐྲུན་བྱས་ཏེ། དུས་རྒྱུན་གྱི་ཞིབ་བཤེར་དང་གཅིག་བསྡུས་བཅོས་སྐྱོང་། སྡེ་ཁག་གི་ཁྲིམས་བསྟར་དང་མཉམ་འབྲེལ་ཁྲིམས་བསྟར།   ཁྲིམས་འགལ་ལ་རྡུང་རྡེག་དང་སློབ་གསོ་གཏོང་བ་བཅས་འབྲས་ཡོད་ཀྱིས་ཟུང་ཏུ་འབྲེལ་ནས་གོམ་གང་མདུན་སྤོས་སྒོས་རྫོང་ཡོངས་ཀྱི་རིག་གནས་ཚོང་རའི་ལྟ་རྟོག་ཤུགས་ཚད་རྒྱ་བསྐྱེད་པ་དང་ཁྲིམས་ལྟར་ཁྲིམས་འགལ་སྒྲིག་འགལ་གྱི་ལས་གཉེར་སྤྱོད་སྟངས་ལ་རྡུང་རྡེག་བྱས་ཏེ། འབའ་རྫོང་གི་རིག་གནས་ཚོང་རའི་བདེ་ཐང་དར་རྒྱས་དང་ཚད་ལྡན་གོ་རིམ་ལྡན་པ། བདེ་འཇགས་གཏན་འཇགས་ཀྱི་རྣམ་པར་ཁག་ཐེག་བྱས།


འབྲེལ་ཡོད་འོས་སྦྱོར།